2023ལོའི་དཔེ་ཀློག་ཟིན་བྲིས།(སྟོད་ཆ)

    མི་ཞིག་ལ་མཚོན་ན་དཔེ་ཀློག་ནི་འཇིག་རྟེན་ཁམས་ལ་བལྟ་བའི་སྒེའུ་ཁུང་ཆེན་པོ་ཞིག་དང་།ཧཱ་ཧྥོ་རྒྱང་ཤེལ་ལས་ཀྱང་ལྡབ་བརྒྱ་ཕྲག་གིས་གསལ་བའི་སྟོང་ཁམས་ལ་བལྟ་བའི་མེ་ལོང་ཆེན་པོ་ཞིག་ཡིན།ལྷག་པར་དུ་ང་ཚོ་དཔེ་ཀློག་ལ་སྤྲོ་བ་ཡོད་པའི་མི་ཞིག་ལ་མཚོན་ན་དེ་ལྟར་ཡིན།འདི་རུ་བདག་གིས2023ལོར་བཀླགས་པའི་དཔེ་ཆ་དག་ཐེངས་འདིའི་སྐབས་ཉེར་བརྒྱད་པའི་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོར་བཀྲ་ཤིས་པའི་ལྷ་རྫས་ཤིག་གི་ཆེད་དུ་ཕུལ་ཡོད་པས།རྣམ་པ་ཚོས་རང་གི་ཐུགས་འདུན་དང་མཐུན་པར་ཟུར་ལྟ་བྱེད་རྒྱུ་མཁྱེན།

  1《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་བཞུགས་སོ།》གླེགས་བམ1–12བཞུགས། སྟོན་པ་ཤཱཀྱ་ཐུབ་པས་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོའི་པར་མ།

  [ནང་དོན་གནད་བསྡུས།]འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ཞེས་བྱ་བ་འདི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་བྱ་རྒོད་ཕུང་པོའི་རི་དང་རྒྱལ་པོའི་ཁབ་སོགས་སུ་བྱང་ཆུང་སེམས་དཔའི་དགེ་འདུན་རྣམས་དང་།ཤཱ་རིའི་བུ་དང་།རབ་འབྱོར།བརྒྱ་བྱིན་སོགས་ལ་ཟབ་མོ་སྟོང་བ་ཉིད་ཀྱི་ཆོས་དྲིས་ལན་གྱི་ཚུལ་དུ་གསུངས་པ་ཞིག་ཡིན།སྤྱིར་ཤེར་ཕྱིན་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་རྒྱས་པ་འབུམ་དང་འབྲིང་བ་ཉི་ཁྲི།བསྡུས་པ་འཕགས་པ་བརྒྱད་སྟོང་བ་གསུམ་དུ་བཤད་ཅིང་།ཤེར་ཕྱིན་གྱི་མདོ་རྒྱས་པ་འདིར་ཤོ་ལོ་ཀ་འབུམ་ཡོད་པས་ན་འབུམ་ཞེས་བྱའོ།དེ་ཡང་《བཀའ་ཐང་སྡེ་ལྔ།》ལས“རྒྱས་པ་འབུམ་ལ་ཤོ་ལོ་ཀ།ཚེག་བར་དགུ་ཡིས་བཅད་པའི་ཚིག་རྐང་ནི།།ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག་ཟེར།།དེ་བས་ཤོ་ལོ་ཀ་འབུམ་ཡོད་པའི་ཕྱིར།།བརྗོད་བྱ་རྒྱས་པ་འབུམ་ཞེས་བྱ།།སྟོང་ཕྲག་བརྒྱ་ནི་ཡོད་པའི་ཕྱིར།།སྟོང་ཕྲག་བརྒྱ་བ་ཞེས་བྱའོ།།ལེའུ་བདུན་ཅུ་རྩ་གཉིས་ཡོད།།བམ་པོ་སུམ་བརྒྱ་ཤད་ནི་སུམ་འབུམ་ཡོད།།ཚེག་ནི་བྱེ་བ་བཞི་དང་འབུམ་ཡོད་དོ།།དེ་ནི་ཆོས་ཀྱི་ངེས་ཚིག་གོ་བ་ལོང་།།ཞུས་པའི་དོན་ནི་ཉིས་བརྒྱ་ལྔ་བཅུ་ཡོད།།དབྱེ་ན་རྣམ་གྲངས་བཅུ་གཉིས་ཡོད།།ཞུ་བ་པོ་ནི་བརྒྱད་ཡོད་དོ།།ཤེས་རབ་ཅན་གྱི་མཆོག་གྱུར་བ།།ཤཱ་རིའི་བུ་ཡིས་གཉིས་ཞུས་སོ།།འདྲི་ཞིང་ལན་འདེབས་མཆོག་གྱུར་བ།།རབ་འབྱོར་གྱིས་ནི་བཞི་ཞུས་སོ།།བྱམས་བུ་གང་པོས་གཅིག་ཞུས་སོ།།འཕགས་པ་བྱམས་པས་གཅིག་ཞུས་སོ།།ལྷ་དབང་བརྒྱ་བྱིན་གཉིས་ཞུས་སོ།།ཆོས་འཕགས་དང་ནི་རྟག་ཏུ་ངུ་།།གཉིས་ཀྱིས་སྤྱི་ལ་གཅིག་ཞུས་སོ།།དེ་ལྟར་རྐང་གྲངས་བཅུ་གཉིས་སོ།།”[1]ཞེས་གསུངས་པ་ལྟར་ལ།ཀྲུང་གོའི་བོད་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་བཀའ་བསྟན་དཔེ་བསྡུར་མའི་ཁྲོད་ཀྱི་འབུམ་རྒྱས་པ་འདིར་བམ་པོ་ཉེར་ལྔ་དང་ལེའུ་བདུན་ཅུ་རྩ་གཉིས་བཞུགས་སོ།།

  2《བཀའ་ཐང་སྡེ་ལྔ་།》ཤོག་ངོས539བྱོན། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན། མི་རིགས་དཔེ་སྐྲུན་ཁང་། 1989ལོའི་པར་ཐེངས་གསུམ་པ།

  [ནང་དོན་གནད་བསྡུས།]བཀའ་ཐང་སྡེ་ལྔ་ཞེས་པ་ནི་ལྷ་འདྲེ་བཀའི་ཐང་ཡིག་དང་།རྒྱལ་པོ་བཀའི་ཐང་ཡིགབཙུན་མོ་བཀའི་ཐང་ཡིགལོ་པཎ་བཀའི་ཐང་ཡིགབློན་པོ་བཀའི་ཐང་ཡིག་བཅས་ལ་ཟེར།དེབ་འདི་ནི་སྡེ་དགེའི་པར་མ་ཞིག་གཞིར་བཟུང་ནས་བསྒྲིགས་པ་ཡིན་འདུགམི་རིགས་དཔེ་སྐྲུན་ཁང་གི་དཔེ་སྐྲུན་གསལ་བྱེད་ལས་གསལ་བ་ལྟར།སྤྱི་ལོའི་དུས་རབས་བརྒྱད་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཨོ་རྒྱན་པདྨ་འབྱུང་གནས་བོད་དུ་བཞུགས་རིང་གི་མཛད་པ་བཅུ་གཅིག་སྟེ།ལྷ་འདྲེ་བཀའ་ཐང་གི་འགོར།“འགྲོ་དོན་དྲུག་མཛད་བརྒྱད་ལྔ་ཆེ་བ་མཛད།།ལྷ་འདྲེ་འདུལ་མཛད་གཙུག་ལག་ཁང་བཞེངས་མཛད།།སྦྱོར་སྒྲོལ་གཉིས་མཛད་མནན་བསྲེག་འཕང་གསུམ་མཛད།།དུས་བཞི་མཁྱེན་མཛད་བསྟན་ཞབས་གཏེར་སྐྱོང་མཛད།།རྒྱ་བོད་དྲིན་ཆེ་གང་ལ་གང་འདུལ་མཛད།།ཞེས་བཀོད་པ་ལྟར་གྱི་མཛད་པ་རྣམས་དང་།གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་ཚུལ།ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་གྲོལ་ཚུལ།འཁོར་ལོས་སྒྱུར་རྒྱལ་ཇི་ལྟར་བྱོན་ཚུལ།བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་ཚུལ།ཕྱི་ནང་ཐེག་པ་ཇི་ལྟར་གསུངས་ཚུལ།ཞུ་དང་སྡུད་པོ་ཇི་ལྟར་བྱོན་ཚུལ།བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་ཚུལ།ལོ་པཎ་སྐྱེས་བུ་ཇི་ལྟར་བྱོན་ཚུལ།བོད་དུ་དམ་ཆོས་ཇི་ལྟར་དར་ཚུལ།སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་ཚུལ།རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་ཚུལ།རྒྱལ་བརྒྱུད་གཙུག་ལག་ཁང་ཆེན་བརྩིགས་ཚུལ།སྲོང་གི་བང་སོ་ཇི་ལྟར་བཏབ་ཚུལ།བཞེངས་པའི་ལྷ་ཁང་ཇི་ལྟར་བཞེངས་ཚུལ།བཞུགས་པའི་སྐུ་མཁར་ཇི་ལྟར་བརྩིགས་ཚུལ།བཀའ་ཡི་ནན་ཐག་ཇི་ལྟར་བསྡམས་ཚུལ།རྩིས་ཀྱི་རྡོ་རིང་ཇི་ལྟར་བསླངས་ཚུལ།མ་འོངས་རྒྱལ་རྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ།མཐའ་མའི་དུས་སུ་ཇི་ལྟར་འབྱུང་ཚུལ་རྣམས་དང་།གཞན་ཡང་བློན་པོའི་འབྱུང་ཁུངས་བཤད་པ་དང་།སྟོང་སྡེའི་དམག་རྟ་དཔྱད་པ།ཆོས་ཁྲིམས་བཅས་པ།རྒྱལ་ཁྲིམས་བཅས་པ།འབངས་ཀྱི་སྤྱི་ཚིས་བཅས་པ།རྒྱལ་པོ་དང་།བཙུན་མོ།ལོ་པཎ།བློན་པོ།འབངས་མི་བཅས་ཀྱི་སྤྱོད་ཚུལ”སོགས་སྐབས་དེའི་ལོ་རྒྱུས་ཀྱི་དཔྱད་གཞི་མང་པོ་ཞིག་ཕྲེང་བར་བསྟར་ཡོད་པས་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་དོ།།

  3《མཚམས་སྤྲིན་ཁྲོད་ཀྱི་ཨ་མ་ཇོ་མོ》ཤོག་ངོས139བྱོན། རྡོ་སྦིས་ཚེ་རིང་ནོར་བུས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས]འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས“སྨིན་དྲུག”“བོད་ཀྱི་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས”སུ་བསྡུས་པའི་སྒྲུང་འབྲིང་ཞིག་ཡིན།ནང་དོན་གྱི་ཆ་ནས་མཚོ་ཤར་ཞིང་ལས་ས་ཁུལ་གྱི་འཚོ་བ་མཚོན་པར་བྱས་ཡོད།གཏམ་རྒྱུད་འདིའི་མི་སྣ་གཙོ་བོ་ཨ་མ་འབྲུག་མོ་བྱམས་ཀྱི་ཕ་རྒན་ཀླུ་འབུམ་བཀྲིས་ཚེ་ལས་འདས་པ་དང་།ཁྱོ་བོ་ཚེ་འབུམ་རྒྱལ་ཡང་རྒྱུན་ཏུ་ཆང་འཐུང་ཞིག་ཏུ་གྱུར་ཏེ།བར་སྐབས་ཤིག་ནས་བཟུང་ཡོང་རྒྱུ་མེད་པར་གྱུར།མོས་ཁྱིམ་ཚང་གང་པོའི་འགན་འཁྲི་ཡོད་ཚད་དང་དུ་བླངས་ཏེ།བུ་སྟག་ལྷ་འབུམ་དང་བུ་མོ་གཉིས་ཀ་བྱམས་དང་བརྩེ་བས་གཅེས་པར་བསྐྱངས།རིམ་བཞིན་ལོ་ཟླའི་འགྲོས་དང་བསྟུན་ནས་བུ་མོ་གཉིས་ཀ་འཕྲོ་རིམ་འཕྲོར་གནས་ལ་སོང་བ་དང་།བུ་སྟག་ལྷ་འབུམ་ལ་འང་ཆུང་མ་བསུས།ཡིན་ནའང་སྟག་ལྷ་འབུམ་གྱིས་ཁྱིམ་ཚང་གི་བྱ་བར་ཁ་ཡ་ཙམ་ཡང་མི་བྱེད་པར་འགྲོ་ཡང་འདུག་ཐབས་བྱས་པས་ཁྱིམ་ཚང་གི་དཀའ་ངལ་ཡོད་ཚད་སྔར་བཞིན་ཨ་མ་འབྲུག་མོ་བྱམས་ཁོ་ནའི་མགོར་ལྷུང་།ལོ་ཟླའི་འགྲོས་དང་བསྟུན་ནས་ཨ་མ་འབྲུག་མོ་བྱམས་དང་མནའ་མའི་བར་ལ་དེ་འདྲ་མཐུན་པོ་མེད་པའི་གནས་ཚུལ་བྱུང་ཞིང།སྟག་ལྷ་འབུམ་མཐའ་གཅིག་ཏུ་ཆུང་མའི་ཕྱོགས་ནས་ལངས།མནའ་མ་ཚེ་གཟུངས་སྐྱིད་ཀྱི་བྱིས་པ་ལེགས་ཉེས་སུ་སོང་བ་དེ་ཡང་ཨ་མ་འབྲུག་མོ་བྱམས་ཀྱི་མགོར་འདེད་པ་སོགས་ཁྲེལ་མེད་ཀྱི་བྱ་བ་མང་པོ་བྱས་མཐར།ཨ་མ་འབྲུག་མོ་བྱམས་ཇོ་མོ་བྱས་ཤིང་།མཚན་ལ་མ་ཎི་ཀུན་བཟང་ཆོས་སྒྲོན་གསོལ་ཏེ།ལྷ་ས་སོགས་སུ་མཇལ་སྐོར་དང་འཁྱམས་སྡོམ་གྱི་འཚོ་བས་ཚེ་མཇུག་བསྐྱལ།མཇུག་མཐར་མནའ་མ་ཚེ་གཟུངས་ནད་ཀྱིས་བཟུང་བ་ཐོས་རྗེས་ཀྱང་བུ་མོ་ཆུང་བ་མཚོ་སྐྱིད་ལ།མནའ་མ་ཁྱོད་གཉིས་ཀྱི་ཁྲག་རྒྱུད་མཐུན་པས་ངེས་པར་དུ་མཁལ་མ་ཡ་གཅིག་སྦྱིན་ཏེ་རོགས་རམ་བྱེད་དགོས་ཞེས་མི་སེམས་དྲོན་མོ་བསྟན།སྟག་ལྷ་འབུམ་དང་མནའ་མ་ཚེ་གཟུངས་གཉིས་ཀྱིས་ཁོ་མོར་མི་ཁ་དང་མནར་གཅོད་ཇི་འདྲ་ཞིག་བཏང་ཡང་མོས་དེར་ཁ་ཡ་མི་བྱེད་པ་མ་ཟད།ད་དུང་བྱམས་ལྡན་ཨ་མ་ཞིག་གི་སྙིང་རྗེ་དང་བྱམས་བརྩེ་དེ་སྒོམ་བཞིན་རྨ་ཆེན་གངས་འདབས་ཤིག་ནས་ཕྱི་མར་གཤེགས།

  4 གངས་ལྗོངས་བྱིས་པའི་འཚོ་བ《གྲོང་གསེབ་ཀྱི་གུང་གསེང་།》ཤོག་ངོས92བྱོན། ཚེ་རིང་ནོར་བུས་བརྩམས། དབུ་ལེ་དབང་རྒྱལ་ཚེ་རིང་གིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022ལོའི་པར་མ།

  [ནང་དོན་གནད་བསྡུས།]《གངས་ལྗོངས་བྱིས་པའི་འཚོ་བ།》ཞེས་པའི་དེབ་ཕྲེང་འདིའི་ཁག་དང་པོ་ནི་རྒྱ་ཡིག་གི་ལམ་ནས་གསར་རྩོམ་གནང་བཞིན་པའི་བོད་རིགས་རྩོམ་པོ་གྲགས་ཅན་ཚེ་རིང་ནོར་བུས་བརྩམས་ཤིང་།2016ལོར་ཨན་ཧའེ་ན་ཆུང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དེབ་བཞིའི་བདག་ཉིད་ཅན་གྱི་བྱིས་སྒྲུང་དཔེ་ཚོགས་ཤིག་ཡིན།ཉེ་ཆར《གངས་རྒྱན་ན་ཆུང་ཚགས་པར》ཁང་གིས་དབུ་ཁྲིད་དེ་དབུ་ལེ་དབང་རྒྱལ་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར་གནང་མཛད།《གྲོང་གསེབ་ཀྱི་གུང་གསེང་།》ཞེས་པའི་དེབ་ཆུང་འདིའི་ནང་།སློབ་གྲོགས་བསྟན་ཕུན་གྱིས་གུང་གསེང་སྐབས་སུ་གློག་བརྙན་ལ་བལྟ་བ་དང་རོལ་རྩེད་གླིང་གར་རྩེ་རུ་འགྲོ་བ།ཤོག་བྱ་སྦུར་བ།གློག་ཀླད་རྩེ་བ་སོགས་འཆར་གཞི་མང་པོ་ཞིག་འཐེན་གྱིན་འདུགཡིན་ན་འང་ཁོའི་ཨ་ཕས་ཁོའི་བསམ་འཆར་དེ་དག་ལ་ཁ་ཡ་མ་བྱས་པར་ཞིང་ཕྱུགས་དང་སྐྱེ་ཁམས་གཙོ་བྱས་པའི་གྲོང་གསེབ་ཀྱི་འཚོ་བ་ཉམས་སུ་མྱོང་བར་ཁོ་རང་གི་ཕ་ཡུལ་ཚེས་གསུམ་གྲོང་ཚོར་བསྐྱལ་ཏེ།དེ་གའི་འཚོ་བ་ཉམས་སུ་མྱོང་བར་བྱས་ཤིང་།ཕྱིར་ལོག་ཁར་བསྟན་ཕུན་ལ་ཕ་ཡུལ་གྱི་བག་ཆགས་དང་འདུ་ཤེས་ཟབ་མོ་ཆགས་པའི་སྐོར་ཡིན།

  5《བུ་མོར་སྤྲིངས་པའི་འཕྲིན་ཡིག40》ཤོག་ངོས293བྱོན། ཝུའུ་ཅུན་གྱིས་བརྩམས། བྱང་གྲོལ་གྱིས་བསྒྱུར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2023ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་འབུམ་རམས་པ་སྐུ་ཞབས་ཝུའུ་ཅུན་གྱིས་ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་བཞིན་པའི་རང་གི་བུ་མོ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག་བཞི་བཅུ་རེད།དེབ་འདི2018ལོའི་ཟླ་བཅུ་གཅིག་པར་ཀྲུང་ཞིན་དཔར་སྐྲུན་སྡེ་ཚོགས་ཀྱིས་པར་སྐྲུན་བྱས་ཤིང་།2019ལོར་རྒྱལ་ནང་གི་ཆེས་བྲིན་པའི་དེབ་བཅུའི་གྲས་སུ་ཚུད།བརྗོད་དོན་གཙོ་བོ་ནི་མི་ཚེའི་མཚན་ཉིད་རིག་པ་དང་འཇིག་རྟེན་དཔྱོད་པའི་བློ་མིགརྒྱུ་དང་ནོམ་པའི་ལྟ་སྟངས།མི་དང་མིའི་འབྲེལ་བ།དོན་དང་ལྡན་པའི་ཐོས་བསམ།འཇིག་རྟེན་མི་ཆོས་སྙིང་བོ་སོགས་ལེའུ་ཆེན་པོ་དྲུག་གིས་གྲུབ་པར་བྱས་ཤིང་།རང་གི་ཉམས་མྱོང་རྣམས་རང་གི་བུ་མོ་གཉིས་ལ་བརྩེ་བས་གདམས་པར་མ་ཟད།འཛམ་གླིང་ཤར་ནུབ་གཉིས་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་རིག་གནས་མཁའ་དབུགས།སོ་སོའི་མི་གཤིས་སོགས་ངོས་མི་འདྲ་བ་ནས་བློ་སེམས་བརྟན་པོར་ཚུགས་པ་དང་མི་གཤིས་ལེགས་པར་འཛིན་པ།རྒྱུ་ནོམ་སྤྱོད་ཤེས་དང་ཐོས་བསམ་དོན་ལྡན།མི་ཆོས་བསླབ་བྱ་ལེགས་པར་ཉན་དགོས་ཚུལ་སོགས་དུས་རབས་གསར་བའི་ལམ་ཁ་དང་མཐུན་པ།ན་ཆུང་གཞོན་ནུའི་བློ་ཁ་དང་འཚམས་པའི་སེམས་དཀར་ཁ་བརྡ་མང་པོ་བྱས་ཡོད་པས་བརྗོད་བྱ་རྒྱ་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པའི་མ་བཀླགས་ཚད་མེད་ཀྱི་བསྟན་བཅོས་ཤིག་ཏུ་མཐོང་།

  6《དཔའ་བར་འགྲོ་བའི་མདོ།》ཤོག་ངོས། 650བྱོན།གཙོ་སྒྲིག་པ། ཁཱ་ཤེས་རབ་རྒྱ་མཚོ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།2021ལོའི་པར་མ།

  [ནང་དོན་གནད་བསྡུས།]མདོ་འདིའི་མཚན་ཆ་ཚང་ལ《གོང་མ་ཆན་ལུང་རྒྱལ་པོས་བསྒྱུར་བར་མཛད་པའི་དེ་བཞིན་གཤེགས་པའི་གསང་བ་བསྒྲུབ་པའི་དོན་མངོན་པར་འཐོབ་པའི་རྒྱུ།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ།སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཅུ་བ་བཞུགས་སོ།།》ཞེས་ཞུ་ཞིང་།ཆན་ལུང་ལྷ་སྐྱོང་རྒྱལ་བོས་གོང་མའི་དབུ་བླ་ལྕང་སྐྱ་ཧུ་ཐོག་ཐུ་དང་ཧྥུ་ནའེ་སོགས་ལ་བཀའ་འཁྲོལ་བ་དེ་བཞིན་རྒྱ་ནག་སྐད་ནས་བོད་སྐད་དུ་བམ་པོ་རེ་རེ་ལས་བགོས་ཀྱིས་བསྒྱུར་པ་གོང་མ་རང་ནས་མ་ཡིག་དང་བསྡུར་ཏེ་ཕྱི་བཤོལ་མེད་པར་བཅོས་ཤིང་ཐེ་ཚོམ་ཟ་བའི་རིགས་ཡོད་པ་ལྕང་སྐྱ་ཧུ་ཐོག་དང་གྲོས་བསྡུར་གྱིས་ཐག་བཅད་དེ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ1752ལོ་ནས་ཆུ་ལུག1763ལོའི་བར་རྫོགས་པར་བསྒྱུར་བ་དང་།གོང་མ་ཆན་ལུང་སྐུ་གཤེགས་ནས་ལོ་བཅོ་ལྔ་འགོར་བའི་སྤྱི་ལོ1814ལོར་ཤིང་བཟའ་བློ་བཟང་དར་རྒྱས་རྒྱ་མཚོས་རྭ་རྒྱའི་བཀའ་འགྱུར་པར་བརྐོས་ཀྱི་དབུ་བཙུགས་ནས་དཔའ་བར་འགྲོ་བའི་མདོ་འདི་བོད་ཀྱི་བཀའ་འགྱུར་པར་གཞིའི་ཁྲོད་དུ་ཐོག་མར་བཀོད་པ་ཞིག་ཡིན་འདུགནང་དོན་གྱི་ཆ་ནས་མདོ་རང་ལས་བསྟན་པ་ལྟར“ཆོས་འདི་དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི་གདུགས་དཀར་པོ་ཅན་བླ་ན་མེད་པའི་རིན་པོ་ཆེའི་ཕྱག་རྒྱ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་རྣམ་པར་དག་པའི་རྒྱ་མཚོའི་སྤྱན་ཞེས་བྱའོ།།ཡང་ཉེ་དུ་བསྲུང་ཞིང་སྐྱོབ་ཅིང་ཀུན་དགའ་བོ་དང་འཁོར་འདུས་པ་འདིའི་རང་བཞིན་གྱི་དགེ་སློང་མ་བཏུལ་ཅིང་ཐར་བར་བྱས་ནས་བྱང་ཆུབ་ཀྱི་སེམས་ཐོབ་སྟེ་ཡང་དག་པར་རྫོགས་པའི་རྒྱ་མཚོར་འཇུག་པར་བྱ་བའི་ཆོས་ཞེས་བྱ།།ཡང་དེ་བཞིབ་གཤེགས་པའི་གསང་བའི་རྒྱུ་མཐར་ཐུག་པའི་དོན་སྦྱོང་བའི་ཚུལ་གྱིས་གསལ་བར་བྱེད་པའི་ཆོས་ཞེས་བྱ།།ཡང་ཤིན་ཏུ་རྒྱས་པ་པདྨོ་དམ་པའི་རྒྱལ་བོ་ཕྱོགས་བཅུའི་རྒྱལ་བའི་ཡུམ་གྱི་གཟུངས་སྔགས་ཀྱི་ཆོས་ཞེས་བྱའོ།།ཡང་དབང་བསྐུར་བའི་ཚིག་

  བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ་དཔའ་བར་འགྲོ་བའི་ཆོས་ཞེས་བྱའོ།།”[2]ཞེས་གསུངས་པ་ལྟར་མདོ་འདི་ལ་མཚན་གྱི་རྣམས་གྲངས་མང་པོ་ཞིག་ཡོད་ཅིང་།གཙོ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་ལ་ཇི་ལྟར་དཀྲི་བའི་ལམ་གྱི་རིམ་པ་དང་ཆོས་ཀྱི་དེ་ཁོ་ན་ཉིད་རྒྱས་པར་བསྟན་འདུག

  དེབ་འདིའི་ཟུར་བཀོད་ཀྱི་ཚན་པར་ད་དུང་གོང་མ་ཅ་ཆིང་གིས་རྭ་རྒྱ་དགོན་པར་གནང་བའི་མཚན་བྱང་ཤོག་དྲིལ་དང་།དཔའ་བར་འགྲོ་བའི་མདོའི་གཟུངས།ཨ་རིག་དགེ་བཤེས་ཆེན་མོའི་གསོལ་འདེབས།དཔའ་བར་འགྲོ་བའི་མདོའི་གཟུངས་ཤན་སྦྱར་མ།ཤིང་བཟའ་པཎྜི་ཏའི་གསོལ་འདེབས།དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་སོགས་བཀོད་འདུག

  7 གངས་ལྗོངས་ཀྱི་བྱིས་པའི་འཚོ་བ།《ངོ་མཚར་བའི་ཕོ་ལོ་བཅུ་གསུམ།》ཤོག་ངོས89བྱོན། ཚེ་རིང་ནོར་བུས་བརྩམས། དབུ་ལེ་དབང་རྒྱལ་ཚེ་རིང་གིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2022ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདི་ཡང་2016ལོར་ཨན་ཧའེ་ན་ཆུང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དེབ་བཞིའི་བདག་ཉིད་ཅན་གྱི་བྱིས་སྒྲུང་དཔེ་ཚོགས་དེའི་གྲས་ཀྱི་གཅིག་ཡིན།ཉེ་ཆར《གངས་རྒྱན་ན་ཆུང་ཚགས་པར》ཁང་གིས་དབུ་ཁྲིད་དེ་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱས།དེབ་ཆུང་འདིའི་ནང་དུ་བྱིས་པ་གཡུལ་རྒྱལ་གྱིས་གསེར་རྒྱན་རྩྭ་ཐང་ནས་ཕྱུགས་འཚོས་ནས་ཡོད་སྐབས་ལྷ་དམག་མང་པོ་བྱོན་པའི་འཁྲུལ་སྣང་བྱུང་བ་དང་།ཚ་ཞང་འདན་མ་བྱང་ཁྲ་ཡིན་ཟེར་བ་ཞིག་གིས་གེ་སར་རྒྱལ་པོའི་སྒྲུང་བཤད་པར་བསྐོས་པ་སོགས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཀློང་དུ་འབྱམས།ཐང་སྟོང་ནས་ཉིན་ཞག་གཉིས་ལ་འགུལ་རྒྱུ་མེད་པར་ལུས་པ་དང་ཚ་ཞང་འདན་མ་ཡོང་ནས་ཕྱག་གིས་རྡེག་ཙམ་བྱས་པས་འཆིང་བ་ལས་གྲོལ་ཏེ་ཕྱིར་རང་གི་ཚོ་བར་ལོག་ནས་སྒྲུང་བཤད་འགོ་བརྩམས།དེ་ནས་སྒྲུང་པར་གྱུར་ཅིང་ས་ཕྱོགས་ཡར་མར་མང་པོར་ཉུལ་ཏེ་བླ་མཚོ་སོགས་ཀྱི་འགྲམ་ནས་སྒྲུང་བཤད།དེ་ལྟར་སྙན་པའི་གྲགས་པ་ཀུན་ནས་རྒྱས་མཐར་གོང་རིམ་འབྲེལ་ཡོད་སྡེ་ཁག་གིས་གདན་དྲངས་པ་ལྟར་གཅེས་པའི་ཕ་ཡུལ་གསེར་རྒྱན་རྩྭ་ཐང་དང་བྲལ་ཏེ་གྲོང་ཁྱེར་ལྷ་སར་ལོག་པའི་མི་ཚེ་ཡི་འགྱུར་བ་ཕྲེང་བར་སྤེལ་ཡོད།

  8《ལག་ལེན་གྱི་རྣམ་བཤད།》ཤོག་ངོས33བྱོན། མའོ་ཙེ་ཏུང་། མི་རིགས་དཔེ་སྐྲུན་ཁང་། 2018ལོའི་པར་ཐེངས་གཉིས་པ།

  [ནང་དོན་གནད་བསྡུས།]ཀྲུའུ་ཞི་མའོ་ཙེ་ཏུང་གི《ལག་ལེན་གྱི་རྣམ་བཤད།》ཞེས་པ་འདིར།མར་ཁེ་སིའི་རིང་ལུགས་ཀྱི་ཤེས་པའི་རྣམ་བཤད་ཀྱི་ལྟ་ཚུལ་གཞིར་བཟུང་ནས་ཏང་ནང་གི་ལུང་འཛིན་རིང་ལུགས་དང་ཉམས་མྱོང་རིང་ལུགས།ལྷག་པར་དུ་ལུང་འཛིན་རིང་ལུགས་ཏེ་རང་ཤེད་རིང་ལུགས་དེའི་ནོར་འཁྲུལ་རྣམས་ཐེར་འདོན་བྱེད་ཆེད་བྲིས་པ་ཞིག་དང་།དེ་ཡང་གཙོ་བོ་ནི་ལག་ལེན་ལ་སྣང་ཆུང་བྱེད་པའི་ལུང་འཛིན་རིང་ལུགས་ཏེ་རང་ཤེད་རིང་ལུགས་དེ་རིགས་ཐེར་འདོན་གནང་བ་ཞིག་རེད།《ལག་ལེན་གྱི་རྣམ་བཤད།》ལས་བསྟན་དོན།“མིའི་རིགས་ཀྱི་ཤེས་པའི་ལོ་རྒྱུས་ཐོག་ནས་ང་ཚོས་ཤེས་པ་ལྟར་རིག་པའི་གཞུང་ལུགས་མང་པོ་ཞིག་གི་བདེན་དོན་ནི་མ་གཞི་ཆ་ཚང་བ་ཞིག་མིན་ཡང་ལག་ལེན་གྱི་ཐོག་ནས་ཞིབ་བཤེར་བྱས་ཏེ་དེ་དག་གི་མ་ཚང་བའི་ཆ་རྣམས་ཚང་བར་བྱས་པ་ཞིག་ཡིན།”[3]ཞེས་གསུངས།

  9《མཁའ་འགྲོ་མའི་ཐང་ཆུ།》ཤོག་ངོས182བྱོན། མེལ་ཚེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི“གཡུ་དྲུག་དཀར་དཔེ་ཚོགས”སུ་བསྡུས་པའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཤིག་ཡིན།དེབ་འདིའི་ནང་དུ་སྐུ་ཞབས་མེལ་ཚེ་ལགས་ཀྱི་སྒྲུང་ཐུང་ཉ་དང་གཅིན།མཁའ་འགྲོ་མའི་ཐང་ཆུ་སོགས་སྒྲུང་ཐུང་བཅུ་བསྡུས་འདུགསྒྲུང་ཐུང་འདི་དག་སྤྱི་ཆ་ནས་འཚོ་བ་དངོས་ཀྱི་ནང་ནོམ་གྱིས་ཕྱུག་ཅིང་།ཀློག་མཁན་ལ་སྤྲོ་བ་སྟེར་བའི་ཁྱད་ཆོས་མང་པོ་འདུགདཔེར་ན་རྩོམ་པ་པོའི་སྒྲུང་གི་བྱུང་རིམ་དང་དོན་གྱི་འཕེལ་རིམ།སྤྲོས་བརྗོད་ཀྱི་རྩེད་མཚར་སོགས་ལ་རྩོམ་པ་པོ་རང་གི་ཐུན་མོང་མ་ཡིན་པའི་སྒེར་གཤིས་ཤིག་གྲུབ་ཡོད།རྩོམ་པ་པོས་དོན་དག་ཆུང་ངུ་ཞིག་གི་སྟེང་ནས་གནས་ལུགས་དང་བརྗོད་དོན་ཇེ་ཆེར་བཏང་ཏེ་སྤྱི་ཚོགས་འཚོ་བའི་ཟ་ཟུར་མང་པོ་ཞིག་སྔོགས་འདོན་བྱས་འདུག་པས།རྩོམ་རིག་གི་རིན་ཐང་ཟེར་བའང་དེ་འདྲ་ཞིག་གི་ངོས་ནས་མཚོན་དགོས་པ་མིན་འགྲོ་སྙམ།

  10《ནམ་མཁའི་རྩྭ་ཐང་།》ཤོག་ངོས228བྱོན། མོག་ཟླས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2021ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་སྐུ་ཞབས་མོག་ཟླ་ལགས་ཀྱི་སྙན་དེབ་ཐོག་མ་དེ་ཡིན།རྩོམ་པ་པོས་རང་གི་ཁོར་ཡུག་དང་རང་གི་ཚོར་བར་བརྟེན་ནས“རྩྭ་ཐང་”ཞེས་པའི་མིང་ཚིག་བརྗིད་ཆགས་ལ་ཁོབ་ཡངས་པ་འདི་སྙན་ངག་གི་ལམ་ནས་སྤྲོས་བརྗོད་ཀྱི་མཐའ་རུ་མ་ལྷུང་པར།རང་སེམས་ཀྱི་དུངས་པ་དང་ཞེན་ཆགས་མཐར་ཆགས་སུ་སྤེལ་འདུགསྙན་ངག་པའི་ཚོར་བའི་འགྱུ་ཕྱོགས་དང་།སྙན་ངག་གི་ཡིད་ཡུལ།བློས་བསླངས་སོགས་ལ་སྒེར་གཤིས་ཀྱི་རང་ཚུགས་ཚིག་ཅིག་མངོན་པར་གྲུབ་འདུགསྙན་ངག་པའི་བཅར་འདྲི་ཞིག་ལས“ང་རང་སྐྱེ་ས་དང་འཚར་ལོངས་བྱུང་ས་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་ཞིག་ཡིན་ཞིང་།ད་ལྟ་ལ་ཐུག་གི་བར་དུ་རང་གི་མི་ཚེའི་དུས་ཚོད་མང་ཆེ་བ་རང་གི་ལྟེ་ཁྲག་འཕོ་སའི་འབྲོག་སྡེ་དེ་རུ་བསྐྱལ་བ་ཡིན།འབྲོག་སྡེ་དེ་ནི་ངའི་རྩོམ་རིག་གི་ཆད་པ་མེད་པའི་ཆུ་མགོ་ཞིག་ཡིན་པར་མ་ཟད།••• •••”[4]ཞེས་གསུངས་པ་ལྟར།ཁོའི་བརྩམས་ཆོས་དེ་དག་གནའ་བོའི་མི་རིགས་ཤིག་གི་བློ་གྲོས་དང་ཤེས་རིགཡང་ན་འཚོ་གནས་དང་དམ་དུ་འབྲེལ་ཞིང་།ཕན་ཚུན་འབྲལ་ཐབས་མེད་པའི་འོ་ཆུ་ལྟར་འདྲེས་ནས་ཡོད་ལ།རྩྭ་ཐང་བརྗོད་གཞིར་གྱུར་བའི་ནང་སེམས་ཀྱི་གསང་བའི་རི་མོ་ཕྱི་རུ་མངོན་སྟངས་དམིགས་བསལ་བ་ཞིག་ཀྱང་ཡིན་པར་འདོད་དོ།།

  11《ཨ་ཧྲི་མ།》ཤོག་ངོས150བྱོན། ས་ནུའི་རིགས་ཀྱི་དམངས་ཁྲོད་གཏམ་རྒྱུད་གྲགས་ཅན། སྙན་བཟང་ཡུམ་སྐྱབས་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2022ལོའི་པར་མ།

  [ནང་དོན་གནད་བསྡུས།]འདི་ནི་རང་རྒྱལ་ཡུན་ནན་ཞིང་ཆེན་གྱི་དབྱིས་རིགས་ཀྱི་ནང་ཚན་ས་ནུའི་རིགས་ཀྱི་སྐད་གྲགས་ཆེ་བའི་དམངས་ཁྲོད་གཏམ་རྒྱུད་ཅིག་ཡིན།སྔོན་བགྲང་བྱ་དཔག་མེད་པའི་སྔོན་རོལ་ཏུ་ཡུན་ནན་ཏཱ་ལི་ས་ཆར་ཨ་ཀྲོ་མཐིལ་ཞེས་བྱ་བའི་མི་སྡེ་ཆེན་པོ་ཞིག་བྱུང་ལ།དེའང་སྟོད་སྨད་གཉིས་སུ་ཕྱེས་ཡོད།ནམ་ཞིག་གི་ཚེ་སྟོད་པ་སྨྱུག་གླིང་གྲོང་ཚོ་རུ་དགེ་བློ་རྨིན་ཞེས་ལས་ལ་བརྩོན་ཞིང་ཡ་རབས་རྒྱན་གྱིས་ཕྱུག་པའི་བཟའ་ཚོ་གཉིས་ཡོད་པ་ལ་ངོ་མཚར་བའི་ལྟས་དང་བཅས་བུ་མོ་ལྟ་བས་ཆོག་མི་ཤེས་པའི་མཚར་སྡུག་ལྡན་པ་ཞིག་སྐྱེས།བུ་མོ་དེའི་ལང་ཚོའི་མེ་ཏོག་རིམ་གྱིས་བཞད་པ་དང་ཡག་མོ་སྒོ་དང་མཛངས་མའི་ཡོན་ཏན་སོགས་གཞན་དང་མི་མཚུངས་ལ།གླུ་གར་རོལ་མོ་སོགས་ལ་མཁས་པའི་ཁྱད་ཆོས་ལྡན་པས་སྡེ་བའི་རྒན་དར་གཞོན་གསུམ་མི་དགའ་མཁན་གཅིག་ཀྱང་མེད།དེའི་སྐབས་སུ་རང་སྡེའི་གཞོན་ནུ་གཟུགས་དང་ལང་ཚོ་ལྡན་པ་དཔའ་ངར་དང་རྟུལ་ཕོད་འཛོམས་པ་ཨ་ཧེ་ཟེར་བ་དེ་དང་ལས་ཀྱི་དབང་གིས་བརྩེ་དུང་གི་རྒྱ་རུ་ལྷུང་སྟེ་སྐད་ཅིག་ཙམ་ལའང་འབྲལ་མི་ཕོད་པ་ལྟ་བུར་གྱུར།ཕྱི་ལོའི་དུས་བཟང་ཞིག་ལ་གཉེན་སྒྲིག་བྱེད་པའི་ཁ་ཆད་བཞགལོ་དེའི་སྟོན་ཟླ་ར་བར་ཨ་ཀྲོ་མཐིལ་གྱི་ས་ཆར་རྩྭ་ཆད་བྱུང་བས་ཨ་ཧེ་ཡིས་གསར་བུ་རྣམས་ཁྲིད་དེ་ཡུན་ནན་ལྷོ་ཕྱོགས་སུ་ཡུལ་བུད་དེ་རུ་སྤོ་སྐྱེས་འདེགས་བྱས།དུས་དེ་ཙམ་ན་ཨ་ཀྲོ་སྨད་མར་ས་བདག་གདུག་ཅན་ཁྱི་ཡི་གློ་བ་ཅན་ར་བྷོ་བྷ་ལ་ཟེར་བ་ཞིག་ཡོད་པ་དེས་ས་གནས་དཔོན་པོ་ཞང་གཙོ་ཧེ་རུ་ལ་བཙན་བཀོལ་ཏེ།རང་གི་བུ་ཨ་ཀྲི་ཟེར་བ།གློ་བུར་གློ་བུར་སྨྱོ་གཟེར་གྱིས་བརྒྱལ་འགྲོ་བ་ཞིག་ཡོད་པ་དེ་ལ་མནའ་མར་བསུ་བའི་བཀའ་བསྒོས།ཡིན་ཡང་ཨ་ཧྲི་མ་དང་མོའི་ཕ་མ་གཉིས་གཏན་ནས་མ་འཐད་པས་ར་བྷོ་བྷ་ལས་དམག་བཀོལ་ཏེ་བཙན་འཕྲོག་བྱས།གནས་ཚུལ་འདི་ཐོས་རྗེས་ཨ་ཧེ་ཞེ་སྡང་མེ་ལྟར་འབར་ཏེ།ར་བྷོ་བྷ་ལ་ཚང་གི་གཞིས་ཁྱིམ་དཀྲུགས་ཤིང་ཕན་ཚུན་རྩལ་འགྲན་རེས་བྱས་ཏེ་རེ་རེ་བཞིན་རྒྱལ།ར་བྷོ་བྷ་ལས་ཨ་ཧེ་གཉིད་པའི་གོ་སྐབས་དང་བསྟུན་ཏེ་རང་གིས་གསོས་པའི་སྟག་མོ་མ་བུ་གསུམ་ཡོད་པ་ཨ་ཧེ་སར་བཏང་ཡང་།ཨ་ཧེ་ཡིས་དེ་དག་རེ་རེ་བཞིན་ལས་སླ་བོའི་ངང་བཏུལ།ར་བྷོ་བྷ་ལས་ད་དུང་གཡོ་སྒྱུ་དང་ངན་སེམས་ཀྱིས་ཨ་ཧྲི་མ་ཕྱིར་མ་སྤྲད་པས་ཨ་ཧེས་འཕྲོ་རིམ་འཕྲོར་མདའ་མོ་གསུམ་འཕངས་ཏེ།ར་བྷོ་ཚང་གི་གཞིས་ཀ་ཀུན་ནས་འདར་བར་བྱས།དེ་ལྟར་ཨ་ཧྲི་མ་ཐབས་དང་རྩལ་གྱིས་ཕྱིར་འཕྲོག་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་ཞིག་མི་ཡུལ་དུ་བཞག

  12 གངས་ལྗོངས་བྱིས་པའི་འཚོ་བ།《བུ་ཆུང་སེང་སྟག་གི་གཏམ་རྒྱུད།》77བྱོན། ཚེ་རིང་ནོར་བུས་བརྩམས། དབུ་ལེ་དབང་རྒྱལ་ཚེ་རིང་གིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2022ལོའི་པར་མ།

  [ནང་དོན་གནད་བསྡུས།]དེབ་འདི་ཡང་2016ལོར་ཨན་ཧའེ་ན་ཆུང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དེབ་བཞིའི་བདག་ཉིད་ཅན་གྱི་བྱིས་སྒྲུང་དཔེ་ཚོགས་དེའི་གྲས་ཀྱི་གཅིག་ཡིན།ཡིན།ཉེ་ཆར《གངས་རྒྱན་ན་ཆུང་ཚགས་པར》ཁང་གིས་དབུ་ཁྲིད་དེ་བོད་ཡིག་ཏུ་བསྒྱུར་ཏེ་པར་སྐྲུན་བྱས།

  《བུ་ཆུང་སེང་སྟག་གུ་གཏམ་རྒྱུད།》འདིའི་ནང་དུ་བུ་ཆུང་སེང་སྟག་ནི་བོད་ལྗོངས་བྱང་ཤར་རྩྭ་ཐང་གི་གུར་ཞེས་པའི་ཚོ་བ་ཞིག་ལས་སྐྱེས་ལ་ཕ་ཡི་མིང་ལ་གསང་བདག་རྡོ་རྗེ་དང་མ་ཡི་མིང་ལ་ལྷ་སྐྱིད་ཟེར།ཁོ་རང་མ་སྐྱེས་གོང་ཁོ་ཚང་ལ་བུ་མོ་གསུམ་ཡོད་པས་ཁོ་རང་མངལ་དུ་འཁོར་ཡང་།བཟའ་ཟླ་གཉིས་ཀྱིས་མངལ་འདོན་རྩིས་བྱས།བཟའ་ཟླ་གཉིས་ཀ་གུང་ཐང་དགོན་པར་མཆོད་མཇལ་དུ་ཕྱིན་པར་ལམ་བར་ནས་སྐྱ་ག་ཁྲ་མོ་ཞིག་ཕྱི་བཞིན་འབྲང་ཏེ་ཡོང་།ལྷ་སྐྱིད་ཀྱིས་མཆོད་མཇལ་ཚར་རྗེས།བླ་མའི་སར་ཕྱིན་ཏེ་མངལ་གྱི་བྱིས་པར་མོ་ཞིག་འདེབས་པར་གྲ་སྒྲིག་བྱས་ཀྱང་།བླ་མས“མོ་འདེབས་མི་དགོས།དེས་ཁྱོད་ཚང་ལ་ཁ་རྗེ་དར་བར་བྱ་ངེས”ཞེས་གསུངས།

  སྒེའུ་ཁུང་གི་ཕྱི་རོལ་ནས་ཡང་བསྐྱར་སྐྱ་གའི་སྐད་གྲག་བྱུང་།དེ་ནས་བཟུང་ལྷ་སྐྱིད་བཟའ་ཟླ་གཉིས་ཀྱིས་མནོལ་གྲིབ་སོགས་ཕོག་ཏུ་མ་བཅུག་པར་བྱིས་པ་བདེ་བླགས་ངང་བཙས།སྐྱ་ག་དེ་ཡང་དང་ཡང་དུ་གསང་བདག་རྡོ་རྗེ་ཚང་གི་སྒོ་དང་ཁོར་ཡུག་གང་རུང་ནས་མངོན་ཞིང་།ཕྱིས་སུ་བདེ་ཆེན་སྤྲུལ་སྐུས་སེང་སྟག་སྤྲུལ་སྐུ་འཚོལ་བ་དང་འཕྲད་དེ་སེང་སྟག་སྤྲུལ་སྐུར་ཐུགས་ཐག་བཅད།ལྷ་ལྡན་ཇོ་བོའི་མདུན་ནས་སྐྲ་ཕུད་སོགས་བླངས་ཤིང་རབ་བྱུང་བསྒྲུབ་ཏེ་བྲག་ཡེར་བར་གདན་འདྲེན་བྱས།དེ་ནས་བཟུང་དགེ་རྒན་བསྟེན་ཏེ་བསླབ་པ་སློབ་གཉེར་རྒྱ་ཆེན་པོ་བྱས་ཤིང་།མཚན་སྙན་ཀྱང་ཆེན་པོ་རྒྱས་ཏེ་ཁྲི་འདོན་མངའ་གསོལ་བྱས།དད་ལྡན་མང་ཚོགས་མང་པོ་འདུས་ལ་དགོན་པའི་ནང་ཌ་རུ་དང་དྲིལ་བུ།རྔ་སྦུབས་སོགས་ཀྱི་འགྱུར་ཁུགས་ལྷང་ལྷང་གྲགས།སྐྱ་ག་དེ་ཡང་བསྐྱར་འཕུར་ཡོང་སྟེ་དགོན་པའི་བསང་ཁྲི་དཀར་པོའི་སྟེང་ལ་བབས།

  13《ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།》ཤོག་ངོས115བྱོན། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད། སྨྱུག་ཐོགས་པ་སྒོ་དམར་དགེ་འདུན་རབ་རྒྱས་སམ་སྒོ་རབ་རྒྱས་ཀྱི་ཡིག་གཟུགས་གཟབ་བྲིས་མ། སྐྱ་རེངས་རིག་གནས་ཁྱབ་སྤེལ་ཀུང་ཟིས་དཔར།

  [ནང་དོན་གནད་བསྡུས།]འདིར་བྱང་ཆུབ་ལམ་གྱི་རིམ་པའི་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་ཚིགས་སུ་བཅད་དེ་བློར་འཛིན་བདེ་བར་གསུངས་ཡོད།

  དང་པོ་གདམས་པའི་སྔོན་འགྲོ་སྟེ།གཙོ་བོ་བཤེས་གཉེན་བསྟེན་ཚུལ་དང་དལ་འབྱོར་གྱི་ཆོས་སྐོར་སྐོར་གསུངས་ཡོད།

  གཉིས་པ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་དེ།གཅིག་ནས་འཆི་བ་མི་རྟག་པ་བསམ་པ་དང་།གཉིས་ནས་ངན་སོང་གི་སྡུག་བསྔལ་བསམ་པ།གསུམ་ནས་སྐྱབས་སུ་འགྲོ་ཚུལ།བཞི་ནས་ལས་འབྲས་ཀྱི་ཆོས་སྐོར་བཅས་གསུངས་འདུག

  གསུམ་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ།ཐར་བ་དོན་གཉེར་གྱི་བསམ་པ་སྐྱེད་པ་གཙོ་བོར་གསུངས་འདུགདེ་ལའང་གཅིག་ནས་སྡུག་བདེན་དང་འཁོར་བའི་ཉེས་དམིགས་བསམ་པ།གཉིས་ནས་ཀུན་འབྱུང་འཁོར་བའི་འཇུག་རིམ་བཤད་པ།གསུམ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་པ།བཞི་ནས་ཐར་བར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་བཅས་གསུངས་འདུག

  བཞི་བ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ།གཅིག་ནས་སེམས་བསྐྱེད་བཤད་པ།གཉིས་ནས་སྤྱོད་པ་སྤྱི་ལ་བསླབ་ཚུལ།གསུམ་ནས་ཞི་གནས་ལ་བསླབ་ཚུལ།བཞི་ནས་ལྷག་མཐོང་ལ་བསླབ་ཚུལ།ལྔ་ནས་རྡོ་རྗེ་ཐེག་པར་བསླབ་ཚུལ་བཅས་ཞིབ་པར་གསུངས་འདུག་གོ།

  མཆན།
      [1]གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན།《བཀའ་ཐང་སྡེ་ལྔ》མི་རིགས་དཔེ་སྐྲུན་ཁང་།1989ལོའི་པར་ཐེངས་གསུམ་པ།P 357

  [2]གོང་མ་ཆན་ལུང་རྒྱལ་བོས་བསྒྱུར་ཞུས་མཛད།《དཔའ་བར་འགྲོ་བའི་མདོ།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2021ལོའི་པར་མ།P 9–10

  [3]མའོ་ཙེ་རུང་།《ལག་ལེན་གྱི་རྣམ་བཤད།》མི་རིགས་དཔེ་སྐྲུན་ཁང་།2018ལོའི་པར་ཐེངས་གཉིས་པ།P23

  [4]《རང་གྲོལ།》རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྒྲིགས།2022ལོའི་དེབ་དང་པོ།(ནང་ཁུལ་དུས་དེབ།)p 101

                                               2023•4•22ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།