རྩོམ་རིག་བསླབ་ཚན་དང་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་བར་གྱི་འབྲེལ་བ།

རྡོ་རྗེ།(ཆབ་མདོ) 琼迈文学网 2024-03-17

  ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཁོ་བོས་མཐོ་འབྲིང་བསླབ་གཞིའི་ནང་དུ་ཡོད་པའི་རྩོམ་རིག་བསླབ་ཚན་གྱི་ངོ་བོ་དང་ཁྱད་ཆོས་ཀྱིས་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་ཐེབས་པའི་ཤུགས་རྐྱེན་བརྗོད་ཡོད་ལ་ད་དུང་དེ་གཉིས་བར་གྱི་བདག་གཅིག་འབྲེལ་དང་། དེ་བྱུང་གི་འབྲེལ་བ་བརྗོད་པ་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཡོང་བར་དེ་གཉིས་ཀྱིས་ཐོན་པའི་ནུས་པའང་བརྗོད་ཡོད།

  བརྡ་ཆད་གཙོ་བོ། ཚོགས་སྤྱིའི་རྟོག་མེད་འདུ་ཤེས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན། ཚོར་འདུའི་འཇིག་རྟེན།

  མཐོ་འབྲིང་བོད་སྐད་ཡིག་གི་ངེས་སྤྱོང་བསླབ་ཚན་ཡིན་ཕྱིན་ཆད་དེའི་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་རབ་བྱེད་ཁག་མི་འདྲ་བ་བཞི་ལས་གྲུབ་ཡོད་པར་སྣང་སྟེ། ལྟ་ཀློག་དང་མྱོང་དཔྱད་དང་། གོ་བརྡ་སྤྲོད་པ་དང་བརྗེ་རེས། འཚོལ་དཔྱད་རང་བཞིན་གྱི་སློབ་སྦྱོང་། རྩོམ་རིག་ཤེས་བྱ་དང་ལེགས་རྩོམ་མཚམས་སྦྱོར་བཅས་ཡིན། དེ་དག་གི་ནང་ནས་ལྟ་ཀློག་དང་མྱོང་དཔྱད་ཀྱིས་བསླབ་གཞི་ཧྲིལ་པོའི་ནང་དོན་ཕལ་ཆེ་བ་ཟིན་ཡོད་ལ་དེའི་ནང་དོན་མང་ཆེ་བ་ནི་རྩོམ་རིག་གི་གཞུང་ལུགས་གསར་པའི་དགོངས་པ་ནས་བསྟན་པའི་རྩོམ་ལུས་ཆེན་མོ་བཞི་ཡི་ཁོངས་སུ་གཏོགས་པ་ཤ་སྟག་ཡིན་ལ་ནམ་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་དངོས་ཀྱི་ནང་དུ་ཡང་དགེ་རྒན་རྣམས་ཀྱིས་མིག་གི་འབྲས་ལྟར་ཡང་ནས་ཡང་དུ་སྲེལ་བར་བྱེད། ཕུན་སུམ་ཚོགས་པའི་རྒྱུ་རྐྱེན་དེ་དག་རྣམས་ཀྱི་འོག་རྩོམ་རིག་བསླབ་ཚན་དག་གིས་སློབ་མའི་ཡུལ་བདག་ཉིད་དང་ཡུལ་ཅན་གཉིས་ལ་ཕྱི་ནང་གསང་གསུམ་གྱིས་ཤུགས་རྐྱེན་ཐེབས་རྒྱུ་ནི་བརྗོད་མི་དགོས་ལ་ལྷག་པར་དུ་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་ཕན་པ་ལྕི་ནུས་ཐོན་ནས་རིག་གནས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་སློབ་མ་རང་ཉིད་མི་བུ་སྒེར་གཤིས་ཅན་དང་བསམ་གཞིག་ཅན། རིགས་དཔྱོད་ཅན་དུ་འགྱུར་ཐུབ་པར་སེམས།

  དེ་ནི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བར་སྣང་ཏེ་གོང་གི་ཅན་གསུམ་དང་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་དེང་སྐབས་བྱང་ཚད་སློབ་གསོ་ལ་སློབ་ཁྲིད་ཀྱི་དམིགས་ཡུལ་གསུམ་ཡོད་པའི་ནང་གི་གསུམ་པ་ཚོར་འདུའི་ཉམས་སྣང་དང་རིན་ཐང་ལྟ་བ་ཡི་སྲོག་ཤིང་བསམ་བློ་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ལ་ཆ་མཚོན་ན་ཡང་ཅན་གསུམ་དང་ལྡན་པའི་མི་སྣ་དགོས་འཁོ་ཤིན་ཏུ་ནས་ཀྱང་ཆེ་སྟེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས་ཀྲུང་དབྱང་ཤེས་ལྡན་མི་སྣ་གསོ་སྐྱོང་བསྐོར་གྱི་གལ་ཆེའི་ཚོགས་འདུའི་ཐོག་ཏང་གིས་སློབ་གསོའི་མགོ་ཁྲིད་ནས་འཛམ་གླིང་གི་ཚན་རྩལ་ལ་ཁ་ཕྱོགས་དགོས་པ་མ་ཟད་མི་དམངས་ཀྱི་འཚེ་སྲོག་བདེ་ཐང་ལའང་འགན་འཁུར་དགོས་པས་ང་ཚོའི་རྒྱལ་ཁབ་དེ་ངེས་པར་དུ་ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་ཡོད་པ་ནི་ཚད་མའི་གསུང་རང་ཡིན།

  དེ་ལྟར་ན། ཅན་གསུམ་དང་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་འབོད་ཚིག་ཕལ་པ་ཞིག་མ་ཡིན་པར་རྒྱལ་ཁབ་དང་མི་རིགས་དང་སྤྱི་ཚོགས་བཅས་ཕྱོགས་ཡོངས་ཀྱི་ལེགས་ཉེས་ལ་འབྲེལ་བ་ཡོད་པའི་སློབ་གསོའི་དམིགས་ཡུལ་གལ་ཆེན་ཞིག་ཡིན་པར་སྤྱི་བོ་གནམ་བསྟན་ཡོད་ཚད་ལ་ཐེ་ཚོམ་ཅིས་ནས་ཀྱང་ཡོད་མི་སྲིད།

  དང་པོ། མཐོ་འབྲིང་རྩོམ་རིག་བསླབ་ཚན་གྱི་སྐོར་གླེང་བ།

  གཅིག རྩོམ་རིག་བསླབ་ཚན་གྱི་ངོ་བོ།

  མཐོ་འབྲིང་རྩོམ་རིག་བསླབ་ཚན་ནི་མཐོ་འབྲིང་གི་བསླབ་གཞི་ཆ་ཚང་གི་གཙོ་གཞིའི་ནང་དོན་ཡིན་ལ་སློབ་ཚན་དུ་གྲགས་ཅན་རྩོམ་པ་པོའི་བརྩམས་ཆོས་ལེགས་གྲས་གཙོ་བོར་བཟུང་ཐོག་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་ཀྱང་མི་ཉུང་བར་བདམས་ཡོད་དེ་དག་གི་རྩོམ་ལུས་ཕལ་མོ་ཆེ་ནི་སྙན་ངག་དང་བརྩམས་སྒྲུང་དང་ལྷུག་རྩོམ་དང་ཟློས་གར་བཅས་བཞི་ལས་གྲུབ་པར་སྣང་། རྩོམ་རིག་བསླབ་ཚན་དག་གི་ངོ་བོ་ནི་སློབ་མ་རྣམས་ཀྱིས་རྩོམ་རིག་བསླབ་ཚན་དག་ལ་ལྟ་ཀློག་དང་རྒྱུས་ལོན་བྱས་ནས་ཕུལ་བྱུང་བརྩམས་ཆོས་དེ་དག་གི་སྐད་ཆའི་སྒྱུ་རྩལ་ལ་མྱོང་བ་དང་མྱོང་དཔྱོད། བསམ་གཞིགས་དང་ཤེས་རྟོགས། རྙེད་རྟོགས་དང་གསར་གཏོད་བྱ་རྒྱུ་ནི་རྨང་གཞིར་བཟུང་ནས་མཐའ་མའི་དམིགས་ཡུལ་ནི་རྩོམ་རིག་ནི་མིའི་རིག་པ་ཡིན་ཞེས་རྩོམ་རིག་སྨྲ་བའི་ཁྲོད་དུ་རླུང་ལྟར་གྲགས་པ་བཞིན།“མི་རང་ཉིད”འཚོལ་བ་དང་རྙེད་པ་བྱ་རྒྱུ་དེ་ཡིན་ལ་མི་རང་ཉིད་རྙེད་པ་ཞེས་པ་དེ་ཡང་དོན་དངོས་སུ་མིའི་སེམས་ཀྱི་འཇིག་རྟེན་ལ་རྒྱུས་མངའ་བྱས་ནས་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་དང་སེམས་ཁམས་ཀྱི་བརྩེ་བའི་ཚོར་འདུ་ཕུན་སུམ་ཚོགས་པར་བཏང་ནས་མི་གཤིས་ལ་སྐྱོན་ཅན་མ་ཡོང་བར་བྱ་རྒྱུ་དེ་ཡིན་ཏེ། 《རྒྱུད་བཞིའི》ནང་དུའང“མགོ་བོ་ན། །སྣ་ཆུ་འཛག་ཅིང་མགོ་འཁོར་ཡི་ག་འཆུས། །དེ་ལ་ཆང་བཏང་གཉིད་ལོག་གཏམ་སྙན་ཕན”ཞེས་གསུངས་པ་ལྟར་རྩོམ་རིག་གི་རྗོད་བྱེད་ཚིག་སྦྱོར་སྙན་པོ་དག་གིས་འགྲོ་བ་མིའི་སེམས་ཁམས་གསོ་བར་བྱས་ནས་མཐར་ནད་ན་ཚ་བཅོས་པར་ཕན་པའི་བསྐོར་བརྗོད་པ་བཞིན་ནོ། །

  གཉིས། རྩོམ་རིག་བསླབ་ཚན་གྱི་ཕན་ནུས།

  མཐོ་འབྲིང་བོད་སྐད་ཡིག་གི་བསླབ་ཚན་ལ་མཚོན་ན་དེའི་ནང་གི་ནང་དོན་གཙོ་བོ་རིགས་གཉིས་སུ་དབྱེ་ཆོག་སྟེ། སློབ་མའི་ཤེས་རིག་མཐོ་རུ་གཏོང་ཐབས་ཀྱི་བསྐོར་དང་གཅིག སློབ་མའི་བརྩེ་བའི་ནུས་པ་མཐོ་རུ་གཏོང་ཐབས་ཀྱི་བསྐོར་དང་གཉིས་སོ། །དཔེར་ན་མཐོ་འབྲིང་བསླབ་གཞིའི་ནང་དུ་ཡོད་པའི་ཚད་མ་རིག་པ་ཤེས་བྱ་ཁག་ནི་དང་པོའི་བསྐོར་ཡིན་ལ་སྙན་ངག་བསླབ་ཚན《སྒོ་འགྲམ་དུ》དང《ལང་ཚོའི་རྦབ་ཆུ》ལ་སོགས་ནི་དབྱེ་བ་གཉིས་པའི་བསྐོར་ཡིན། རྩོམ་རིག་བསླབ་ཚན་ལ་དེ་ལྟར་དབྱེ་བ་འབྱེད་པ་ནི་སློབ་མའི་སེམས་ཁམས་ཀྱི་འཕོ་འགྱུར་ཆོས་ཉིད་དང་བསྟུན་པའི་བསླབ་ཚན་བཀོད་སྒྲིག་བྱེད་སྟངས་ཚད་ལྡན་ཞིག་ཡིན་ཏེ། མི་བུ་ཞིག་ལ་མཚོན་ན་དེའི་ཤེས་རིག་དང་བརྩེ་བའི་ནུས་པ་གཉིས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ན་ད་གཟོད་མི་བུ་དེ་ཚད་ལྡན་ཡིན། ཤེས་རིག་འཕེལ་རྒྱས་གཏོང་བའི་རིག་གཞུང་ནི་ཚད་མ་རིག་པ་དང་གཏན་ཚིགས་རིག་པ། དངོས་ཁམས་རིག་པ་ལྟ་བུ་ཡིན་ལ་དེས་མིའི་རང་གཤིས་གཟབ་ནན་དང་དོ་ནན་དུ་བཟོ་ཐུབ་ལ་མིའི་རྗེས་དཔག་ཚད་མའི་ནུས་པ་མཐོ་རུ་གཏང་བ་དང་དེ་ལ་བརྟེན་ནས་མིའི་གསར་གཏོད་ཀྱི་འདུ་ཤེས་དང་སྒེར་གཤིས་ཀྱི་བསམ་བློ་རང་ཤུགས་ནས་ཡོང་ཐུབ་དེ་ནི་ནུབ་གླིང་སྤྱི་ཚོགས་ཀྱི་སློབ་གསོའི་ཁ་ཕྱོགས་ཀྱང་ཡིན་ནོ། །འོན་ཀྱང་། དེ་ལ་སྐྱོན་ཆེན་མོ་ཞིག་ཡོད་དེ་རིག་ཚན་དེ་དག་གིས་སློབ་མའི་སེམས་ཁམས་ཀྱི་བདེ་ཐང་དང་མི་གཤིས་ཀུན་སྤྱོད་ལ་སྣང་ཆུང་བཏང་བས་རིག་པའི་གཞུང་ལུགས་དེ་དག་གིས་གསོ་སྐྱོང་བྱས་པའི་སློབ་མ་དག་སྤྱི་ཚོགས་སྟེང་དུ་སླེབས་དུས་ཁྱིམ་ཚང་དང་སྤྱི་ཚོགས་དང་མི་རིགས་དང་རྒྱལ་ཁབ་བཅས་ལ་ཕན་ཐོགས་དང་མ་ཐོགས་ནི་ཐེ་ཚོམ་གྱི་གནས་སུ་འགྱུར་རོ། །

  གོང་དུ་བྱུང་བའི་སྐྱོན་དེ་རྣམས་ཏག་ཏག་རྩོམ་རིག་བསླབ་ཚན་གྱིས་ཁ་བསྐང་ཐུབ་སྟེ། རྩོམ་རིག་བསླབ་ཚན་གྱི་ཕན་ནུས་གཙོ་བོ་ནི་མིའི་ནང་སེམས་ཀྱི་འགྱུར་བའི་ཚུལ་དང་ལུས་ལང་ཚོའི་ཚེ་སྲོག་གི་དཔལ་དངོས་ཀྱི་རྣམ་པ་རིས་སུ་ཐོན་པར་འབྲི་ཆེད་ཆབ་སྲིད་དང་འདུ་ཤེས། ཀུན་སྤྱོད་དང་ཁྲིམས་ལུགས། ཁོར་ཡུག་དང་ཁྱིམ་ཚང་དེ་མིན་མི་སྣ་རང་གི་གཤིས་རྒྱུད་དང་བློ་སྟོབས། བག་ཉལ་གྱི་ཤེས་པ་བཅས་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་མི་ལ་ཞིབ་འཇུག་བྱ་རྒྱུ་[1]དེ་ཡིན་པས་རྩོམ་རིག་བསླབ་ཚན་དག་གིས་སློབ་མའི་ཚད་ལྡན་གྱི་མི་གཞི་ཡག་པོ་ཞིག་གསོ་སྐྱོང་བྱ་ཐུབ། དཔེར་ན། མཐོ་འབྲིང་བསླབ་གཞིའི་ནང་གི་བསླབ་ཚན《ར་ལོ》ལྟ་བུར་མཚོན་ན་དེས་སློབ་མའི་སེམས་ཀྱི་ནང་དུ་ཡོད་པའི་སྙིང་རྗེ་དང་བྱམས་པ་ལ་སོགས་བསྐྱེད་སྲིང་ཡོང་བར་ཕན་པ་ཡོད་དེ། སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་དུ་སློབ་མ་རྣམས་ཀྱིས་ར་ལོ་ཆུང་དུས་ནས་དྭ་ཕྲུག་ཡིན་པའི་ལས་དང་དེའི་རྐྱེན་གྱིས་ར་ལོའི་རང་གཤིས་“མ་ཆགས་འདུ་ཤེས”སུ་འགྱུར་ནས་འཚར་ལོངས་བྱུང་རྗེས་ཁོ་བོ་ལ་ཚེ་རོགས་མི་འཕྲད་པ་དང་ཚེ་རོགས་འཕྲད་ན་ཡང་མི་གཞན་གྱིས་འཕྲོག་པ་ད་དུང་སོ་སོ་ལས་ལོ་ཆུང་བ་དང་སྟོབས་ཆུང་བའི་སློབ་གྲོགས་གིས་ར་ལོ་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ་བཅས་ལ་བཅོས་མིན་གྱི་སྙིང་རྗེ་དབང་མེད་དུ་སྐྱེས་ལ་ཡང་ར་ལོའི་སྒྱིད་ལུག་གཤིས་ཀས་རང་ཉིད་སོ་སོའི་འཚོ་བ་ཕྲན་ཙམ་ཡག་ཏུ་ཕྱིན་ཡང་མཐའ་མ་འཁྱོངས་བ་དང་ཅི་བསམ་མདོ་མེད་དུ་འགྱུར་བ་ལ་སེམས་ཀྱི་གཏིང་ནས་ཁྲོ་བར་བྱས་པས་སོ། །དེར་བརྟེན །རྩོམ་རིག་བསླབ་ཚན་གྱི་ཕན་ནུས་སམ་བླ་སྲོག་ལྟ་བུ་ནི་མི་སྣའི་སྣང་བརྙན་གསར་བཞེངས་བྱ་རྒྱུ་དེ་མ་ཡིན་པར་སློབ་ཁྲིད་བྱས་པ་བརྒྱུད་ནས་སློབ་མའི་སེམས་ཁམས་བདེ་ཐང་དང་མི་གཤིས་ཀྱི་ཡག་ཕྱོགས་སྐྱོང་བར་བྱ་རྒྱུ་དེ་ཡིན། འོན་ཀྱང་གཞི་རིམ་གྱི་སློབ་གསོ་སློབ་ཁྲིད་དངོས་ཀྱི་ནང་དུ་དགེ་རྒན་རྣམས་པས་གཙོ་བོར་ཡིག་ཚད་ལ་དམིགས་ནས་རྩོམ་རིག་བསླབ་ཚན་གྱི་བེམ་པོ་ལྟ་བུའི་ཕྱིའི་རྣམ་པ་དེ་སློབ་མ་རྣམས་ལ་ཞིབ་བཤད་དང་རྒྱས་བཤད་བྱེད་པ་ལས་རྩོམ་རིག་བསླབ་ཚན་གྱི་རྣམ་ཤེས་ལྟར་གྱི་ཕན་ནུས་ལ་དོ་སྣང་ཡེ་ནས་མེད་བྱེད་པ་ནི༸གུང་ཐང་བསྟན་པའི་སྒྲོན་མེ་མཆོག་གིས་ཟབ་ཟབ་མན་ངག་ཟེར་དགུ་ཚོལ་བ་དང་། །ཐོབ་ཐོབ་མང་པོའི་རྣམ་གྲགས་གསོག་བྱེད་ཅིང་། །སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། །གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་། །ཞེས་གསུངས་པ་ལྟར་ཡིན་ནོ། །

  དོན་གྱི་མདོ་ཁ་དྲིལ་ན་དགེ་རྒན་རྣམས་པས་སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་དུ་གཡག་ཞ་རས་རྩྭ་བཟའ་བར་ལྟར་མ་ཡིན་པར་རྩོམ་རིག་བསླབ་ཚན་གྱི་ཕན་ནུས་གཤའ་མ་དེ་རྔོག་འདོན་བྱས་ནས་སློབ་མའི་མི་གཤིས་དང་སེམས་ཁམས་ཚད་ལྡན་གྱིས་གསོ་སྐྱོང་ཐུབ་ན་གཞི་ནས་ང་ཚོའི་སྤྱི་ཚོགས་དེ་འབྱོར་ཕྱུག་དང་དམངས་གཙོ་དང་ཤེས་དཔལ་དང་འཆམ་མཐུན་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཤིག་ཏུ་འཛུགས་བསྐྲུན་བྱ་བར་ཕན་པ་མངས།

  གཉིས་པ། ཚོགས་སྤྱིའི་རྟོག་མེད་འདུ་ཤེས་སྐོར་གླེང་བ།

  གཅིག ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་ངོ་བོ།

  ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཞེས་པའི་ཐ་སྙད་ནི་སེམས་ཁམས་རིག་པའི་ཆེད་སྤྱོད་ཐ་སྙད་ཡིན་པ་དང་དེ་ཐོག་མར་སི་ཝེས་ཙེར་གྱི་སེམས་ཁམས་རིག་པ་མཁས་ཅན་༸རུང་གེ་ཡི་《ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་དོན་སྤྱི》ཞེས་པའི་རྩོམ་ཡིག་ནང་དུ་བྲིས་ཡོད། ཁོང་གིས་རང་ཉིད་ཀྱི་དགེ་རྒན་༸ཧྥུ་རོ་དབྱི་ཌ་ཡི་ལི་པོ་ཏི(libido)ཞེས་པའི་རྣམ་གཞག་ལ་དགག་པ་ཚ་ནན་རྒྱབ་ནས་ཤེས་པ་ལ་གསུམ་དུ་དབྱེ་བའི་ནང་གི་བག་ཏུ་ཉལ་བའི་ཤེས་པའི་འབྱུང་ཁུངས་ནི་སྒེར་གྱི་རྟོག་མེད་འདུ་ཤེས་མ་ཡིན་པར་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཡིན་པའི་ཤིང་རྟའི་སྲོལ་འབྱེད་ཡོད།

  ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཞེས་པ་ནི་ཐུན་མོང་དང་། ཡོངས་གྲགས། ལྷན་སྐྱེས་བཅས་ཡིན་ཏེ། དེ་ནི་མི་རིགས་དང་རྒྱལ་ཁབ། དངོས་རྫས་ཀྱི་ཁྱད་པར་གང་ཡང་མེད་པར་ལྡན་མིན་འདུ་བྱེད་ཚང་མ་ལ་ལྷན་སྐྱེས་ནས་ཡོད་པའི་ཐུན་མོང་གི་རྟོག་མེད་འདུ་ཤེས་ཤིག་ལ་གོ་དགོས་པ་དང་དེའི་འབྱུང་ཁུངས་ནི་མི་རབས་ནས་མི་རབས་ཚེ་རབས་ནས་ཚེ་རབས་བར་རིགས་རྫས་ཐོག་ནས་བརྒྱུད་འཛིན་བྱས་ནས་བྱུང་བ་ལས་རྗེས་འབྲེལ་ནས་ཡོང་ཐབས་མེད་ལ་ད་དུང་དེའི་ཤེས་པའི་ནང་དུ་གཏན་ནས་མངོན་མ་མྱོང་སྟབས། མི་སྒེར་ལས་ཐོབ་ཐབས་བྲལ་བ་ཞིག་རེད། དེའི་ནང་དོན་གཙོ་བོ་ནི་གདོད་རྣམ་གྱིས་གྲུབ་པ་ཡིན། དེར་བརྟེན་གདོད་རྣམ་ནི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་སྲོག་ཤིང་ལྟ་བུ་ཡིན།

  གདོད་རྣམ་ཞེས་པ་ནི་རང་རེའི་གཞུང་ནང་གི་ཁམས་བདེ་གཤེགས་དབང་པོ་དང་འདྲ་བའི་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་གཅིག་ལ་གོ་དགོས་པ་དང་དེ་ནི་ཡུལ་དུས་གང་དུའང་རྒྱུ་རྐྱེན་ཅི་ལའང་ལྟོས་མི་དགོས་པར་རང་དབང་ངང་ནས་སླར་མཚོན་ཐུབ་པ་ཞིག་ཡིན།གདོད་རྣམ་དེ་རིགས་གཉིས་སུ་དབྱེ་སྟེ། སྣང་བརྙན་གྱི་རིགས(types of figures)དང་ཡུལ་ཁམས་ཀྱི་རིགས(types of situation)གཉིས་སོ། །སྣང་བརྙན་རིགས་ཀྱི་ཁྲོད་དུ་ཁོང་གིས་མིའི་རིགས་ཀྱི་སྣང་བརྙན་དང་འབྲེལ་བའི་གདོད་རྣམ་མང་པོ་དཔེ་རུ་བཀོད་ཡོད་དེ། དཔེར་ན་གྲིབ་གཟུགས། མི་གཤིས་ཀྱི་ངོ་འབག དྲང་སྲོང་ལྟ་བུ། ཡུལ་ཁམས་ཀྱི་རིགས་ཀྱང་རྩོམ་རིག་ཐོག་ཏུ་རྒྱུན་དུ་མཐོང་རྒྱུ་ཡོད་དེ། དཔེར་ན། ཏན་ཏིང་གི《ལྷའི་རོལ་དབྱངས》ནང་དུ་ཞིབ་འབྲི་གནང་བའི་དམྱལ་བ་དང་དག་ཞིང་སོགས་པའོ། །[2]

  དོན་དམ་ནས་བརྗོད་ན་གདོད་རྣམ་ནི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་ངོ་བོ་གནས་སའི་གཞི་དེ་ཡིན་པ་དང་། གདོད་མའི་སྐབས་ནས་ཡོད་པའི་ཤེས་བྱའི་རྣམ་གཙོ་གལ་ཆེན་ཞིག་ཡིན། རུང་གེ་ཡིས《གདོད་ནུས་དང་རྟོག་མེད་འདུ་ཤེས》ནང་དུ་གདོད་རྣམ་ནི་རྒྱུས་མངའ་བྱ་དགོས་པའི་རྣམ་གཙོ་གལ་ཆེན་ཞིག་ཡིན་ཏེ། འཚོ་བའི་ནང་དུ་ང་ཚོ་ཡོངས་ལ་ཐུན་མོང་གི་ལྟ་བ་དང་། ཡང་ནས་བསྐྱར་དུ་རྒྱུས་མངའ་བྱ་དགོས་པ་པའི་གནད་དོན་འཕྲད་དུས་ང་ཚོ་གདོད་རྣམ་དང་འབྲེལ་བ་བྱེད་བཞིན་ཡོད་ཅེས་གསུངས་པ་བཞིན། རྒྱུ་མཚན་དེ་ཡིས་དབང་གིས་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ནི་མི་ཡོངས་ལ་མངའ་བའི་ཤེས་པ་ཞིག་ཡིན་ཀྱང་མི་རྣམས་ཀྱིས་དུས་རྒྱུན་དུ་དེ་རྟོགས་མི་སྲིད་ལ་དེ་ལ་དོ་སྣང་དང་གཙིགས་ཆེན་མི་འཛིན། དེ་ནི་ཡུལ་དུས་དང་རྒྱུ་འབྲས་དམིགས་བསལ་ཅན་གྱི་སྐབས་ལ“དངོས་ཡོད་ཀྱི་སྣང་བརྙན”བརྒྱུད་ནས་མི་རང་མཚན་པས་མིའི་སེམས་ཀྱི་སྦུག་དང་ཤེས་པའི་གཏིང་ལ་རྒྱུས་ལོན་བྱ་ཐུབ། བྱ་རྡོ་ལམ་འཕྲད་བཞིན་དངོས་ཡོད་ཀྱི་སྣང་བརྙན་ནི་རྩོམ་རིག་ཁྲོད་དུ་ཁེངས་ནས་ཡོད་པས་མཐོ་འབྲིང་སློབ་མས་རྩོམ་རིག་བསླབ་ཚན་ནང་དུ་ཡོད་པའི་དངོས་ཡོད་ཀྱི་སྣང་བརྙན་དག་ལ་སློབ་སྦྱོང་དང་རྒྱུས་ལོན་བྱས་ནས་འགྲོ་བ་མི་རིགས་ཀྱི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་འཚོལ་རྟོགས་བྱ་ཐུབ་ལ་རིམ་བཞིན་བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་དག་སུ་ཞིག་མགོན་དུ་འགྱུར། །ཞེས་གསུངས་པ་ལྟར་སློབ་མ་རང་ཉིད་ཀྱིས་རང་ཉིད་སོ་སོ་ངོ་ཤེས་ཐུབ་བོ། །

  གཉིས། ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་ཁྱད་ཆོས།

  ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་དགོངས་པ་ལྟར། ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ནི་མིའི་རིགས་ཀྱི་ཐུན་མོང་གི་སེམས་ཁམས་སྒྲིག་གཞི་དང་ཐུན་མོང་གི་སྤྱི་ཚོགས་ལག་ལེན་ནས་བྱུང་བའི་སྤྱི་ཁྱབ་ཀྱི་འདུ་ཤེས་ལ་གོ་དགོས། དེར་བརྟེན། དེའི་ཁྱད་ཆོས་དང་པོ་ནི་ཐུན་མོང་གི་རང་བཞིན་ཡིན་ཏེ་ཐུན་མོང་གི་རིགས་རྒྱུད་དང་ཐུན་མོང་གི་སེམས་ཁམས་ལས་བྱུང་བ་ཡིན་པ་ལས་མི་སྒེར་དང་སྒེར་གྱི་བསམ་བློ་ལ་འབྲེལ་བ་ཡེ་ནས་མེད། འོན་ཀྱང་དེས་མི་སྒེར་དང་སྒེར་གྱི་བསམ་བློ་ལ་དུས་དང་རྣམ་པ་ཀུན་ཏུ་ཤུགས་རྐྱེན་ཐེབས་དང་ཐེབས་བཞིན་ཡོད། དཔེར་ན། རྒྱ་བོད་ཕྱི་སོགས་ཀྱི་རིག་གནས་ཁྲོད་དུ་ཡོད་པའི་དམྱལ་བ་ཞེས་པའི་བརྡ་ཆད་ལྟ་བུ། ཁྱད་ཆོས་གཉིས་པ་ནི། གདོད་མའི་རང་བཞིན་ཡིན་ཏེ། དེ་ནི་མི་རིགས་ཀྱི་གདོད་མའི་མེས་པོའི་སྐབས་ནས་ང་ཚོའི་ཀླད་པ་དང་རྣམ་ཤེས་སྟེང་དུ་ཡོད་པའི་རྟག་བརྟན་གྱི་དྲན་པ་ཞིག་ཡིན། དྲན་པ་དེ་ནི་མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བ་ནང་དུ་ཐེངས་སྟོང་གྲངས་མང་པོ་བསྐྱར་བཟློས་བྱས་པའི་སེམས་ཁམས་ཀྱི་ཉིང་བཅུད་དང་ཐེར་ཟུག་ཡིན།[3] དཔེར་ན། བོད་ཀྱི་གདོད་མའི་སྤྱི་ཚོགས་སུ་བྱུང་བའི་ལྷ་སྒྱུང་གི་རྣམ་པ་ལྡན་པའི་ངག་རྩོམ《སྲིད་པ་ཆགས་གླུ》དང《སྲིད་པའི་བ་ཆུང་བཤའ་གླུའི》ནང་གི་ལྟ་བ་མང་པོ་ཞིག་མི་རིགས་གཞན་གྱི་རིག་གནས་ནང་དུའང་ཡོད། ཁྱད་ཆོས་གསུམ་པ་ནི། སེམས་ཁམས་ཀྱི་རིགས་སྤྱི་ལ་སྣང་ཆེན་བྱས་ཡོད་དེ། མཁས་དབང་རུང་གེས་མིའི་སེམས་ཁམས་ནང་དུ་ཡོད་པའི་རྟོག་མེད་འདུ་ཤེས་ཚུད་པའི་དབང་ཤེས་ཡོ་དོ་ཅོག་ལ་ཐོབ་ཐང་དང་གོ་གནས་སྤྲད་ནས་མིའི་སེམས་ཁམས་ཀྱི་སེམས་བྱུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་རང་བྱུང་གི་གདོད་རྣམ་དང་སྤྱི་ཁྱབ་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་སེམས་ཁམས་ཀྱི་རིགས་སྤྱི་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཡོད་པ་དང་ཁོང་གིས་སྲོལ་རྒྱུན་གྱི་མཚན་ཉིད་རིག་པའི་ནང་དོན་ལས་འགལ་ནས་མི་མི་རང་ཉིད་སོ་སོར་འགྱུར་ཐུབ་པ་གནང་ཡོད། དཔེར་ན། ཁོང་གིསselfyཡིསegoགྱི་ཚབ་བྱས་པ་ལྟ་བུའོ། །

  འགྲོ་བ་མི་རིགས་ཀྱི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་ཁྱད་ཆོས་དེ་དག་ལྡན་ཡོད་ན་མིའི་བྱེ་བྲག་ཏུ་འགྱུར་བའི་སློབ་མ་ལ་ཡོད་པ་ནི་བརྗོད་མི་དགོས་པ་ཡིན་ལ་སློབ་མའི་རྒྱུད་ཀྱི་འདུ་ཤེས་དེ་ཡིས་ཆུང་ས་ནས་བཤད་ན་མི་རིགས་ཤིག་དང་ཆེ་ས་ནས་བཤད་ན་མིའི་རིགས་ཡོངས་ཀྱི་མ་འོངས་པར་འགྱུར་བ་གཏང་ངེས་ཡིན་པས་རྩོམ་རིག་བསླབ་ཚན་དང་སློབ་མའི་ཚོགས་སྤྱའི་རྟོག་མེད་འདུ་ཤེས་བར་གྱི་འབྲེལ་བར་དབྱེ་ཞིབ་བྱ་རྒྱུ་ནི་འགོག་མེད་ཀྱི་རི་གཟར་རྦབ་ཆུ་ལྟ་བུ་ཡིན་ནོ། །

  གསུམ་པ། དེ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ།

  གཅིག བདག་གཅིག་གི་འབྲེལ་བ།

  ཁྱིམ་ཚང་ཞིག་དང་མི་རིགས་ཤིག་ཐ་ན་རྒྱལ་ཁབ་ཅིག་གིས་ངོས་ནས་བཤད་ན་ན་གཞོན་གྱི་སློབ་མ་དེ་དག་ནི་རེ་བ་བཅོལ་སའི་གཞི་མ་འགངས་ཆེན་ཞིག་ཡིན་ལ་སློབ་མའི་རྒྱུད་ཀྱི་ཤེས་པ་དང་། མདུན་མའི་ཤེས་པ། བག་ཉལ་ཤེས་པ་བཅས་ལ་དོ་སྣང་བྱ་དགོས་པ་ནི་སྒོ་ངའི་ནང་གྱི་སེར་རིལ་ལྟ་བུར་སྣང་། སློབ་མ་ཞིག་ལ་ཆ་མཚོན་ན་ཆུང་ལོ་བདུན་ཙམ་ནས་རྒན་ལོ་རྩ་ལྔའི་བར་ཁྱོན་བགྲང་བྱ་བཅུ་ལྷག་ཙམ་རིག་པའི་གྲྭ་སར་བརྩོན་པ་བྱ་དགོས་ལ་ཁོང་ཚོའི་གཞོན་ནུའི་དུས་ཀྱི་དུས་ཚོད་ཕལ་མོ་ཆེའང་སློབ་གྲྭའི་ནང་དུ་བསྐྱལ་དགོས་པས་ཁོང་ཚོའི་སེམས་ཁམས་སྒྲིག་གཞི་དང་རིན་ཐང་ལྟ་ཚུལ། མི་ཚེའི་ལྟ་བ་སོགས་ཆགས་པར་བསླབ་གཞི་དང་བསླབ་གཞིའི་

  ནང་གི་རྩོམ་རིག་བརྩམས་ཆོས་དག་ལ་འབྲེལ་བ་ཆེན་པོ་ཡོད།

  རྩོམ་རིག་བསླབ་ཚན་དེ་དག་ནི་ཕུལ་བྱུང་རྩོམ་པ་པོའི་རྣམ་དཔྱོད་ཀྱི་ཉིང་བཅུད་ཡིན་ལ་ཕྱོགས་གཅིག་ནས་བཤད་ན་བརྩམས་ཆོས་དེ་དག་ལ་མི་རིགས་རང་གི་ཐུན་མིན་གྱི་ཁྱད་ཆོས་དང་འདུ་ཤེས་ཡོད་ལ་ཡང་ཕྱོགས་གཞན་ཞིག་ནས་བསམ་གཞིགས་ཞིབ་པར་བྱས་ན་དེ་དག་ནི་རྩོམ་པ་པོའི་དྲག་འཆོར་གྱི་ཚོར་འདུ་འབའ་ཞིག་ལས་བྱུང་བ་མ་ཡིན་ཏེ། འདུས་བྱས་ཡིན་པས་སོ། །འདུས་བྱས་ཡིན་ན་རྒྱུ་གཅིག་ལས་བྱུང་བ་མེད་པས་སོ། །ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས་སོ། །དེ་ལ་༸རྗེ་ཙོང་ཁ་པ་ཆེན་པོས་ཀྱང་དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནི་ཡོད་པས་མིན། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་གྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །དེའི་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །[4]ཞེས་གསུངས་པ་ལྟར་ཡིན། དེར་བརྟེན། རྩོམ་རིག་བསླབ་ཚན་དག་རྒྱུ་གཅིག་འབྲས་གཅིག་མ་ཡིན་པར་མི་རིགས་ཧྲིལ་པོའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་ཐུན་མོང་གི་ཆ་ཞིག་ཤོག་བུར་སྣུམ་འཐིམ་ཚུལ་དུ་ཡོད་པས་མཐོ་འབྲིང་བུ་སློབ་ཉ་མ་རྣམས་ཀྱིས་བསླབ་ཚན་དེ་དག་ཀློག་སྐབས་མིའི་རིགས་ཀྱི་མེས་པོའི་གདོད་མའི་འདུ་ཤེས་དག་ལ་བསྐྱར་དྲན་དང་སླར་མཚོན་བྱེད་བཞིན་ཡོད་དེ་༸རྡོ་རྗེ་རིན་ཆེན་ལགས་ཀྱི་བརྩམས་གནང་བའི《རྩོམ་རིག་གཞུང་ལུགས་གནད་བསྡུས》ནང་དུ་ཀློག་པ་པོ་རྣམས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་བསྟན་བཅོས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཀྱི་དཔལ་ལ་ལོངས་སུ་སྤྱད་པ་མ་ཟད་མི་སྣའི་སྣང་བརྙན་ལ་བརྟེན་ནས་མི་རང་གི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་ལུས་ཀྱི་ལང་ཚོའི་དཔལ་དང་ཉམས་སྣ་ཚོགས་ལ་ལོངས་སུ་སྤྱོད་པ་ནི་མིའི་རིགས་ཀྱི་མཛེས་རྟོག་གི་དགོས་འདོད་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་གསུངས་པ་ལྟར་ཡིན་ནོ། །

  སེམས་ཁམས་རིག་པ་མཁས་ཅན་༸རུང་གེའི་གདོད་རྣམ་ལྟ་བས་རྩོམ་རིག་སྒྱུ་རྩལ་ནི་མི་རིགས་ཀྱི་སེམས་པའི་གདོད་ནུས་ཀྱི་དགོས་མཁོ་དང་ལྷན་སྐྱེས་ཀྱི་འདོད་བློ་ཡིན་པ་ར་སྤྲོད་བྱས་པ་མ་ཟད་ད་དུང་རྩོམ་པ་པོས་རྩོམ་ཡིག་བྲི་བ་ནི་ཆེས་རང་དབང་ལྡན་པའི་ངང་ནས་བྲི་བར་མ་ཡིན་པར་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལའང་རག་ལས་པ་གཏན་འཁེལ་གནང་ཡོད། འོན་ཀྱང་། དེང་རབས་ཀྱི་སྤྱི་ཚོགས་ནང་མི་རྣམས་མིའི་རིགས་ཀྱི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་དང་ཁ་བྲལ་བཞིན་ཡོད་པས་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་འཇིག་རྟེན་ལ་ཉེན་ཁ་དང་གཏོར་བརླག་གཏོང་བཞིན་ཡོད། གལ་སྲིད་དེའི་རྒྱུན་མུ་མཐུད་གནས་ན་མཐའ་མ་ང་ཚོས་ང་ཚོའི་རྣམ་ཤེས་བོར་ནས་མིས་མི་ངོ་མི་ཤེས་པ་དང་མི་རིགས་དང་མི་རིགས་འཆམ་མཐུན་མེད་པ། རྒྱལ་ཁབ་དང་རྒྱལ་ཁབ་བར་འགྲོ་འོང་མེད་པ་བཅས་འཛམ་གླིང་ཐུན་མོང་གི་རྣམ་པ་རི་བོང་གི་རྭ་ལྟར་དུ་འགྲོ། རྒྱུ་མཚན་དེ་ཡི་དབང་གིས་རྩོམ་རིག་བསླབ་ཚན་དང་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་བར་བདག་གཅིག་གི་འབྲེལ་བར་གྲུབ་ཡོད་པ་སྙམ། གོང་དུ་ཁོ་བོས་བྲིས་ཟིན་པ་ལྟར་ང་ཚོས་སློབ་གསོ་སློབ་ཁྲིད་དངོས་ཀྱི་ཁྲོད་དུ་སློབ་མ་རྣམས་ལ་རྩོམ་རིག་བསླབ་ཚན་འཁྲིད་སྐབས་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་དང་རྩོམ་རིག་བསླབ་ཚན་དག་གི་རྒྱབ་ཏུ་གནས་ཡོད་པའི་འགྲོ་བ་མི་རིགས་ཀྱི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ངོ་བོ་གཅིག་ཏུ་ཡོང་བར་འབད་པ་ཡང་ནས་ཡང་། ཡང་ནས་ཡང་དུ་བྱ་དགོས། དེ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བ་ཡིན་ཏེ། ཀྲུང་གོའི་མཚན་ཉིད་རིག་པ་མཁས་ཅན་༸ལའོ་ཙེ་ཡིས“སྟོང་བ་ལས་གཅིག་སྐྱེས་པ་དང་གཅིག་ལས་གཉིས། གཉིས་ལས་གསུམ། གསུམ་གྱིས་ཤེས་བྱ་ཚང་མ་སྐྱེས[5]”ཞེས་གསུངས་པ་ལྟར་ཤེས་བྱ་ཡོངས་རྗོགས་ལ་ཐུན་མོང་གི་འབྱུང་ཁུངས་ཤིག་མངོན་ལྐོག་གཉིས་ཀའི་ལམ་ནས་གནས་ཡོད་པས་ང་ཚོ་མིའི་རིགས་དང་ཐ་ན་ཤེས་བྱ་ཚང་མ་བར་སྣང་སྟོང་ཁམས་ཆེན་པོའི་ཆེས་མཐར་གཏུགས་དང་དོན་དམ་པའི་ཐུན་མོང་གི་འབྱུང་ཁུངས་སམ་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལས་མི་འགལ་བར་གཅིག་ལ་གཅིག་བརྟེན་དང་གཅིག་བརྒྱུད་གཅིག་ལ་མཐུད་ནས་བྱུང་བ་ཤེས་ན་གཞི་ནས་མི་བུ་སོ་སོའི་སྒེར་སེམས་དང་འདོད་རྔམས་ཀྱི་གཤིས་ཀ་ཉུང་དུ་ཕྱིནད་ནས་མི་གཞན་དང་མི་རིགས་གཞན། གྲུབ་མཐའ་གཞན། ཆོས་ལུགས་གཞན། སྲོག་ཆགས་གཞན་བཅས་ལ་གདུང་སེམས་མཉམ་སྐྱེས་བྱ་ཐུབ། དེ་ལྟར་བྱུང་ན། སེམས་ཀྱི་ཞི་བདེ་དང་ངེས་པ་དོན་གྱི་བདེ་བ་རྙེད་ཐུབ་ལ་སྤྱི་ཁྱབ་ཧྲུའུ་ཅི་༸ཞི་ཅིན་ཕིང་གིས་གསུངས་གནང་བའི“མི་རིགས་ལས་དབང་གཅིག་མཐུན[6]”དགོངས་པའང་མངོན་འགྱུར་ཡོང་ཐུབ་ངེས།

  གཉིས། དེ་བྱུང་གི་འབྲེལ་བ།

  དུས་རབས་ཉེར་གཅིག་ནི་ཆ་འཕྲིན་དུས་རབས་ལས་འགལ་ནསAIདུས་རབས་ལ་སླེབས་ཟིན་པ་དང་དུས་རབས་འདི་ནི་མིའི་རིགས་ཀྱི་སྔར་སོང་གི་དུས་རབས་གང་འདྲ་ལས་ཀྱང་འཕེལ་རྒྱས་དང་ཛ་དྲག་ཆེ་བས་ཤེས་བྱའི་རྣམ་གྲངས་ནི་ས་ཡི་རྡུལ་ལྟར་མངས་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དེ་འདྲའི་འོག་མཐོ་འབྲིང་སློབ་མ་ཞིག་ལ་ཆ་མཚོན་ན་ཕྱིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དེ་རང་སོ་སོས་རྗེས་ཟིན་ཐབས་མེད་པས་སློབ་མའི་ལུས་སེམས་གཉིས་ལ་ཐེ་ཚོམ་དང་ཡིད་མུག རབ་རིབ་དང་རྨོངས་འཐོམ། བསམ་མེད་དང་མདོ་མེད་བཅས་མདོར་བསྡུས་ན་མི་ཚེ་ལ་དོན་སྙིང་མེད་པ་འདྲ་འདྲ་དང་རིན་ཐང་མེད་པ། རང་གིས་རང་སོ་སོ་ངོ་མི་ཤེས་པ་བཅས་སུ་འགྱུར་ཡོད། དེ་ནི་དུས་རབས་འདིའི་མིའི་ཐུན་མོང་གི་ངོ་བོ་འང་ཡིན། སེམས་ལྡན་མི་ཞིག་ལ་མཚོན་ན་སེམས་ཀྱི་འཇིག་རྟེན་སྟོང་བར་འགྱུར་ཚར་ན་ངེས་པར་དུ་ཕྱིའི་ལུས་དང་སྤྱི་ཚོགས་ནས་ཁ་བསྐང(Mental stimulation)དགོས་པས་ང་ཚོའི་འཚོ་བའི་ནང་དུ་དུག་རྫས་འཐེན་མཁན་དང་། འཇིགས་སྐུལ་གློག་བརྙན། རྒྱན་འཛུགས་བྱ་མཁན། འཁྲུག་དབྱིངས། མགྱོགས་བཟོས་ཀྱི་ཟ་མ་བཅས་འབྱུང་བའི་ཁུངས་ཀྱང་དེ་ཡིན་པར་སེམས།

  དེར་བརྟེན། རྒྱབ་ལྗོངས་དང་གནས་སྐབས་འདི་འདྲ་ཞིག་གི་འོག་ཏུ་རྩོམ་རིག་བསླབ་ཚན་དང་སློབ་མའི་ཚོགས་སྤྱིའི་རྟོག་འདུ་ཤེས་བར་ལ་དེ་བྱུང་གི་འབྲེལ་བའང་གྲུབ་ཡོད། གོང་དུ་ཁོ་བོས་བྲིས་ཟིན་པ་ལྟར་རྩོམ་རིག་བསླབ་ཚན་གྱི་ངོ་བོ་དང་ཕན་ནུས་མཐའ་གཅིག་ལ་གཏུགས་ན་མི་ཡིན་པས་ང་ཚོས་ཕུལ་བྱུང་གི་རྩོམ་རིག་བསླབ་ཚན་དག་ལ་བརྟེན་ནས་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ནང་ནས་ཡིད་འོང་བྱམས་པ་དང་སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག་བཅས་འགྲོ་བོ་མིའི་རིགས་ལ་མཚོན་ན་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་བའི་སེམས་བསྐྱེད་རླབས་ཆེན་དེ་དག་རྔོག་འདོན་ཡོང་ཐུབ་པ་དགོས། དེ་དག་ནི་དེང་གིAIདུས་རབས་ཀྱི་སྲོག་སྐྱོབ་སྨན་རྩྭ་ལྟ་བུ་ཡིན་ལ་མིའི་ངོ་བོའི་ངོ་བོ་ཡང་ཡིན། ༸རྗེ་ཙོང་ཁ་པས《ལམ་རིམ་ཆེན་མོའི》ནང་དུ་ཆོས་ལོགས་སུ་བཤད་པ་དེས་ཅི་བཤད་ཀྱང་གནད་དུ་མི་འགྲོ་བས་རང་གི་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཉན་པ་ཞིག་དགོས་ཞེས་གསུངས་པ་ལྟར་ཕྱིའི་ཆོས་སམ་ཤེས་བྱ་ཡོད་ཚད་ལ་སློབ་སྦྱོང་བྱ་དགོས་པའི་དམིགས་ཡུལ་ནི་ནང་སེམས་ཀྱི་ཡོན་ཏན་ངོ་མ་དག་བསྐྱེད་པའི་ཕྱིར་ཡིན་ནོ། །

  སེམས་ཁམས་རིག་པ་མཁས་ཅན་སྐུ་ཞབས་༸ཧྥུ་རོ་དབྱི་ཌིའི་དགོངས་པ་ལྟར་ན་མིའི་སེམས་ཁམས་ཀྱི་སྒྲིག་གཞི་ལ་དབྱེ་བ་ཆེན་པོ་གསུམ་ལ་ཕྱེ་ཡོད་དེ། ཤེས་པ་དང་། མདུན་གྱི་ཤེས་པ། བག་ཉལ་ཤེས་པ་བཅས་ཡིན། དེ་ན་མཐོ་འབྲིང་སློབ་མ་ལ་ཕྱོགས་གཅིག་ནས་གོང་གི་མིའི་རིགས་ཐུན་མོང་ལ་མངའ་བའི་དུས་རབས་ཀྱི་སེམས་ཁམས་གནས་ཚུལ་དག་ཡོད་པའི་སྟེང་ལ་ཐུན་མིན་གྱི་གནས་ཚུལ་འང་ཡོད་དེ་དཔེར་ན་ཕ་མ་དང་དགེ་རྒན་གྱི་ཁ་ལ་མི་ཉན་པར་རང་ལྟ་མཆོག་འཛིན་བྱེད་པ། རྒྱུགས་སྐར་མཐོན་པོ་མེད་པའི་རྐྱེན་གྱིས་རང་རྟོན་དམན་པ། རྒྱུན་དུ་ཁེར་སྡོད་ལ་དགའ་བས་སེགས་གཅོང་ནད་བྱུང་བ། ཕོ་མོའི་འབྲེལ་བར་ངོས་འཛིན་དམན་པས་འཁྲིག་སྤྱོད་ཀྱི་ལྟ་བ་ཡང་དག་མེད་པ། འགྲན་རྩོད་ཀྱི་འདུ་ཤེས་ཆེ་དྲགས་པས་མི་དང་མི་བར་ལ་བརྩེ་བ་མེད་པ་ལྟ་བུ། མདོར་བསྡུས་ན། སྔར་ཡོད་ཀྱི་འགྲོ་བ་མིའི་གདོད་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་ཆད་རིམ་བྱུང་བས་ཤེས་པ་དང་མདུན་གྱི་ཤེས་པ་ཕན་མེད་དང་སྟོང་བར་འགྱུར་ལ་མི་དང་མིའི་བར་གྱི་དྲང་བདེན་དང་བརྩེ་བ། དགེ་བ་དང་མཛེས་པ། ཡིད་ཆེས་དང་གུས་བཀུར་བཅས་ཉམས་པའི་དབང་གིས་ཡིན། དེར་མ་ཟད་ད་དུང་མ་མཐུད་དུ་འབྲེལ་མེད་དོན་གཞན་ཡིན་སྙམ་ནས་བསྡད་དྲགས་ན་རིམ་གྱིས་ང་ཚོའི་འཚོ་གནས་ཉག་ཅིག་ཏུ་འགྱུར་བའི་ས་ལྒང་གི་གོ་ལ་འདི་ཡང་མེད་པར་གཏང་སྲིད།

  མི་རིགས་ད་བར་དུ་ཉིན་མ་ནས་ཉིན་མ། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བར་འཚོ་ཐུབ་བར་བྱུང་བ་ནི་གཅིག་ནས་ཕྱིའི་ཚན་རིག་གི་ནུས་པ་ལ་བརྟེན་ཡོད་ལ་གཉིས་ནས་ནང་སེམས་ཀྱི་ནུས་ལའང་བརྟེན་ཡོད། རྒྱུ་མཚན་དེ་ཡི་དབང་གིས་རྩོམ་རིག་བསླབ་ཚན་དག་གི་ནང་དུ་སིམ་ནས་ཡོད་པའི་མིའི་རིགས་ཐུན་མོང་གི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ཀྱི་གདོད་རྣམ་ལ་བརྟེན་ནས་སློབ་མའི་འདུ་ཤེས་ནང་གི་བག་ཏུ་ཉལ་བའི་ཤེས་པའི་གཏིང་རིམ་རྔོག་འདོན་བྱ་དགོས་ལ་རིམ་བཞིན་ཤེས་པ་དང་མདུན་གྱི་ཤེས་པའི་སྟོང་ཆ་རྣམས་ཁ་བསྐོང་དགོས། དེ་ལྟར་བྱུང་ན། མིས་མི་སོ་སོ་ངོ་ཤེས་པར་འགྱུར་ལ་སློབ་མའི་བསམ་བློའི་ཐོག་གི་གསར་གཏོད་ཀྱི་ནུས་པ་དང་འཚོལ་དཔྱོད་ཀྱི་སྙིང་སྟོབས་སོགས་སྐུལ་དེད་བྱུང་ནས་ཡུལ་དུས་ཀྱི་ཚད་བཀག་ནས་བརྒལ་བའི་ཕྱིའི་དངོས་པོ་གསར་པ་བཟོ་ཐུབ་ལ་གདོད་རྣམ་གྱི་འཆིང་རྒྱ་ལས་གྲོལ་ནས་ནང་མིའི་གཤིས་ཀའི་ནང་དོན་གསར་པའང་རྙེད་ཐུབ། དེའི་སྐོར་ལ་སེམས་ཁམས་རིག་པ་མཁས་ཅན་རུང་གེ་མཆོག་གིས“རྩོམ་རིག་སྒྱུ་རྩལ་ནི་སྒྱུ་རྩལ་རྩོམ་པ་པོའི་སེམས་ནང་གི་ས་བོན་ཞིག་ཡིན་པ་དང་ས་བོན་དེ་ནི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་གདོད་མའི་མེས་པོ་རྣམས་ཀྱིས་བཞག་པ་ཡིན(འདིར་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ལ་གོ་དགོས)ལ་མིའི་རིགས་ཀྱི་མ་འོངས་པའི་ལོ་ཟླའི་ནང་ས་བོན་དེ་ལ་བརྟེན་ནས་མིའི་རིགས་སོ་སོ་སྐྱོབ་དགོས[7]”ཞེས་གསུངས་ཡོད་བཞིན།

  ང་ཚོས་རྩོམ་རིག་བསླབ་ཚན་གྱི་ལག་ཆ་དེ་བརྒྱུད་ནས་དང་ཐོག་མིའི་རིགས་ཀྱི་གདོད་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་དང་སློབ་མའི་འདུ་ཤེས་གཉིས་གཅིག་མཐུན་ཡོང་བ་བྱ་དགོས་ལ་གཉིས་ནས་རྩོམ་རིག་གི་ནུས་པ་ལ་བརྟེན་ནས་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་ནང་གི་དགེ་བའི་ནུས་པ་ཡོངས་རྫོགས་སྐུལ་སྤེལ་བཏང་ནས་མིའི་རིགས་དང་ཐ་ན་འཛམ་གླིང་ཧྲིལ་པོའི་རྒྱུན་མི་གཏོང་བར་བྱ་དགོས། རྒྱུ་མཚན་ནི་གཅེས་པར་འོས་པའི་བུ་སློབ་ཉ་མ་དེ་དག་ནི་ཁྱིམ་ཚང་དང་སྤྱི་ཚོགས་ཞིག མི་རིགས་དང་རྒྱལ་ཁབ་ཅིག མིའི་རིགས་དང་འཛམ་གླིང་དེའི་མིག་གི་འབྲས་དང་རེ་བའི་གཞི། གཏན་གྱི་འདུན་མ་བཅས་ཡིན་པའི་ཕྱིརད་ཏོ།། །།

  མཆན་དང་དཔྱད་གཞིའི་ཡིག་རིགས།

   [1] རྡོ་རྗེ་རིན་ཆེན། རྩོམ་རིག་གཞུང་ལུགས་གནད་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 2014ལོ། ཤ55
      [2] ར་ས་བསྟན་འཛིན་ཆོས་གྲགས། རྩོམ་རིག་མཐའ་དཔྱོད་ཀྱི་རིགས་ལམ། [M] མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ90
      [3] 沈燕 重返精神的家园——荣格的集体无意识与美学思想 [D] 硕士学位论文 20页
      [4] རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། རྟེན་འབྲེལ་བསྟོད་པ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤ45
      [5] 老子 道德经 [M] 北京联合出版公司2015年 84页
      [6] 中共中央党史和文献研究院编辑 论坚持推动构建人类命运共同体 [M] 中央编译出版社 73章
      [7] 荣格 《心理学与文学》[M] 三联书店 1987年 122、143页

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྩོམ་རིག་བསླབ་ཚན་དང་སློབ་མའི་ཚོགས་སྤྱིའི་རྟོག་མེད་འདུ་ཤེས་བར་གྱི་འབྲེལ་བ།

2024-03-17 རྡོ་རྗེ།(ཆབ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།