2023ལོའི་དཔེ་ཀློག་ཟིན་བྲིས།(སྨད་ཆ)

14 《མཚམས།》ཤོག་ངོས 246 བྱོན། ཚེ་རིང་ནོར་བུ་དང་དབལ་ཤུལ་སོགས་ཀྱིས་བརྩམས། ལྷ་གཡང་ནོར་བུས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།

[ནང་དོན་གནད་བསྡུས།] དེབ་འདིར་ཚེ་རིང་ནོར་བུའི《མཚམས།》དང་དབལ་ཤུལ་གྱི《དྲན་ཤེས་རབ་རིབ།》སོགས་བརྩམས་སྒྲུང་དྲུག་ཙམ་བསྡུས་ཡོད། བརྩམས་སྒྲུང་དེ་དག་ལ་དུས་རབ་ཀྱི་དབྱེ་མཚམས་དང་དུས་སྐབས་རེ་རེའི་སྤྱི་ཚོགས་འཚོ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་གསལ་བར་མ་ཟད། རང་རང་གི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་ཤིག་ཀྱང་རང་ཤུགས་སུ་ཆགས་འདུག ལྷག་པར་དུ《མཚམས།》ལ་མཚོན་ན། བཅིངས་འགྲོལ་མ་བཏང་གོང་གི་སྤྱི་ཚོགས་རྙིང་པའི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་ཁྲོད་དུ་གནས་པའི་དབྱེ་མཚམས་འགའ་མཚོན་པར་བྱས་ཡོད་པ་སྟེ། མཐོ་རིམ་སྐུ་དྲག་དང་ཞིང་བྲན་བར་གྱི་གྲལ་རིམ་གྱི་དབྱེ་མཚམས་དང་དགེ་འདུན་པ་དང་ཁྱིམ་པ་བའི་བར་གྱི་དབྱེ་མཚམས། དམའ་རིམ་མི་སྣ་ཕན་ཚུན་བར་གྱི་དབྱེ་མཚམས་བཅས་གསལ་པོར་བྲིས་ཏེ།སྐབས་དེའི་སྤྱི་ཚོགས་ཀྱི་སྣང་བརྙན་ཧྲིལ་བོ་ཞིག་དང་འཚོ་བའི་མེ་ལོང་ཞིག་མངོན་པར་གཏད་ཡོད། དེར་མ་ཟད། དེབ་འདིའི་མཇུག་ཏུ་ཚེ་རིང་ནོར་བུ་ལགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང་དུ་འཆད་ཁྲིད་གནང་བའི་སྒྲ་ཕབ་ཟིན་བྲིས《མཚམས།》ཀྱི་བརྗོད་དོན་དང་གསར་རྩོམ་གྱི་བརྒྱུད་རིམ་ཞེས་པའི་རྩོམ་ཡིག་ཞིག་ཀྱང་བཀོད་ཡོད་པས《མཚམས།》ལ་རྒྱུས་ལོན་བྱེད་པར་དེ་བས་ཀྱང་སྟབས་བདེ་བཟོས་འདུག་ལ། རང་ཉིད་ཀྱིས་རྩོམ་ཡིག་འབྲི་བར་ཡང་ཁ་ཕྱོགས་དང་ཤེས་བྱ་མང་པོ་ཞིག་མཁོ་སྤྲོད་གནང་འདུག
 
15 སྙན་དེབ《ཆར་བའི་མེ་ཏོག》ཤོག་ངོས 193 བྱོན། དཀོན་མཆོག་རྒྱལ་པོས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2023 ལོའི་པར་མ།

[ནང་དོན་གནད་བསྡུས།] འདི་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི“སྨིན་དྲུག”བོད་ཀྱི་ན་གཞོན་ཚིགས་བཅད་སྙན་ངག་དཔེ་ཚོགས་སུ་བདམས་པའི་སྙན་དེབ་ཞིག་ཡིན། སྙན་དེབ་འདིའི་ནང་དུ་བསྡོམས་པས་ཚིགས་བཅད་སྙན་ངག་ལྔ་བཅུ་ལྷག་བསྡུས་འདུག  རྩོམ་པ་པོས་སྙན་ངག་འབྲི་བར་ཐོས་བསམ་དང་དཔེ་ཀློག་ནི་མ་མཐའི་ཆ་རྐྱེན་དང་པོར་འདོད་པས། ཚོར་བ་ཁོ་ན་དང་རྗོད་བྱེད་སྙན་མི་སྙན་ཙམ་ལ་མ་བལྟས་པར་རིག་གནས་ཤིག་གི་གཏིང་ཟབ་ས་དང་རྫོང་མཐུག་ས་དེ་བཙལ་ཅི་ཐུབ་བྱས་འདུག  དེ་བས་ཁོང་གི་སྙན་ངག་ལ་འཚོ་བ་དངོས་ཀྱི་ཉམས་མྱོང་དང་ཚོར་བའི་ཁམས་སོགས་རང་ཤུགས་ཀྱིས་གྲུབ་པར་མ་ཟད། ལྷག་པར་དུ་ཁོང་གི་སྙན་ངག་ལ་ཚིག་རྒྱན་རིག་པའི་ཁྱད་ཆོས་དང་གཏན་ཚིགས་ཀྱིས་ཕྱུག་པའི་དགེ་མཚན་ཞིག་མངོན་པར་ཐོན་ཡོད་སྙམ།
 
16 《ཇུས་བློའི་ཁུག་པ་སོ་དྲུག》ཤོག་ངོས 170 བྱོན། མ་རྩོམ། མིང་མེད། ཀུང་ཞུན་གྱིས་བསྒྲིགས། ཤ་བོ་ཚེ་བརྟན་གྱིས་བསྒྱུར།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022 ལོའི་པར་མ།

[ནང་དོན་གནས་བསྡུས།] དེབ་འདི་ནི་ཀྲུང་གོའི་གནའ་རབས་ཀྱི་དམག་དོན་བསམ་བློ་དང་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་གཅུག་ཏུ་བསྡུས་པའི་དཔེ་ཆ་ཞིག་སྟེ། བློ་གྲོས་ཀྱི་ཉིང་བཅུད་དང་དམག་ཇུས་ཀྱི་བང་མཛོད་ཅེས་བསྔགས་པར་བྱེད། 《ཇུས་བློའི་ཁུག་པ་སོ་དྲུག》ཅེས་པར་བསྡོམས་པས་བམ་པོ་དྲུག་དང་། བམ་པོ་རེར་བྱེ་བྲག་ཏུ་ཇུས་བློ་དྲུག་དྲུག་བྱས་པའི་ཇུས་བློ་སོ་དྲུག་བཞུགས། དེབ་འདི་ལས་གནའ་བོའི་ཞི་དྲག་དང་དྲང་འཁྱོག རྒོལ་སྲུང་། ཕན་ཚུན། གཞི་མགྲོན་སོགས་དམག་འཐབ་ཀྱི་དགེ་མཚན་དང་ཤེས་བྱ་མང་པོ་ཞིག་རྟོགས་པར་འགྱུར་རོ།
 
17 《ཐང་སིན་བླ་མའི་རྟོགས་བརྗོད།》ཤོག་ངོས 312 བྱོན། ཨུ་ཆིན་ཞན་གྱིས་བསྒྲིགས། དོན་ཡོད་རྣམ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987 ལོའི་པར་མ།

[ནང་དོན་གནད་བསྡུས།] 《ཐང་སིན་བླ་མའི་རྟོགས་བརྗོད།》འདི་ནི་སྐུ་ཞབས་ཨུ་ཆིན་ཞན་གྱིས་མ་རྩོམ་སྟབས་བདེར་བཏང་སྟེ། ཇེ་ཉུང་དུ་བཏང་ནས་ཉིང་བཏུས་ཀྱིས་བསྒྱུར་པ་ཞིག་ཡིན། ལོ་ཙྭ་བ་དོན་ཡོད་རྣམ་རྒྱལ་ནི་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་འཇིགས་མེད་ཐེག་མཆོག་ཚང་ཡིན། 《ཐང་སིན་བླ་མའི་རྟོགས་བརྗོད།》ནི་གནའ་རབས་ཀྲུང་གོའི་གཏམ་རྒྱུད་ཆེན་པོ་གསུམ་ནང་གི་གཅིག་ཡིན། སྡེ་སྣོད་འཛིན་པ་ཐང་སིན་འཁོར་བཅས་ཀྱིས་ལམ་གྱི་དཀའ་ངལ་མང་པོ་ཁྱད་དུ་བསད་ཅིང་། བདུད་སྲིན་མང་པོའི་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ། མི་ལོ་བཞི་བཅུའི་རིང་ལ་ཤར་ནུབ་ས་འཛིན་གྱི་འཇུག་ངོགས་དཔག་ཚད་ཆིག་འབུམ་བརྒྱད་སྟོང་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་བརླབས་ནས་འཕགས་ཡུལ་ཆོས་ཀྱི་ཞིང་དུ་ལྷགས། རྣམ་འདྲེན་ཐུབ་ཆེན་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ། བཀའ་བསྟན་དྲི་མ་མེད་པའི་གླེགས་བམ་ལྔ་སྟོང་ལྷག་གདན་དྲངས་ནས་ཤར་ཕྱོགས་ཐང་གུར་གྱི་རྒྱལ་ས་ཆེན་པོ་ཁྲང་ཨན་དུ་བྱོན་པའི་ངོ་མཚར་གཏམ་གྱི་རོལ་མོ་ཀུན་ནས་སྙན་པར་གྲགས་སོ། །
 
18 《བཞིན་བཟང་མ་གཏུམ་དྲག་རོལ་པའི་སྒྲུང་།》ཤོག་ངོས 195 བྱོན། བློ་བཟང་རྒྱལ་མཚན་གྱིས་བརྩམས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1987 ལོའི་པར་མ།

[ནང་དོན་གནད་བསྡུས།] སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་ན་གྲོང་ཁྱེར་ཆེན་པོ་ལྷའི་དགའ་ཚལ་ཞེས་པ་ཞིག་ཡོད་པར་རྒྱལ་པོ་བློ་གྲོས་རབ་བརྟན་ཞེས་པ་སྟོབས་དང་མངའ་ཐང་གིས་སྙེམས་པ་ཞིག་ཡོད་པར། བུ་མ་སྐྱེས་ནས་དཀོན་མཆོག་ལ་མཆོད་པ་དབུལ་བོ་ལ་སྤྱིན་པ་སོགས་དགེ་བ་མང་པོ་བསྒྲུབ་མཐར་སྲས་མོ་ཞིག་བཙས་པ་ལ་ཡིད་འཛིན་མ་ཞེས་བཏགས། རྒྱལ་པོ་དེ་ལ་བློན་གྱི་གཙོ་བོར་གྱུར་བ་སྣག་དབོན་སྲིད་པ་རྒན་པོ་དང་། དགུང་བློན་སྟོབས་ཆེན་གྲགས་འབར་བྱ་བ་གཉིས་ཡོད། ནམ་ཞིག་ལ་དགུང་བློན་སྟོབས་ཆེན་གྲགས་འབར་དེ་རྒས་ཤིང་འཁོགས་པར་གྱུར་ཏེ་སྲིད་བློན་ལ་གནང་བ་ཞུས་ཏེ་ངལ་གསོས་སོ། དེ་ནས་སྣག་དཔོན་སྲིད་པ་རྒན་པོ་དེས་གཡོ་དང་སྒྱུ་ཡིས་བློན་པའི་ཚོགས་ཀྱི་གོ་ས་ཡོངས་སུ་བཟུང་སྟེ་ཁྲིམས་མེད་ལུགས་མེད་བྱས་པས་འབངས་ཀྱི་བློར་མ་བབས་ཤིང་། མཐའ་བཞིའི་རྒྱན་ཕྲན་དག་གིས་བརྙས་པར་བྱས་པས་རྒྱལ་པོ་བློ་གྲོས་བརྟན་པས་དགུང་བློན་སྟོབས་ཆེན་གྲགས་འབར་གྱི་བྱས་རྗེས་དྲན་ཞིང་སེམས་སྐྱོ་ངལ་གྱིས་གནར་རོ། ཚུལ་དེ་དགུང་བློན་སྟོབས་ཆེན་གྲགས་འབར་གྱིས་ཤེས་ཏེ། རང་ཉིད་ལོ་ན་རྒས་པས་དམག་སྣ་འདྲོངས་མི་ནུས་པའི་སེམས་ཁུར་བྱེད་པ་བུ་མོ་ཆུང་བ་བསོད་ནམས་ལྷའི་དབོན་མོ་ཤེས་ཏེ། ཡབ་ཀྱི་མདུན་ནས་དམག་འཐབ་ཀྱི་ཆོ་ག་མ་ལུས་སྦྱངས་ཏེ། ཕོ་རུ་བརྫུས་ནས་དམག་ལ་ཞུགས་ཏེ་ཕ་རོལ་དགྲ་བོའི་ཚོགས་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་ཉེན་ཁ་ལས་བསྐྱབས་པའི་ལོ་རྒྱུས་ཞིབ་པར་བཀོད་ཡོད།
 
19 《ལམ་གྱི་བདེན་པ།》ཤོག་ངོས 182 བྱོན། སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་བརྩམས། སྒྲོལ་དཀར་ཚེ་རིང་གིས་བསྒྱུར། ཀྲུང་གོ་མི་དམངས་རིག་གནས་སྒྲོག་སྤེལ་དཔེ་སྐྲུན་ཁང་གིས་བསྐྲུན། 2019 ལོའི་པར་མ།

[ནང་དོན་གནད་བསྡུས།] དེབ་འདིའི་ནང་དུ་སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་མཆོག་གིས་པེ་ཅིན་སློབ་ཆེན་དུ་གནང་བའི་གསུང་བཤད་དང་སན་ཀྲི་སློབ་གླིང་དུ་གནང་བའི་གསུང་བཤད། དེ་མིན་རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་ཁག་ནས་གནང་བའི་བཀའ་སློབ་དང་ལེགས་བཤད། བཅར་འདྲི་སོགས་རྩོམ་ཡིག་བཅུ་ལྷག་གིས་གྲུབ་ཡོད། ཁོང་གི་རིག་ལམ་གསལ་ཞིང་གཏན་ཚིག་གིས་ཕྱུག་པའི་ལེགས་བཤད་དེ་དག་གིས་མི་རྣམས་ལ་འཇིག་རྟེན་གྱི་ཡང་དག་པའི་ལྟ་བ་དང་ནང་ཆོས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་བདེན་པ་ངོ་སྤྲོད་གནང་ཡོད།
 
20 《བྱང་ཆུབ་ལམ་རིམ་ཆེན་མོ།》ཤོག་ངོས། 813 བྱོན། རྗེ་ཙོང་ཁ་བས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1985 ལོའི་པར་མ།

[ནང་དོན་གནས་བསྡུས།] འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནས་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་པའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ཀྱི་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ལེགས་པར་བཤད་པའི་བསྟན་བཅོས་འདི་ལ། ཐོག་མར་མཆོད་བརྗོད་དང་གདམས་པ་སྔོན་དུ་འགྲོ་བའི་རིམ་པ། དེ་ནས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལས། སྨོན་སེམས་སྦྱང་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པའི་ཚུལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པས། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་ཇི་ལྟར་བསླབ་པའི་ཚུལ། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་ཇི་ལྟར་བསླབ་པའི་ཚུལ་སོགས་རྒྱལ་བའི་དགོངས་པ་ཇི་བཞིན་དུ་བཀྲལ་ཏེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི《བྱང་ཆུབ་ལམ་སྒྲོན།》གྱི་གཞུང་བསྲིངས་ཡོད། 
 
21《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཁྲིད་ཟིན་བྲིས་སུ་བཏབ་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས།》ཤོག་ངོས། 338 བྱོན། སྟག་ལྷ་ཚེ་བརྟན་གྱིས་ཟིན་བྲིས་སུ་བཀོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2023 ལོའི་པར་མ།
[ནང་དོན་གནད་བསྡུས།] སྤྱོད་འཇུག་ཟིན་བྲིས་འདི་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེའི་གྲུབ་མཐའ་རིས་སུ་མ་ཆད་པར་མདོ་སྔགས་ཀྱི་གཞུང་མང་དུ་ཐོས་པའི་ཕ་རོལ་ཏུ་སོན་པ། ནགས་གྱའི་སྨན་རབས་དྲུག་པ་མི་བསྐྱོད་སྤྲུལ་སྐུ་འཇིགས་མེད་མཁས་གྲུབ་རྒྱ་མཚོའམ་སྔགས་ཕྱོགས་ཀྱི་བླ་མ་ཨ་ལགས་འཇམ་དབྱངས་ཚང་གིས་གོ་སླ་ཞིང་དོན་འདུ་བའི་ངང་རྒྱས་པར་འཆད་ཁྲིད་གནང་བ་དད་ལྡན་པ་སྟག་ལྷ་ཚེ་བརྟན་གྱིས་ཟིན་བྲིས་སུ་བཏབ་པ་ཞིག་ཡིན།
  སྤྱིར《སྤྱོད་འཇུག》ཆེན་མོའི་གཞུང་འདི་དཔལ་ན་ལེནྜ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་གསུངས་པ་ཡིན་ལ། འདིར་ཨ་ལགས་འཇམ་དབྱངས་ཚང་གིས་དཔལ་ན་ལེནྜའི་སློབ་དཔོན་རྣམས་ཀྱི་ཇི་ལྟར་འཆད་པ་བཞིན་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་ཁྲིད་གནང་བ་རེད། ཁོང་གིས་ཚང་མར་གོ་བདེ་བའི་ཆེད་དུ་བསྟན་བཅོས་ཀྱི་ནང་དོན་ཞིབ་རྒྱས་སུ་བཀྲལ་ཏེ་ཧ་ཅང་གོ་སླ་བའི་ངང་འཆད་ཁྲིད་གནང་ཡོད་པས་སྐྱེ་བོ་མཆོག་དམན་ཀུན་གྱི་བསོད་ནམས་ཀྱི་བགོ་སྐལ་ཉིད་དུ་ངེས། ཡིན་ནའང་ལེའུ་དགུ་བ་ཤེས་རབ་བསྟན་པའི་ལེའུ་ནི་དཀའ་གནད་ཅན་ཡིན་ཕྱིར་ཁོང་གིས་མ་གསུངས་ལ། ཤེས་པར་འདོད་པ་དག་གིས་གསན་པར་འདོད་ན་སྐྱེས་ཆེན་དམ་པ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་རྩ་འགྲེལ་ཆེན་མོའམ་མཁས་པ་གཞན་དག་གིས་འགྲེལ་བ་ལས་ཤེས་པར་འཚལ་ཅེས་ཟིན་བྲིས་པས་ཆེད་དུ་གསལ་ཁ་བཏོད་འདུག
 
                                                                                      2023ལོའི་ཟླ 12པར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།