《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》ཅེས་པའི་སྒྲུང་ཐུང་བཀླགས་པ།

རྩེ་སྟོད་འགྱུར་མེད་རྒྱ་མཚོ།(རྩེ་ཁོག) 琼迈文学网 2022-09-03

  《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》 ཅེས་པའི་སྒྲུང་ཐུང་འདི་ནི་བརྩམས་སྒྲུང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལགས་ཀྱི་ཡར་སྔོན་གྱི་བརྩམས་སྒྲུང་དག་དང་མི་འདྲ་བའི་འབྲི་ཐབས་གསར་བ་ཞིག་ཡིན་ལ། སྒྲུང་གི་བློས་བསླངས་དང་ཐབས་རྩལ་གྱི་ཆ་ནས་ཤིན་ཏུ་གྲིམ་པ་དང་མཚར་བའི་ཆ་ཡོད། དེ་ཡང་ཀུན་ལ་རྒྱུས་ཆེ་ཞིང་མོས་འདུན་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་འཚོ་བའི་གནས་ལུགས། སློབ་གསོའི་དགོངས་དོན་སྲོག་ཤིང་དུ་བྱས་པའི་དོན་སྟོན་པ་ཅན་གྱི་བརྩམས་སྒྲུང་གི་རིགས་མ་ཡིན་པར་མིའི་ཚེ་སྲོག་དང་འབྲེལ་བའི་ནང་སེམས་ཀྱི་འཕར་ལྡིང་ལ་གཞོལ་ཡོད་པ་སྟེ། འདོད་པ་བཙལ་ཞིང་མངོན་དུ་མ་གྱུར་བའི་གོ་རིམ་དེ་རྨི་ལམ་ལ་སྦྲེལ་ཞིང་། རྨི་ལམ་ལས་རྣམ་རྟོག་བསླངས་པ་དང་མཚན་མོ་གཅིག་ལ་སྒྱུ་འཕྲུལ་གྱི་འཇིག་རྟེན་གྲུབ་ཅིང་ཚེ་སྲོག་ལ་ཆགས་འཇིག་གི་བགྱི་བ་བྱུང་། སྐབས་འདི་ནི“ མི ”དང་“ མི ”འཕྲད་པའི་གོ་རིམ་དང་། “ མི ”དང“ སྲོག་ཆགས”འཕྲད་པའི་གོ་རིམ། “ མི ”དང“ འདྲེ ”འཕྲད་པའི་གོ་རིམ། “ མི ”དེ“ འདྲེ ”རུ་གྱུར་བ་དང་། “ འདྲེ ”དེ“ མི ”རུ་གྱུར་བ་ལྟ་བུ་སོགས“ མི ”ཞེས་པའི་ཤིན་ཏུ་ལྐོག་གྱུར་གྱི་རིགས་འདི་ལ“ འདོད་པ”ཁོ་ནས་ཉམས་ཚོད་བླངས་ཤིང་“ རྨི་ལམ ”ལས་སྒྱུ་འཕྲུལ་གྱི་འཇིག་རྟེན་ཞིག་གྲུབ་ཡོད་པས། བརྩམས་སྒྲུང་ཞིག་གི་བློས་བསླངས་ནི་རྟོག་བཏགས་དང་སྒྱུ་འཕྲུལ། རྨི་ལམ། ལྐོག་གྱུར། འཇིགས་སྐྲག་སོགས་ཀྱི་ངོས་ཤིག་ལ་འཁྲིད་འགྲོ་བ་དེ་ཡིན། གོང་གི་སྣང་ཚུལ་འདི་དག་ཐབས་རྩལ་གྱི་ཆ་ནས་ཤིན་ཏུ་མཚར་བའི་ཆ་ཐོན་ཡོད་པ་སྟེ། སྒྲུང་གི་ཡུལ་དང་དུས་ཀྱི་ཆ་ནས“ མཚན་མོ ”གཞིར་བཟུང་ཡོད་ལ། ངོ་མཚར་གྱི་ཆ་དེ་ས་རུབ་པ་ནས་ནམ་ལངས་པའི་བར་ཡིན། དུས་འདི་ལས་ད་གཟོད་“ མིའི་ནང་སེམས་ཀྱི་འཇིག་རྟེན ”ལ་དོགས་འདྲི་མཛད་ཡོད་པ་སྟེ། ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག་ཅེས་པ་དེ་ཡང “ མིའི་རྣམ་རྟོག ”དང“ རྨི་ལམ ”ལ་འབྲེལ་ཡོད་པས། ཡང་སྙིང“ མི ”ལ་ངོས་འཛིན་དགོས་པའི་དྲན་ཤེས་ཤིག་གློ་བུར་བརྡོལ།

  ཁ་ཅིག་གིས་བརྩམས་སྒྲུང་འདི་ནི་གཏམ་རྒྱུད་ཀྱི་མགོ་མཇུག་མཐུད་དེ“ རྨི་ལམ ”ཞིག་གི་སྔ་གཞུག་ཙམ་མོ་ཞེས་འོལ་ཚོད་ཀྱིས་ཁ་གདངས་སྲིད་ནའང་། བརྩམས་སྒྲུང་འདིའི་མི་སྣ་དང་བྱུང་རིམ། སྒྲིག་གཞི། སྐད་ཆ་སོགས་ཀྱི་ཐད་ནས་ཤིན་ཏུ་ཉམས་ཐོན་པ་ཅན་དང་གཟུགས་ཅན་བཞིན་དུ་མིག་ལ་ལྷུང་བ་ཞིག་བྱུང་ཡོད། མི་སྣའི་སེམས་ཁམས་ཀྱི་སྟེང་ནས་སྒྱུ་འཕྲུལ་དང་ལྡན་ཡང་བྱུང་རིམ་གྱི་སྟེང་ནས་སེམས་ཁམས་འཛིན་པའི་ཐབས་ཚུལ་བློར་ཤོང་བའི་ངང་ནས་གཟུགས་ཅན་བཞིན་དུ་བསྟན་ཡོད་པས། འདི་ནི་བརྩམས་སྒྲུང་གི་མི་སྣ་དང་བྱུང་རིམ། སྐད་ཆ་སོགས་ལ་ཞུན་བརྡར་ཆོད་ཡོད་པའི་རྟགས་ཤིག་ཏུ་གྲུབ་འདུག ཁྱད་པར་དུ་མི་སྣའི་སེམས་ཁམས་ཀྱི་སྟེང་ནས་མི་སྣ་གསར་བཞེངས་བྱེད་པ་དང་མི་སྣའི་སེམས་ཁམས་ཀྱི་འཕར་ལྡིང་བཟུང་བ་གནད་དུ་ཁེལ་པས། ཀློག་པ་པོ་བརྩམས་སྒྲུང་དུ་གསལ་བའི་མི་སྣའི་སེམས་ཁམས་དང་གཞི་གཅིག་ཏུ་འདྲེས་ཐུབ་ལ་མི་སྣའི་སེམས་ཁམས་དང་མཉམ་དུ་བྱུང་རིམ་གྱི་མཇུག་ཀྱང་རྫོགས་ཐུབ། མི་སྣའི་སེམས་ཁམས་ནི་ཀློག་པ་པོ་རང་གི་སེམས་ཁམས་ཡིན་པ་དང་མཇུག་འབྲས་ནི་རང་གི་སེམས་ཁམས་ཡིན་པ་ལྟ་བུའི་ཚད་དུ་བསྐྱལ་ཡོད་པས། འདི་དག་ནི་མདོར་ན་བརྩམས་སྒྲུང་གི་སྐད་ཆས་མི་སྣའི་སེམས་ཁམས་ཞིབ་འབྲི་བྱས་པས་ཡིན།

  ཡང་ཁ་ཅིག་གིས་སྒྱུ་འཕྲུལ་དང་ལྡན་ལ་མཚར་སྒྲུང་གི་ཆ་ཡོད་པ་ལ་བྱུང་རིམ་གྱི་ངོས་ནས་སྣང་བརྙན་ཅན་འཛིན་དཀའོ་ཟེར་ན། བརྩམས་སྒྲུང་འདིས་མི་སྣའི་སེམས་ཁམས་དང་བསྟུན་པའི་རང་གཤིས་སྲུང་འཛིན་བྱས་པ་ཤིན་ཏུ་དམ་ཞིང་རྩོམ་པ་པོ་རང་གི་སྐད་ཆ་དང་བསམ་བློ་བརྩམས་སྒྲུང་དུ་འདྲེས་ཏེ་མངོན་སུམ་དུ་བསྟན་པ་ཅན་གྱི་རིགས་མ་ཡིན་པར་རྩོམ་པ་པོ་བརྩམས་སྒྲུང་གི་བྱུང་རིམ་ལས་ཕྱིར་བུད་དེ་བརྩམས་སྒྲུང་དུ་གསལ་བའི་མི་སྣ་རང་གི་སེམས་ཁམས་ཀྱི་འགྱུར་བ་དང་བསྟུན་ཏེ་བྱུང་རིམ་གྱི་ངོས་ངོ་མཚར་བའི་ཆ་ལྷུར་བླངས་ཡོད། འབྲི་ཐབས་འདིས་མི་སྣའི་སེམས་ཁམས་དང་མི་སྣའི་སྐད་ཆ་ཞེས་འབྱུང་བཞིན་པའི་བར་ཁྱད་ལ་དབྱེ་བ་འབྱེད་ཐུབ་པ་ལྟར་ཡིན།

  གཞན་བརྩམས་སྒྲུང་འདིའི་སྐད་ཆའི་ཐད་ནས། ཞིབ་འབྲིའི་རྩལ་འཛོམས་ཤིང་ཡུལ་ལྗོངས་དང་མི་སྣའི་སེམས་ཁམས་ཁ་འཕྲོད་པ་ཅན་གྱི་སྐད་ཆའི་མཚོན་སྟོབས་ཆེས་ཆེར་རྫོགས་ཡོད་པས། ཉམས་ཅན་དང་གཟུགས་ཅན་དུ་གཏོང་བར་ནུས་པ་བླ་ལྷག་ཐོན་ཡོད་ལ། ཡུལ་གྱི་ལྗོངས་གང་ཞིག་དམ་ལྷོད་རན་པའི་སྒོ་ནས་བརྩམས་སྒྲུང་གི་མི་སྣའི་སེམས་ཁམས་ཀྱི་རྒྱུན་དང་འགྲོགས་ནས་བྲིས་ཡོད་པས། ཡུལ་ལ་རྒྱུས་ཆེ་ཞིང་ཡུལ་ཅན་གྱི་སྣང་བ་དབང་དུ་བསྡུས་པའི་སྐད་ཆའི་བརྗོད་ཐབས་ལ་བྱང་ཆ་ཆེ་བའི་ཁྱད་ཆོས་མཐོང་ཐུབ། ཁྱད་པར་དུ་ཁོར་ཡུག་དང་ཡུལ་གྱི་ལྗོངས་ཞིབ་འབྲི་བྱས་པ་བྱུང་རིམ་གྱི་རྒྱུན་དང་མཐུན་པས་ཀློག་པ་པོ་ཡུལ་གང་ཞིག་ལ་སླེབས་ཏེ་མི་སུ་ཞིག་དང་འགྲོགས་ནས་དངོས་སུ་སླེབས་པ་ལྟ་བུའི་སྐད་ཆ་སྤྱད་ཡོད། བརྩམས་སྒྲུང་གི་སྐད་ཆའི་བརྗོད་ཐབས་ལ་རིགས་མང་དུ་ཡོད་ཀྱང་སྒྲུང་ཐུང་འདི་ལས་བརྩམས་སྒྲུང་གི་ཡུལ་དུས་དང་མཐུན་ཞིང་ཚིག་གི་བརྡར་གཅོད་དང་སྐད་ཆའི་ཞུན་བརྡར་ཆོད་པའི་ངང་ནས་མིའི་སེམས་ཁམས་ཀྱི་རྒྱུན་དང་དྲན་ཤེས་ལ་ཉེ་བར་བཅར་ཡོད་པས། སྣང་བརྙན་ལྡན་པའི་སྐད་ཆ་དང་སྐད་ཆའི་སྣང་བརྙན་ལ་རོ་བྲོ་ཟད་མི་ཤེས་པ་ཞིག་གནང་ཐུབ། སྐད་ཆ་དེ་ཡང་ཚིག་སྦྱོར་དང་ཚིག་རྩལ་བཟང་བ་ལ་གོ་བ་མ་ཡིན་པར་ཡུལ་གྱི་གཟུགས་དང་ཡུལ་ཅན་གྱི་སེམས་གཉིས་ཀློག་པ་པོའི་ངོར་སྒྱུ་རྩལ་རང་བཞིན་གྱིས་བསྟན་ཡོད་པས། སེམས་ཀྱི་འདུ་འགོད་འཁྲུག་པར་བྱེད་པ་ཞིག་གོ །

  མདོར་ན། སྒྲུང་ཐུང་འདིའི་འགོ་རྩོམ་སྟངས་དང་མཇུག་བསྡུ་སྟངས་ལས་རྩོམ་པ་པོའི་འཆར་ཡན་དང་བསམ་གཞིག་རྒོད་པའི་སྣང་བ་མཐོང་ཐུབ་ལ། འདས་ཟིན་པའི་དོན་གང་ཞིག་ལྷུར་བླངས་ཏེ་བྲིས་པ་ཞིག་ཀྱང་མ་ཡིན་པར་ད་ལྟ་འབྱུང་བཞིན་པའི་དོན་གང་ཞིག་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་ལ་བརྟེན་ཡོད་པས། སྐབས་ཐོག་གི་ཞེ་འདོད་ཅིག་འཕྲལ་དུ་ཕུལ་ན། 《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》ཅེས་པའི་སྒྲུང་ཐུང་འདི་ལས་བརྩམས་སྒྲུང་གི་སྐད་ཆའི་སྣང་བརྙན་ལ་ངེས་ཤེས་སྣ་ཚོགས་ཤིག་བསྐྱེད་ཐུབ་བོ། །

                           2022 ལོའི་ཟླ 9 པའི་ཚེས 3 ལ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》ཅེས་པའི་སྒྲུང་ཐུང་བཀླགས་པ།

2022-09-03 རྩེ་སྟོད་འགྱུར་མེད་རྒྱ་མཚོ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།