གླེང་གཞིའི་དོད་པོ་ཚོར་བ་སྐྱ་བྲིས་མ།

འཇུ་སྐལ་བཟང་།(མགོ་ལོག) 琼迈文学网 2023-12-02

                               __འཆི་མེད་ཀྱི་སྙན་དེབ《ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན》གྱི་འགོ་བརྗོད།

  དང་པོར་བུད་མེད་སྙན་ངག་པ་གྲགས་ཅན་འཆི་མེད་ལགས་ཀྱི་སྙན་རྩོམ་ཆེད་དེབ་གསར་བ་པར་དུ་བསྐྲུན་པར་བཀྲ་ཤིས་རྟེན་འབྲེལ་ཞུ། ངས་དེ་སྔོན་མོ་རང་གི་སྙན་ངག་ཡོངས་སུ་བཀླགས་པ་མེད་མོད། སྐབས་སྐབས་སུ་གང་ལ་གང་འཚམ་རེ་བལྟས་མྱོང་། ཁྱད་པར་མོ་རང་དང་ང་ཚོས་དེ་སྔོན་སློབ་ར་གཅིག་གི་སྐྱེད་ཚལ་གྱི་རྩི་ངད་མཉམ་པོར་མྱངས་ཤིང་། དུས་རབས་གཅིག་གི་མཁའ་དབུགས་མཉམ་པོར་རྔུབ་ལེན་བྱས་ཡོད་པས། ང་རང་མོ་རང་ལ་ཆ་རྒྱུས་ཡོད་ཙམ་ཡིན། མོ་རང་ནི་སློབ་ཆེན་སློབ་མའི་དུས་ནས་སྙན་ངག་ལ་དགའ་འདུན་ཆེ་ཞིང་། དེ་དུས་ནས་སྙན་ངག་འབྲི་སྦྱང་ཡང་བྱེད་ཀྱིན་པ་ཤེས། དེ་ནས་བཟུང་ངང་བརྟན་པའི་སྒོ་ནས་སྙན་ངག་ལྟ་ཀློག་དང་སྙན་ངག་རྩོམ་པའི་དགའ་མོས་མ་བོར་བས། སྙན་ངག་གི་རོ་མངར་འབྲལ་མི་ཕོད་པ་དེ་ཡུན་གྱིས་མྱངས་ཤིང་། སྙན་ངག་སྒྱུ་རྩལ་གྱི་འཕར་རྩ་ཀྲིག་ཀྲིག་པ་དེ་སོར་མོའི་འོག་ཏུ་ཚུད་པས། མོས་སྙན་ངག་འབྲི་བ་དེ་རང་འདུན་གྱི་འཚོ་བ་ཞིག་དང་། དུས་རབས་དང་རིགས་རྒྱུད་ཀྱི་བསྐོས་འགན་ཕྲག་ཏུ་ལེན་སྟངས་ཤིག་ཏུ་བརྩིས་ཤིང་། རང་གི་མི་ཚེའི་རིན་ཐང་མངོན་དུ་བྱེད་པའི་ཐབས་ལམ་གདམ་ངས་ཟིན་པ་ཞིག་ཏུ་བྱས་འདུག

  དེའི་ཕྱིར་རྡབ་གསིག་ཆེ་བའི་དུས་རབས་ཀྱི་རླབས་འདེད་དང་། ཚ་དབལ་ཆེ་བའི་དཔལ་འབྱོར་གྱི་གདོང་ལྕག  འགྱུར་བག་རྒོད་པའི་བསླུ་ཆོས་ཀྱི་འཁྱུད་མོ་སོགས་ཀྱི་ཁྲོད་ཆུ་དཀྱིལ་གྱི་ཕ་བོང་བཞིན་ཡོད་ཚད་ལ་ཡ་ལན་སྤྲོད་ཀྱིན་སྙན་ངག་གི་དར་ཆ་གཅིག་པུ་སྒྲེང་བ་ཡིན་འདུག་སྟེ། སྙན་ངག་ལ་འདི་ལྟར་དགའ་བ་ནི་དགའ་བ་ངོ་མ་ཡིན་ལ། འདུན་མ་ཞིག་ལ་འདི་ལྟར་འཁྲེན་པ་ནི་ཕུགས་བསམ་རྣམ་དག་དེ་ཅི་ལ་མིན། ཡིན་ན་འདི་ལ་གསེར་སྲང་སྟོང་ཕྲག་རི་སྟེ། སྤྱིར་ཤེས་རབ་དང་བརྩོན་པ་གཉིས་ཆར་ལྡན་པའི་མི་བུ་ཞིག་གིས་མི་ལོ་བཅུ་ཕྲག་དུ་མའི་ཡུན་ལ་བརྟུན་པ་མ་བཏང་བའི་ལས་ཤིག་ལ་རེ་བའི་འབྲས་བུ་མི་འབྱུང་བ་ཕལ་ཆེར་མེད་པར་ངེས་ཤིང་། ཁྱད་པར་ལུས་མ་རྒས་ལང་ཚོ་དར་བའི་དུས་ནི་མི་ཚེ་ལ་མཚོན་ན། མགོའི་སྟ་གོན་གྱི་སྔོན་འགྲོ་དང་མཇུག་ཕྱིར་མིག་གི་མཛད་བྱང་ཕུད་པའི་དངོས་གཞི་རང་ཡིན་པས། རྐང་རྗེས་ཀྱི་ཀོང་བུར་གསེར་ཕྱེ་འགྲེམ་པའི་དུས་ཚོད་དེ་ཡིན་ཆོག དཔྱད་ངོས་འདི་ཉིད་ཁོ་ནས་དཔག་ཀྱང་ང་ཚོས་མོའི་སྙན་ངག་དེ་ལ་རི་བོའི་མཐོ་ཚད་དང་རྒྱ་མཚོའི་ཟབ་ཚད་ཀྱིས་གཞལ་ཆོག་ལ། ད་ལྟ་མོའི་སྙན་ངག་སྨྲ་བའི་སྙན་པའི་གྲགས་པ་ཁ་བའི་ལྗོངས་ན་འབར་བའང་གྲགས་པ་དོན་ལྡན་དུ་ཅི་ལ་མི་སེམས།

  སྤྱིར་ཁྱད་ཆོས་སུ་སྨྲ་རུང་བ་སུ་ལའང་དུ་མ་ཞིག་ཡོད་མོད། མོའི་སྙན་ངག་ཀློག་པའི་ཚེ་ན་ཚིག་དོན་བརྗོད་བྱ་གང་རུང་གི་ཆ་ན་བབ་ཆགས་སམ་རང་བབ་ཤུགས་འབྱུང་གི་ཚོར་བ་ཞིག་དབང་མེད་དུ་མྱང་རྒྱུ་ཡོད་པ་འདི་ནི་མོའི་སྙན་ངག་གི་ཁྱད་ཆོས་ཤིག་ཏུ་ངོས་འཛིན་བྱ་ཆོག་ཆོག་རེད། འགའ་ཞིག་ལ་སྲོལ་རྒྱུན་གྱི་ཆ་མངོན་པར་ཐོན་པ་དང། ཁ་ཤས་གསར་ཉམས་ཆེ་བ་སོགས་བརྩམས་ཆོས་སོ་སོ་མི་འདྲ་ནའང་ཕལ་མོ་ཆེ་ཞིག་མ་བཅོས་མ་བསྒྱུར་ཅིང་། སྙན་ངག་པའི་བློས་བསླངས་དང་ཚོར་འདུ་ཐོགས་པ་མེད་པར་ཤར་མར་རྒྱུ་བ་ལ་ཚིག་འགྲོས་དང་ཐབས་རྩལ་གྱིས་ཐེ་གཏོགས་དང་ཉྭ་འཐེན་མ་བྱས་པའི་ཉམས་ཤིག་རང་ཆས་སུ་འདུག  ཁྱད་པར་བསམ་བཞིན་དུ་གྲུ་ག་ག་ཤེད་ལ་གཟས་ཏེ་བཙན་དཀྱོགས་དང་རོ་འདྲུད་བྱས་པའི་རྗེས་ཤུལ་མི་མངོན་པ་འདི་ད་ལྟ་མང་བོ་ཞིག་ལ་ལྟོས་ན་འབྱུང་བ་དཀོན་པ་ཞིག་གོ །སྤྱིར་ཕུལ་བྱུང་སྒྱུ་རྩལ་ལ་དཔེ་ལྟོས་དང་དེ་ཚུར་ལེན་བྱེད་པ་ལ་ནི་ཉེས་པ་ཅི་སྟེ། དགོས་པའི་གནས་སུ་སུ་ཡང་མཐོང་མོད། རྗེས་ནང་རྗེས་འཇོག་གི་མཚུངས་འདེད་ཁོ་ན་ནི་རང་ཚུགས་ལ་གཟས་པའི་འཇིགས་སྐུལ་ཞིག་སྟེ། རང་ལུགས་དང་སྒེར་ཁྱད་ཐུན་མིན་དུ་ཆགས་ཟིན་པའི་རིག་གནས་རང་སྲོལ་ཞིག་ལ་ལྟོས་ན་སྟག་གི་བཟོ་ལྟ་གཟིག་གིས་སྟོན་པ་དང་། དོམ་གྱི་ལད་མོ་དྲེད་ཀྱིས་བྱེད་པ་འདྲ་བོ་རེད་པས་འཇོན་མི་འཇོན་རེ་ཞིག་མི་སྨྲ་སྟེ། དེ་ལ་དོན་སྙིང་འདི་ཞེས་ཟེར་དཀའོ། །ལར་རང་ལུགས་ཡོངས་སུ་དག་པར་མ་སྤངས་ན་གཞན་ཚུགས་རྣལ་མ་ཞིག་ཡོང་ལུགས་མེད་ལ། དེ་ལྟར་བྱས་པས་ཡོང་ཡང་དེ་ག་ཙམ་དུ་ཟད་དེ། འདི་ཀོ་དུས་ག་གེ་མོའི་གནས་ག་གེ་མོའི་ཚུལ་ག་གེ་མོའོ་ཟེར་རྒྱུ་ཙམ་མོ། །

  མོ་རང་གི་སྙན་ངག་ལས་རྔམ་འདེད་དང་བཙན་འཐེན་གྱི་ཟུར་སོ་མིག་ལ་གཟན་པོ་དེ་ཚོ་མི་མཐོང་བར་འདུ་བ་སྙོམ་པོའི་ངང་དུ་སྣང་བ་ལས་ཡུན་གྱིས་ཤུགས་འབྱུང་བདེ་བའི་རོ་མངར་ཞིག་སྦྱིན་པར་བྱེད་པས། མོ་ནི་རང་ལུགས་རང་སྐད་ཀྱི་ངོས་ནས་གསར་སྙེག་གི་ལམ་བུ་འཚོལ་མཁན་གྱི་གྲས་ཡིན་པ་དཔག་ཐུབ། མོའི་སྙན་ངག་ཀློག་པའི་ཚེ་ན་རྙིང་ཆེས་པས་སུན་པ་སློང་བར་མི་བྱེད་ལ། གསར་ཟེར་ནས་མགོ་བོ་སྦྲིད་དུ་མི་འཇུག་པར། ཀློག་པ་པོ་མང་ཤོས་ཀྱིས་རང་རང་གི་ངོས་ནས་སྒྱུ་རྩལ་གྱི་བྲོ་བ་གང་རུང་ཞིག་རྙེད་ཐུབ་ན་དེ་གས་ཆོག་སྟེ། འདིའི་ནང་དུ་རྒྱུན་འཛིན་ཟེར་བ་ཡོད་ལ། གསར་གཏོད་ཀྱང་ངེས་པར་ཡོད། དེའི་ཁར་མོ་ནི་བུད་མེད་སྙན་ངག་པ་ཡིན་པའི་རང་ཁྱད་ཚོར་བ་གཞན་གྱིས་མི་ཟིན་པ་ཞིག་ཟིན་པ་དང་། ལྟ་ངོས་གཞན་གྱིས་མི་རྙེད་པ་ཞིག་རྙེད་པ། བྲོ་བ་གཞན་ལས་མི་འབྱུང་བ་ཞིག་བྱུང་བ་སོགས་ཀྱི་རང་གཤིས་ཤིག་ཅིས་ཀྱང་ཡོད་ངེས་པས་ན། མོའི་བརྩམས་ཆོས་ལ་ཁྱད་ཆོས་ཅི་ཙམ་དབྱེ་ན་དེ་ཙམ་དུ་དབྱེ་རུ་ཡོད་པ་གོར་མ་ཆག་གོ །

  གཞན་དུ་མོའི་སྙན་ངག་བཀླགས་པའི་ཁྲོད་ནས་ཕལ་མོ་ཆེ་ཞིག་བདེན་པ་དྲང་བཞག་དང་དགེ་སྐྱོར་བཟང་འདེགས་ཀྱི་དོན་ཅན་ཞིག་ཏུ་ཚོར་གྱིན་འདུག སྤྱི་ཚོགས་ཤིན་ཏུ་འཁྲུགས་པ། ལྟ་གྲུབ་ཀུན་ནས་འཛིངས་པ། མི་གཤིས་སྨྲ་བར་དཀའ་བ། བཟང་ངན་གྱི་སོ་མཚམས་མོག་པོར་སོང་བ་སོགས་ཀྱི་གནས་སུ་གྱར་བའི་སྒང་འདི་ལ་མོ་ནི་དགའ་བ་རྣམ་དག་སྟོན་ཅིང། བརྩེ་བ་ཟོལ་མེད་འཆང་བ་དང་། བཟང་ངན་ལ་ལ་ཤན་ཕྱེ་བ། སྤང་བླང་གི་ཚད་གཞི་ཡོད་པ། རང་ངོས་ནས་ཡིན་པར་འདོད་པའི་བདེན་དོན་ཞིག་ལ་བློ་རྟོན་པའི་ངོས་ནས་དྲང་པོ་དང་བདེན་པར་སྨྲ་མཁན་དེ་ཡིན་ཅིང་། མོའི་བརྩམས་ཆོས་ལས་ཀློག་པ་པོ་དག་ལེགས་ལམ་ཞིག་ལ་དཀྲི་འདོད་ཀྱི་འདུན་མ་གཙང་མ་ཞིག་དང་། སྙིང་ཤེད་ཆེན་པོ་ཞིག་སྟོན་གྱིན་འདུག་སྙམ། རྩོམ་རིག་ཡོ་བྱད་སྨྲ་བ་དེ་ཚོ་ཟེར་སྒྲོས་སྣ་ཚོགས་ཀྱི་ཕག་ཏུ་ཡིབས་ཟིན་པར་རང་རེས་ཀྱང་འདོད་ཅིང་སྨྲས་མོད། ཕྱིར་བལྟས་ཁྲོད་དེ་སྔོན་རྩོམ་རིག་དེ་སུ་ཞིག་གིས་ཡོ་བྱད་དུ་མ་བྱས། ཉུང་ཡང་བཅུ་ལས་དགུ་ཙམ་དམིགས་པའི་ཡུལ་གང་རུང་དུ་སྐུལ་བའི་ཐབས་ལམ་དུ་བྱས་འདུག་ན་མངོན་སུམ་པ་ལ་བསྙོན་དུ་ཡང་མི་འོས། དེས་ན་མཐའ་གཅིག་ཏུ་གཅིག་བསླབ་བྱ་གཏོང་མཁན་དང་ཅིག་ཤོས་སློབ་གསོ་གཏང་ཡུལ་དུ་བྱེད་པ་དེ་ལ་ཉེན་ཁ་ཆེན་པོ་ཞིག་འདུག་མོད། སྤྱིར་བསམ་བཟང་གིས་ཚིག་བཟང་བརྗོད་པ་འདི་དག་མགོ་བོ་བྲང་ཁར་དམད་ནས་ཤུབ་བུ་ཁོ་ན་འདོན་པ་ལས་དམན་པ་མིན་ལ། དེ་མི་རབས་ཤིག་ལ་དབང་མེད་དུ་གོས་པའི་དུས་རབས་ཀྱི་ཁ་དོག་ཅིག་ཀྱང་ཡིན་པས། བརྗོད་པ་དྲང་མོས་སྙན་ངག་བདེན་པར་འབྲི་བ་ལ་ང་ཚོས་ནི་ལེགས་སོ་བརྗོད་པའི་གནས་སུ་མཐོང་ཞིང། དེ་ཉིད་རང་སྐལ་གྱི་ཕ་ཞིང་རྨོ་ཚུལ་ཞིག་དང་། གཞན་གྱི་མཐེ་བོང་བསྒྲེང་མིན་ལ་མི་ལྟོས་པའི་སྙིང་སྟོབས་རིགས་ཤིག་ཏུ་མཐོང་གིན་འདུག་པས། འདི་གར་མོ་ལ་སྒྱུ་རྩལ་ཡིད་གཅུགས་ཀྱི་གུས་འདུད་ཅིག་ཞུའོ། །

  དེ་མིན་བསམ་བློ་དང་ཐབས་རྩལ་བྱེ་བྲག་པ་སོགས་ཟེར་ནས་དབྱེ་ཞིབ་རང་བཞིན་གྱི་རྩོམ་ཉོག་རིང་མོ་ཞིག་འབྲི་བར་རྔོ་མི་ཐོགས་ཏེ། སྨིན་དྲུག་ལ་སྨིན་དྲུག་རེད། སྨེ་བདུན་ལ་སྨེ་བདུན་རེད་ཟེར་བ་ཙམ་ལ་སྙིང་པོ་འདི་ཞེས་ཟེར་བ་དཀའ་མོད་ཉེས་པ་ཅི་ཞིག་ཡོད་དེ། རི་བོང་གི་ཡ་མཆུ་ལ་བལྟས་ནས་རྨས་སྐྱོན་ཚབས་ཆེན་བཟོས་འདུག་ཅེས་དང་། བྱིས་པའི་ཞོ་གཉེར་དང་འབྲི་མོའི་ཡ་མགལ་ལ་བལྟས་ནས་དགུང་ལོ་བགྲེས་པོ་རེད་ཅེས་སྨྲ་བ་འགའ་རེ་མཐོང་བས། དེ་ལྟར་ཟེར་འོང་བར་རང་ཉིད་རང་ལ་དོགས་ཏེ་མང་དུ་སྨྲ་བ་བསྐྱུངས།

  གཞན་དུ་འདི་ལྟ་བུ་གླིང་ན་མེད་ཀྱང་ད་དུང་མཐོར་འདེགས་གཏང་དགོས་ཟེར་བ་སོགས་སྨྲས་དང་མ་སྨྲས་གཅིག་ཏུ་སོང་བའི་ཡམ་བཤད་བརྒྱ་སྟོང་ལས། ད་ལྟ་སྙན་ངག་ལ་དགའ་བ་ཤུགས་ཆེན་འཆང་བ་མང་པོ་ཞིག་གིས་མོའི་སྙན་ངག་དེ་ལན་གཅིག་བཀླགས་ཚེ་སླར་ཡང་བཀླག་པར་འདོད་པ་དང་། སླར་ཡང་བཀླགས་པས་ཡང་ཡང་བཀླག་ཏུ་རེ་བ་འདིས་ཡོད་ཚད་གསལ་བོར་སྨྲས་ཡོད་པས། དེ་ཉིད་ཁོ་ན་སྟོབས་དང་ལྡན་པར་གོ་བར་བྱའོ། །མཇུག་ཏུ་མོའི་གསར་རྩོམ་གྱི་ལམ་བུ་ཀུན་ནས་ཡངས་ཤིང་། སྙན་ངག་གི་ཀྱོ་བ་ལ་རྣོ་སོ་སྔར་ལས་ཐོན་པའི་སྨོན་འདུན་དང་བཅས་སྙུག་ཐོགས་པ་འཇུ་སྐལ་བཟང་དུ་འབོད་པས་རྨ་འདབས་ཀྱི་སྤང་ཐང་ཡངས་པོ་ནས་ཆེད་དུ་བྲིས་ཤིང་སྤྲིངས་པ་དགེའོ། །

                                       2022ལོའི་ཟླ8པའི་ཚེས31ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གླེང་གཞིའི་དོད་པོ་ཚོར་བ་སྐྱ་བྲིས་མ།

2023-12-02 འཇུ་སྐལ་བཟང་།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།