སྙན་ངག《རྒས་ཉམས་ཀྱི་མཛེས་པ》དང་དེའི་དཔྱད་མཆན།

                   རྒས་ཉམས་ཀྱི་མཛེས་པ།

                                                     ཨ་འཇམ།

རིག་གནས་ཤིག   དུས་ཚོད་ཀྱིས་འདེད་ཀྱིན་འདུག
ཁྱོད་ཀྱི་ཞལ་རས་ཀྱང    དུས་ཚོད་ཀྱིས་འདེད་ཀྱིན་འདུག
བདག་གིས་མེ་ཏོག་གི་ངོས་སུ་ཐིགས་པའི  ཟིལ་བར་ལྟ་བཞིན
དབྱར་ཟླ་ཞིག་ལ་ཇུས་འགོད་ཡང་ཡང་བྱས

ལྗོན་ཤིང་སྐམ་པོ་དེ   རྫིང་བུའི་འགྲམ་དུ་ཁེར་ཚུགས་ཀྱིས་འགྲེང་ནས
སྤྲིན་པ་དང་རླུང་བུའི་ན་བཟའ་ནི  བག་ཡངས་ཀྱི་མཛེས་པ་ཞིག་རེད
ད་དུང་ཚིག་གཅིག་ཀྱང་ངག་སྒོར་མ་འཁྲོལ་བའི་གོ་རིམ་ཡང
རྐང་རྗེས་ཤིག་ཏུ་བརྩིས་ཆོག་ནའང  གྱེས་བྲལ་རེ་རེའི་ཁྲོད་དུ
ཁྱོད་ལ་རྒས་ཉམས་གཏན་ནས་མི་འདུག

གནའ་ཤུལ་གྱི་མགོ་བོ་གཟེངས་པ་ནི  སེང་གེ་ཞིག་རེད
ངར་སྐད་ཅིག་ལོ་ཟླས་ཁྱུར་མིད་བཏང་ནའང   ཀྲོང་ངེར་འགྱིང་བ་དེས
ཞི་འཇམ་གྱི་ཁོ་མོ་ཡང   བྲང་གཞུང་ཧ་ཅང་མཐོ་བའི་མེ་དཔུང་སྟེ
ངའི་ལོ་ཐོ་ངོས་སུ་རྒས་པའི   རྨི་ལམ་གསར་བ་ཞིག་ཏུ་གྲུབ་སོང

ད་ལྟ་རི་ལུང་ནི་བརྡ་འཕྲིན་གྱིས་སྦྲེལ་ནའང
རྒས་ཉམས་ཀྱི་འཛུམ་མདངས་ནི   གཙང་འགྲམ་གྱི་རྟ་ཁྱུའི་ཞོགས་སྒྲ་དང་འདྲ་བས
ཁྱོད་ཀྱི་གནམ་སྔོན་པོ་མེ་ལོང་དེ་ཕྱི་བར   བདག་གིས་ཅི་ཞིག་གི་གྲ་སྒྲིག་དགོས
ཁྱོད་དངོས་གནས་ཞི་ཞིང་དུལ་བས་སོ

རྒས་པ་ནི   མཛེས་ཤིང་སྡུག་པ་ཨང
རྒས་པ་ནི་རི་བོ་མཐོན་པོ་ཞིག་རེད
རྒས་པ་ནི་ཆུ་ཀླུང་རིང་མོ་རེད
བདག་ཀྱང  དེ་ལྟར་དབྱར་ག་ཞིག་ལ་འཐིམ་པར་གྱུར
 
                         ༢༠༡༢ ༡༠ ༨  བྲིས།

————————————————-

[དཔྱད་མཆན།]  རས་པ།

སྙན་ངག་འདི་ནི་སྤྱིའི་ཆ་ནས“འཆར་ཡན་”གྱིས་བསྐྲུན་ཞིང་།  འཆར་ཡན་ཁྲོད་ནས་སླར་ཡང་འཆར་སྣང་གི”རྟོག་པའི་འཁོར་བ”ཞིག་ལ་སྡོམ་ཚིག་བཀོད་འདུག་པས་གོ་དཀའ་ལ་བཀླགས་ཀྱང་དཀའ།  རྒས་པ་ནི་མི་སྡུག་པ་ཞིག་ཡིན། ང་ཚོ་སུས་རྣ་བར་ཡང“རྒས་”ཟེར་བ་འདི་ལ་མཛེས་པ་ཞིག་ཡོད་པར་ཡིད་མི་ཆེས། ཡིན་ནའང་། སྙན་ངག་གི་ཁམས་ཆེན་མོ་རུ“རྒས་ཉམས་ཀྱི་མཛེས་པ་”སྟོན་པའི་དུས་སྐབས་ཀྱང་ཡོད་དེ། ཁྱོད་ཀྱིས་སྙན་ངག་འདི་ལས་དེ་དོན་ཚོར་ཐུབ།

སྙན་ངག་འདིར་ཡོད་པའི་རྒས་པའི་དཔེ་ནི“ལྗོན་ཤིང་སྐམ་པོ་”དང་། “གནའ་ཤུལ་”ཡིན་ཞིང་། རྒས་པ་མ་འདྲ་བ་གཉིས་ཀྱི་མཛེས་ཉམས་སྟོན་སྟངས་ཀྱང་ཁྱད་ཆོས་མ་འདྲ་བ་གཉིས་སུ་བཀོད་འདུག  གོང་མ་ནི་ངོས་འཛིན་གྱི་མཛེས་པ་དང་། ཕྱི་མ་ནི་རེ་བའི་མཛེས་པ་རུ་གསལ་ཁ་ཕྱེས་ཡོད་པས་རྒས་པ་གང་ཡིན་ཡང་གསོན་ཤུགས་ཅན་གྱི་ངོར་བཞེངས་ཡོད།

གཅིག་བྱས་ན་སྙན་ངག་འདིས“ཞེ་འདྲིས་”ཀྱི་གོ་རིམ་ཞིག་དང་དུས་ཚོད་སྟོན་གྱི་ཡོད་ཀྱང་སྲིད།  ཧ་ཅང་གབ་སྦས་ཀྱི་རྣམ་པར་བྲིས་པའི་སྙན་ངག་འདིས་ང་ཚོར་འཆར་སྣང་མང་དུ་སྟེར་ཞིང་། ཀློག་མཁན་གྱིས་ཀྱང་བློ་རྒྱ་བསྐྱེད་པའི་ཐབས་ལམ་ལས་སྙན་ངག་འདིར་རོལ་མྱོང་བྱེད་དགོས།  ལྷག་པར་ཏུ་སྙན་ངག་འདིས་འཆར་སྣང་ངམ་བློས་བསླངས་ཀྱི་དངོས་ཆོས་ཇི་སྙེད་ཅིག་སྣང་བརྙན་དུ་བསྐྲུན་ཏེ་ཀློག་མཁན་ལ་རབ་རིབ་སབ་སིབ་ཀྱི་གོ་བརྡ་སྤྲོད་ནའང་། དུམ་མཚམས་རེ་རེའི་སྣང་བརྙན་ནི་རྩོམ་མཁན་རང་ཉིད་ཀྱིས་”རྐང་རྗེས་ཤིག་ཏུ་བརྩིས་ཆོག་ནའང་”ཟེར་བ་དང་། “ངར་སྐད་ཅིག་གིས་ཁྱུར་མིད་བཏང་ནའང་”ལྟ་བུ་བཀོད་སྒྲིག་བྱས་ཏེ། སྣང་བརྙན་རྗེས་ཁྲིད་ཀྱི་ནུས་པ་བཀག་ཡོད་པས་མཐའ་གཅིག་ཏུ་བསྟན་དོན་ཐག་གཅོད་བྱེད་མི་ཐུབ།

གང་གསལ་བོར་ཚོར་བ་ནི་འདི་ལྟ་སྟེ། སྐྱེ་སྟོབས་ཀྱི་ནུས་པ་ཤོར་ལ་ཁེར་རྐྱང་ཡིན་པའི་ལྗོན་ཤིང་(མངོན་མཚོན་ཐ་སྙད་)གིས་རང་བྱུང་གི་སྤྲིན་དང་རླུང་བུ་གོན་པ་(ཡིད་བརྙན་)ནི་རྩོམ་མཁན་གྱིས་བག་ཡངས་ཀྱི་མཛེས་པར་ངོས་འཛིན་གནང་ཞིང་། གོ་རིམ་དེའི་ཁྲོད་དུ་རྒྱུ་རྐྱེན་མ་བརྗོད་པར་རྒས་ཉམས་མེད་པར་ངོས་འཛིན་བྱས་ཡོད་པ་དང་། གཞན་ཞིག་ནི་ལོ་རྒྱུས་ཁྲོད་འདས་ཟིན་པའམ། མཁར་རོ་ལྟ་བུ་ཞིག་གམ། མི་སྣ་གང་རུང་ཞིག་ནི་རྩོམ་མཁན་གྱི་འཆར་སྣང་གིས་སྟོབས་དང་ལྡན་པ་ཞིག་ཏུ་མཐོང་བ་མ་ཟད། རྨི་ལམ་གསར་བ་བསྐྱེད་པའི་བློ་སྟོབས་སམ་ང་རྒྱལ་གྱི་མཛེས་པ་ཞིག་ཏུ་ངོས་བཟུང་།  དཔེ་འདི་ནི་རང་རེ་བར་བཙན་པོའི་མངའ་རིས་ཀྱིས་བློ་སྟོབས་བསྐྱེད་པའི་འཆར་སྣང་དང་ཡང་ཤིན་ཏུ་མཚུངས།  འདི་ལྟ་བུ་ནི་རྩོམ་མཁན་གྱིས་སྙན་ངག་འདིར་མཛེས་པར་ངོས་འཛིན་གནང་སྟེ། མཛེས་པའི་མཚོན་ཐབས་མ་འདྲ་བ་གཉིས་ཀྱིས་གནད་དོན་ལ་བསྡུར་བ་བྱེད་ཀྱི་ཡོད་ཅིང་།  རྒས་པ་དང་མཛེས་པར་འགལ་ཟླ་མེད་པའི་ལྟ་ཕྱོགས་ཤིག་ཀྱང་གསལ་འདོན་བྱས་པ་རེད།

རྩོམ་འདིར་རྩོམ་མཁན་གྱིས་མཛེས་པ་འདི་ལྟ་བུ་ལ་ཡིད་མོས་བསྟན་ཞིང་། རྒས་པ་དེར་བླ་ལྷག་གི་སྨོན་པས་རང་ཉིད་ཀྱང་དེ་རུ་འཐིམ་པར་གྱུར་ཚུལ་གྱི་ཡིད་བྱེད་ཅིག་ཀྱང་མཐོང་འོང་།  དེ་ལས་གཞན་སྙན་རྩོམ་འདིའི་སྤྱི་ཆིངས་ཀྱི་བསྟན་དོན་ཀློག་མཁན་གྱིས་ལེན་ཁག་ཅིང་། ཚིག་འགྲོས་ནག་འདེད་ཀྱིས་སྙན་ངག་གི་མགོ་རྐང་སྒྲིག་པ་ནི་དེང་རབས་སྙན་ངག་ལ་ལན་པོ་ཡོད་མེད་ཀྱང་བཤད་དཀའ་བ་མང་པོས་གསུངས་ཡོད་ལ། སྙན་ངག་འདི་ནི་ཀློག་མཁན་ལ་འཆར་ཡན་སྣ་མང་བསྐྱེད་པའི་ཕུང་པོ་ཞིག་གི་ངོས་ནས་འཇོག་དགོས་པ་ཡང་སྙན་ངག་རང་སྟེང་གི་ཁྱད་ཆོས་ཤིག་རེད།

                                                     ༢༠༡༣།༡༡།༡༣ལ།

                                                                                               རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག《རྒས་ཉམས་ཀྱི་མཛེས་པ》དང་དེའི་དཔྱད་མཆན།

2016-05-09 རས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།