སྒྲུང་འབྲིང་«རི་མོའི་ནང་གི་ཨ་ཕ»བཀླགས་པ།

གངས་ཚ་འཇོམས།(མགོ་ལོག) 琼迈文学网 2022-12-11

  “བྱ་བ་ཆུང་ངུ་ཞིག་ནའང་། གཞན་ལ་བཀའ་དྲིན་ཞུ་བ་ནི་མི་ཞིག་གི་ཆེས་མ་མཐའི་བསམ་པའི་ཀུན་སྤྱོད་ཡིན་པའི་གནས་ལུགས་ཟབ་མོ་འདི་ནི་ཨ་ཕས་ང་ལ་བསླབ་པའི་འཇིག་རྟེན་གྱི་གནས་ལུགས་ཐོག་མ་ཡིན། ད་ལྟ་ཞིབ་ཏུ་བསམས་ན། འཇིག་རྟེན་གྱི་གནས་ལུགས་ཐོག་མ་འདི་ངའི་མི་ཚེ་རིང་མོ་ཡི་དོན་སྙིང་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ངས་མ་འོངས་པར་རང་གི་ཕྲུ་གུ་དག་ལའང་ཐོག་མར་གནས་ལུགས་འདི་ཉིད་ཤེས་སུ་འཇུག་དགོས་པའི་གདེང་ཚོད་ཀྱང་རྙེད་བྱུང་།”1

  དཔེ་ཆ་ལག་སོན་བྱུང་དུས་ངས་འགོ་བརྗོད་མ་བཀླགས་པར་སྒྲུང་གི་དབུ་ནས་བལྟས་པ་ཡིན། སྒྲུང་འདིའི་མགོ་བཟུང་སྟངས་ནི་གྲོགས་པོ་ཞིག་གིས་ཧ་ཅང་ཡག་གི་ཟེར་དེ་བས་ངས་ཀྱང་གཟབ་ནན་གྱིས་ག་ལེར་བཀླག་པ་ན་རེ་ཞིག་ང་རང་སྒྲུང་འདིའི་ནང་ནས་ཕྱིར་འབུད་མ་ཐུབ་པར་ཚོགས་ལ་ཤུལ་དུ་ལྷག་ནས་ཕྱག་འགའ་ཤས་འཚལ་དགོས་བྱུང་། དོན་ངོ་མར་ང་ནི་སྒྲུང་འདིའི་རྩོམ་པ་པོ་སྙན་བུའི་སྙན་ངག་དང་ལྷུག་རྩོམ་གཤིས་སྤྱོད་སོགས་ལ་ཆེས་ཆེར་དོ་སྣང་བྱེད་མཁན་ཞིག་ཡིན་པར་མ་ཟད་དགའ་མཁན་ཞིག་ཡིན་ཟེར་ན་མི་ཆོག་པ་ཅི་ཡང་མེད། ད་ནི་ཁོའི་སྒྲུང་རྩོམ་ལའང་དོ་སྣང་མ་བྱེད་རང་བྱེད་དུ་ཆགས་འདུག

  སྒྲུང་འདི་བཀླགས་ནས་དཀྱུས་ལ་སླེབས་དུས་ངས་བསམ་གཞིག་གང་མང་ཞིག་བཏང་མཐར་ང་ལ་ཡང་རི་མོའི་ནང་གི་ཨ་ཕ་ལྟ་བུའི་རྟག་པར་ཡིད་ནས་བརྗེད་མི་རུང་བའི་མི་བཀའ་དྲིན་ཅན་ཞིག་ཡོད། དུས་འགྱུར་རབ་དང་རིམ་པ་བརྒྱུད་མྱོང་ཞིང་ང་ཚོ་ཁྱིམ་མི་ཚོའི་དོན་དུ་སྐུ་ཚེགས་དང་འོ་བརྒྱལ་ཡང་གང་མང་མྱངས་ཡོད་པ་གདོན་མི་ཟ། ཁོང་ནི་ནམ་རྒྱུན་ངོ་གནག་གནག་གིས་བསྡད་དེ་ཁྱིམ་མི་ཚང་མ་ཁོང་ལ་ཧ་ཅང་སྐྲག་ངེས་པར་མ་ཟད་ཁྱིམ་ཚང་གི་བྱ་བ་ཆེ་ཆུང་གང་ཡིན་ཡང་ཁོང་གཅིག་པུའི་ཐག་བཅད་དེ་སྒྲུབ་པ་རེད། ཡིན་ཡང་། “སྡིགས་ནི་མེད་ན་གཅེས་ནི་མེད ”ང་ཚོའི་སྟེང་ལ་སེམས་ནི་ཧ་ཅང་དཀར།

  ངས་ཆུང་དུས་སུ་ཁོང་གི་དཀའ་སྡུག་དང་འགན་ཁུར་ལ་ལུས་ཚེགས་དང་སེམས་ཚེགས་ཅི་འདྲ་ལྕི་བ་བསམ་གཞིགས་བཏང་མ་མྱོང་ལ་ཁྱེད་ཀྱིས་ང་ཚོས་དོན་དུ་འོ་བརྒྱལ་མྱངས་སོང་། བཀའ་དྲིན་ཆེ་ཟེར་ནས་སེམས་ཁུར་གྱི་ཚིག་གཅིག་ཀྱང་བཤད་མ་མྱོང་། ད་ལྟ་བསམ་ན་དེ་དུས་སུ་ང་ནི་དྲིན་ཤེས་དྲིན་དུ་ཤེས་མཁན་ཞིག་མ་ཡིན་ལ་གཞན་གྱིས་རོགས་རམ་ཇི་འདྲ་བྱས་ཀྱང་ཕར་ལ་བཀའ་དྲིན་ཞུ་ཤེས་མཁན་ཞིག་ཀྱང་མ་ཡིན། དེ་བས། དེའི་དུས་སུ་ངའི་གམ་ན་རི་མོའི་ནང་གི་ཨ་ཕ་ལྟ་བུའི་“ང་ཨ་ཁུ་མཁར་བྱམས་ལ་བཀའ་དྲིན་ཞུ་རུ་འགྲོ་བའི་ལམ་བར་དུ། ངས་ད་གཟོད་གཞན་གྱིས་རང་ལ་རོགས་རམ་བྱས་ན། སླར་བཀའ་དྲིན་ཞུ་དགོས་པའི་གནས་ལུགས་རྟོགས་སོང་།”རང་ལ་རོགས་རམ་བྱས་ན། སླར་བཀའ་དྲིན་ཞུ་དགོས་པའི་གནས་ལུགས་རྟོགས་སུ་འཇུག་མཁན་གྱི་ཕ་དྲིན་ཅན་ཞིག་ཡོད་ན་ཅི་མ་རུང་།

  ཞོགས་པ་འདིར། ཕྱི་རོལ་ཏུ་ཆར་བ་འབབ་ནས་མཚམས་འཇོག་ཐུབ་ཀྱིན་མི་འདུག ང་རང་ལས་ཁུངས་ནང་དུ་འགྲོ་བའི་ལམ་བར་ནས་ཆར་གཞའ་ཞིག་གི་ཟོལ་དུ་ནངས་ཇ་སྟབས་བདེ་ཞིག་འཐུང་ཞོར་དེ་བ་ཚང་ནས་ཉིན་གུང་ཡོལ་རག་བར་བསྡད་བཞག ཁ་རོག་གེར་«རི་མོའི་ནང་གི་ཨ་ཕ་»ཀློག་ཞོར་མི་དག་གི་འགྲོ་འདུག་སྤྱོད་གསུམ་དང་སྐད་ཆ་བཤད་སྟངས་སོགས་ལ་བལྟས་ཏེ་སྔ་དྲོ་ཞིག་གི་དུས་ཚོད་འདི་ལྟར་རྫོགས་བཞག ཞོགས་པར་འབབ་ཀྱིན་པའི་ཆར་བ་བཞིན་དྭངས་གཙང་གི་ལྷད་མེད་པའི་སེམས་གཤིས་ཤིག་ང་ཚོ་ལ་བཅོས་མིན་དུ་ཡོད་ན་དེའི་བདེ་སྐྱིད་དེ་ང་ཚོའི་གང་དུ་འཇོག ངས་སྒེའུ་ཁུང་ངོས་སུ་ཆུ་ཐིགས་རེ་རེ་བཞིན་ཟགས་གིན་པའི་ཕྱི་ཡུལ་གྱི་ཆར་བ་འབབ་ཚུལ་ལ་བལྟས་ཀྱིན་བལྟས་ཀྱིན་འདི་འདྲ་ཞིག་བསམ་ནས་མགྱོགས་པོར་ལས་ཁུངས་ནང་དུ་སོང་ནས་སྒྲུང་རྩོམ་འདི་བདེ་ལེགས་ངང་བཀླགས་གྲུབ་པར་བྱས།

  སྒྲུང་འདི་བཀླགས་གྲུབ་ནས་བསམ་བློ་མང་ཙམ་བཏང་བ་ན་ངས་འདི་འདྲ་ཞིག་བསམ་བྱུང་། ང་ཚོ་སུ་ལའང་རི་མོའི་ནང་གི་ཨ་ཕ་ལྟ་བུའི་བཀའ་དྲིན་གཞལ་ཐབས་བྲལ་བའི་མི་བུ་རེ་ཡོད་སྲིད་ལ། དེ་དག་གིས་ང་ཚོའི་འདས་མ་ད་གསུམ་གྱི་བྱ་བཞག་ཀུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་ཞིང་རེ་བཞག་དང་། ཡིད་ཆེས། སྒུལ་ཤུགས་མང་དུ་བསྩལ་མྱོང་བ་བརྗེད་ག་ལ་འོས། མཐའ་མཇུག་ང་ཚོས་བདེ་ལེགས་ངང་ཁོང་ཚོའི་རེ་བ་ག་ཙམ་ལེགས་འགྲུབ་བྱུང་མྱོང་།

  བདག་ལ་མཚོན་ན་སྒྲུང་འདི་ཀློག་པའི་གོ་རིམ་ནི་ཧ་ཅང་མནར་གཅོད་ཀྱི་གོ་རིམ་ཞིག་སྟེ། བདག་གི་ཨ་ཕ་ད་ལྟ་འཇིག་རྟེན་འདིར་བདེ་ལེགས་ངང་འཚོ་བཞུགས་གནང་ཡོད་ཀྱང་སྐྱེས་ནས་ད་ལྟའི་བར་དུ་ཨ་ཕ་དང་མཉམ་དུ་ལྷོད་ལྷོད་ངང་ཇ་ཞིག་འཐུང་བའི་སྐབས་བྱུང་མྱོང་མེད་པས། ངས་སྒྲུང་དེབ་འདི་ཀློག་པའི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་གཏམ་རྒྱུད་དང་མཚུངས་པའི་དོན་དག་རེ་འགའ་མཐོང་བ་དེས་ཨ་ཕ་ལགས་དྲན་ཏེ་སྐབས་ཤིག་ནས་ནང་སེམས་བློང་བློང་བོར་བྱས་བྱུང་།

  སྒྲུང་འདི་བཀླགས་རྗེས་སུ་བྱུང་བའི་རང་ཉིད་ཀྱི་སེམས་ཚོར་དང་ཧ་ཅང་མཐུན་པའི་རྒན་ལྷ་བྱམས་རྒྱལ་གྱི་ཚིག་ཅིག་འདི་རུ་དྲངས་ན“ཁྱེད་ཀྱི་སྒྲུང་གཏམ་ལས་རྩོམ་རིག་གིས་ཆེས་གཅེས་སུ་འཛིན་དགོས་པའི་ལྷག་བསམ་ཟོལ་མེད་དང་། བརྩེ་གདུང་རྣལ་མ། སྙིང་སྟོབས་མཁྲེགས་པོ། ཚོར་བ་འཇམ་པོ་སོགས་རྙེད་སོང་། རྟེན་འབྲེལ་ཞུ། གསར་རྩོམ་ལ་གྲུབ་འབྲས་བླངས་པ་ཁོ་ན་མིན་པར་མི་ཚེ་ལས་འདི་ལྟའི་ངེས་རྟོགས་རྙེད་པར་རྟེན་འབྲེལ་ཞུ། ”མཇུག་མཐར་བོད་སྐད་ཡིག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་རྒན་སྙན་བུའི་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་བའི་སྨོན་ལམ་འདེབས།

            ༢༠༢༢ - ༠༩ - ༠༡ཉིན་གྱི་མཚན་མོར་མགོ་ལོག་ཏུ།
                      ༢༠༢༢ - ༠༩ - ༢༤ཉིན་བསྐྱར་དུ་བཅོས།

མཆན། 1རྩོམ་པ་པོའི་ཐོག་མའི་སྐད་ཆ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲུང་འབྲིང་«རི་མོའི་ནང་གི་ཨ་ཕ»བཀླགས་པ།

2022-12-11 གངས་ཚ་འཇོམས།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།