སྙན་དེབ«བདག་གི་རྟ་ཕོ»ཀློག་སྟངས་ཤིག

དཔོན་གསས།(ལྷ་ས) 琼迈文学网 2024-05-26

   «བདག་གི་རྟ་ཕོ» @སྙན་བུས་བརྩམས།
  དཔེ་སྐྲུན་མཁན། | མི་རིགས་དཔེ་སྐྲུན་ཁང་། | 出版发行 | 民族出版社
  དེབ་ཚད། | 开本 | 880mm 1230mm 1/48

  རྩོམ་པ་པོ་སྙན་བུ་ནི“རྟ་ཕོ”མེད་ན་སྙན་ངག་མི་ཕྲིས་པ་དང་། སྙན་ངག་མ་བྲིས་ན“མི་ཚེ”རོལ་མི་ཤེས་པའི་མི་ཞིག་ཡིན་ས་གདའ། དེ་བས་ཁོས་སྙན་དེབ“བདག་གི་རྟ་ཕོ”ཟེར་བ་འདི་བརྩམས་པ་ཡིན་འགྲོ།

  རྩོམ་རིག་གསར་པའི་སྙན་ངག་གི་དེབ«བདག་གི་རྟ་ཕོ»ནི་རྩོམ་པ་པོ་སྙན་བུས་བརྩམས་པའི་སྙན་ངག་གི་དེབ་ཅིག་ཡིན་པ་དང་། སྙན་ངག་གི་དེབ་འདི་སྙན་ངག་བརྒྱ་དང་བཅུ་བདུན་གྱིས་གྲུབ་ཅིང་ཚན་ཁག་བདུན་ལ་བགོས་ཡོད། ཚན་ཁག་བཞི་བའི་དཀར་ཆག་ཏུ“འོ་ཞིག་གི་བར་ཐག”ཆད་ཀྱང་དཀར་ཆག་གི་གོ་རིམ་ལ་གནད་དོན་བུད་མི་འདུག འོན་ཀྱང“འོ་ཞིག་གི་བར་ཐག”དཀར་ཆག་ནས་ཆད་བུད་བྱུང་བ་རྩོམ་སྒྲིག་པས་འགན་ཁུར་དགོས་པ་ཞིག་ཡིན་ངེས་པས་རྩོམ་པ་པོ་སྙན་བུ་ལགས་སུ་ཁག་ངན་གཡོགས་ཡོང་ས་ཡོད་རྒྱུ་མ་རེད།

  དེ་ལྟར་ཡང་རྩོམ་པ་པོ་སྙན་བུས་འགན་གཅོག་དགོས་པ་ཞིག་མེད་པ་མིན་ཏེ་ངས་བྱུང་རྒྱལ་མིན་པར་རྩོམ་པ་པོ་སྙན་བུ་ལགས་ནི་ཤོབ་མཁན་ཞིག་རེད་ཅེས་ཐག་ཆོད་པོས་སྨྲ་བ་སྤོབས་ཏེ། སྙན་དེབ«བདག་གི་རྟ་ཕོ»འི་ཤོག་ངོས་གཉིས་པར་རྩོམ་པ་པོ་སྙན་བུ་ལགས་ཀྱིས“ང་རང་གོ་སླ་ཞིང་གཏིང་ཟབ་པའི་སྙན་ངག་ཐུང་ཐུང་ལ་ཧ་ཅང་དགའ”ཞེས་སྨྲས་འདུག རྩོམ་པ་པོ་ཉིད་གོ་སླ་ཞིང་གཏིང་ཟབ་པའི་སྙན་ངག་ལ་དགའ་ན། རྩོམ་པ་པོ་ཉིད་ཀྱིས་ཅིའི་ཕྱིར་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱིས“གོ་སླ་བ”འི་སྙན་ངག་མ་བྲིས་པ་ཡིན་ནམ། ཡང་ན་སྐད་ཆ་གོང་དེས་རྩོམ་པ་པོ་ཉིད་སྙན་ངག་དེ་ལྟ་བུ་ཀློག་ལ་སྤྲོ་བ་སྟོན་པ་ཡིན། དེ་འདྲ་ཡིན་ན་ནི་ང་རང་བསམ་འཆར་གཞན་ཅི་ཡང་བགྲོ་རྒྱུ་མེད་པའི་ཀློག་མཁན་བཅོས་མ་ཞིག་ཏུ་གྲུབ་ཡོད།

  ང་རང་རྩོམ་པ་པོ་སྙན་བུ་ལགས་ཀྱི་སྙན་ངག་ཀློག་ལ་སྤྲོ་བ་ཆེན་པོ་ཡོད། གྲོགས་པོ་ཞིག་གིས་རྩོམ་པ་པོ་སྙན་བུའི་དེབ«བདག་གི་རྟ་ཕོ»ཡོད་པའི་དཔེ་ཁང་ཞིག་མཁོ་འདོན་བྱས་པ་མིན་ཚེ་ངས་དྲ་ལམ་ནས(淘宝)སྙན་དེབ«བདག་གི་རྟ་ཕོ»གཅིག་པུ་ལ་སྒོར་བདུན་ཅུ་བྱིན་ནས་བླུས་ཚར། དེས་དངུལ་ཁུག་སྲབ་ལ་ལོ་མ་ཞིག་དང་མཚུངས་པའི་ང་རང་རྩོམ་པ་པོ་སྙན་བུའི་བརྩམས་ཆོས་ཀློག་ལ་སྤྲོ་བ་ཆེ་བའི་བདེན་དཔང་ཆེན་པོ་བྱས་ཡོད།

  སྙན་དེབ«བདག་གི་རྟ་ཕོ»ཚན་ཁག་བདུན་ལ་བགོས་པའི་ཁག་དང་པོ་ནི«ཕ་རོལ་ནས་ཕ་རོལ་ལ་བལྟས་ན»ཡིན། ཁག་འདིར་སྙན་ངག་བཅུ་གཉིས་བསྡུས་ཡོད་ཅིང་སྙན་ངག་བཅུ་གཉིས་པོ་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་དུ་བྲིས་པ་དག་དག་ཡིན། ཆེས་ཀློག་སྤྲོ་བ་ནི«ཕ་ཡུལ»དང«རི་མོའི་ནང་གི་ཨ་ཕ»ཡིན།

  སྙན་ངག«ཕ་ཡུལ»ནི“ང་རྒྱང་རིང་ལ་སླེབས་ཡོད། རྒྱང་རིང་ནི་ངའི་ཕ་ཡུལ་ཡིན”ཞེས་བྲིས་ཡོད། སྙན་ངག་འདི་བྲའི་རྔ་མ་ལས་ཀྱང་ཐུང་ཡང་ཐུང་བ་ནི་ཀློག་མི་སྤྲོ་བའི་རྒྱུ་མཚན་དུ་མི་འགྲོ། ཚིག་རྐང་གཉིས་མ་གཏོགས་མེད་པ་ལ་ཚིག་བསྐྱར་ཟློས་ཀྱིས“རྒྱང་རིང”གཉིས་ཐོན་འདུག་ཀྱང་དེ་ནི་ང་རང་ཆེས་ཀློག་སྤྲོ་བའི་རྒྱུ་མཚན་ཡིན་ལ། རྩོམ་པ་པོས་ཆེས་འབྲི་སྙིང་འདོད་པའང་ཡིན་ངེས། འདིའི“རྒྱང་རིང”རེ་རེས“རྒྱང་རིང”མི་འདྲ་བ་རེ་རེ་བསྟན་ཡོད་ཅིང“རྒྱང་རིང”མི་འདྲ་བ་རེ་རེས་དོན་མི་འདྲ་བ“བྱེས་ཡུལ”དང“དྲན་པ”རེ་རེ་བསྟན་ཡོད། ཐུང་ཡང་བརྗོད་སྙིང་བྲོ་བ་ཀུན་སྙན་ངག་ཏུ་བྲིས་ཚར་བས་ཐུང་བ་ལ་ཐུང་བའི་མཛེས་པ་དང་རྒྱུ་མཚན་ཡོད་པས“རྩོམ་འདི་དེ་འདྲ་ཐུང་བ་ལ། རྩོམ་རིང་ན་ཡག”ཅེས་སྨྲ་བ་རྣམས་དང་། བརྩམས་ཆོས་ཀྱི་ཕྱི་ཡི་འགྲོས་དང་ནང་གི་སྒྲོམ་རྒྱན་ཐབས་དང་གཤིས་ལུགས་སོགས་ལ་མི་ལྟོས་པར་བལྟས་ཚོད་ཀྱིས་རིང་དུ་སྣང་བ་ཀུན་ཀྱང“སྙན་ངག”ཏུ་སྨྲས་ནས་བསྟོད་པར་འཐེན་པ་དག་ནི་བླུན་པོའི་གྲལ་དུ་ཞུགས་པར་མཛོད་ཅེས་སྨྲ་བ་སྤོབས་སོ། །

  སྙན་ངག«རི་མོའི་ནང་གི་ཨ་ཕ»ནི་སྙན་ངག«ཕ་ཡུལ»ལས་ཀྱང་ཅུང་རིང་པོ་ཞིག་རེད། སྙན་ངག«རི་མོའི་ནང་གི་ཨ་ཕ»ས་ཕ་དམ་པའི་ངལ་ཚེགས་གཙོ་བོ་སྨྲས་ཡོད། དེ་ནི་ཤིན་ཏུ་ཡིད་གར་འོང་བའི་སྙན་ངག་ཅིག་རེད། ཨ་ཕ་སློབ་གྲྭ་འགྲིམ་མ་ཐུབ་པ་དང་། ཨ་ཕ་ལུག་ཁྱུའི་མཐའ་ན་ཡོད་པ། ཨ་ཕ་སྐམ་ཐག་ཆོད་པ། ཨ་ཕ་མི་འདོད་ནད་ཀྱིས་བཟུང་བ། ཨ་ཕ་ཚེ་ལས་འདས་པ་དང་། ཨ་ཕར་ཡོད་པའི་འགྱོད་པ་བཅས་ཀྱིས་སྙན་ངག་འདི་དོན་ཚན་དྲུག་གིས་གྲུབ་ཡོད། ཚན་རེ་རེས་ཨ་ཕའི་སྡུག་བསྔལ་དང་ངལ་ཚེགས་བྲིས་ཤིང་། ཨ་ཕའི་བདེ་སྐྱིད་དང་དགོད་སྒྲ་བྲིས་ཡོད། ཨ་ཕ་འདི་རྩོམ་པ་པོའི་སྙན་བུའི་ཨ་ཕ་ཡིན་ལ། ང་དང་ཁྱོད་ཀྱི་ཨ་ཕའང་ཡིན། འདི་བོད་ཀྱི་ཨ་ཕ་ཡིན། འདི་མཐོ་སྒང་གི་ཨ་ཕ་ཡིན།

  ཁག་གཉིས་པ་ནི«ཟླ་འོད་འོག་ཏུ་སྙན་ངག་གྱེར་བའི་བུ་ཆུང»ཡིན། ཁག་འདིར་སྙན་ངག་བཅུ་གསུམ་བསྡུས་ཡོད་ཅིང་སྙན་ངག་བཅུ་གསུམ་འདི་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་གསུམ་དུ་བྲིས་པ་རྐྱང་རྐྱང་ཡིན། སྡེ་འདིའི་ནང་གི་ཆེས་ཀློག་སྤྲོ་བ་ནི«ངལ་དུབ»དང«ཟླ་བ་ཁྱོད་ཀྱིས»དང«དུས་ཚོད»ཅེས་པ་དག་ཡིན། ངལ་དུབ་ཀྱི་དུས་ཁེར་རྐྱང་ལ་དགའ་བའི་གཤིས་ཀས་ཀྱང་ང་རང་སྙན་ངག«ངལ་དུབ»ཀློག་ལ་སྤྲོ་བ་ཆེན་པོ་སྐྱེས། “མཚན་སྨག་གི་གླིང་ཀ་ན། ངལ་དུབ་ལ་གཞོལ་དཀའ་བའི་མི་ཞིག་གིས རང་གི་དབུགས་དབྱུང་ཡང་། ཐོས་འདོད་མེད་པར་འདུག”ཅེས་པ་ནི་རང་ཉིད་ངལ་དུབ་ཆེ་བའི་དུས་གཅིག་པུར་ཤག་གི་མལ་དུ་གན་ཀྱལ་གྱིས་འགྱེལ་བ་དང་ཤིན་ཏུ་མཚུངས། དེ་ནི་ཧ་ཅང་ལྷིང་འཇགས་དང་ཁེར་རྐྱང་ལ་དགའ་བའི་ངང་ཚུལ་ཞིག་ཡིན། སློབ་གསེང་དུ“ངལ་དུབ་ལ་ཅིས་ཀྱང་གཞོལ་དཀའ་བའི་མི་དེས། རང་ཉིད་ལ་གུ་ཡངས་ཐེངས་ཤིག་གནང་ཆེད། དགའ་སྐྱོ་གཉིས་ཀ་ལྷན་དུ་དཀྲུགས་དཀྲུགས་རྗེས། སོ་སོར་དབྱེ་འབྱེད་མི་ནུས་པར་བཏང”ཞེས་སྨྲས་པས། རྩོམ་པ་པོ་སྙན་བུ་ལགས་ཀྱིས་ང་རང་ཉིད་བྲིས་འདུག་པའི་མྱོང་ཚོར་རེ་འབུར་གྱིས་སྐྱེས་ཡོང་ལ་སློབ་གསེང་དུ“སེམས་པ་གནས་གཅིག་ཏུ། གྲག་མེད་འགུལ་མེད་དུ་འཇོག་ཁོམ་ཡང་མི་འདུག”པའི་དུས་ནི་ཤིན་ཏུ་མང་། འདི་ནི་ང་རང་སྙན་ངག«ངལ་དུབ»ཀློག་ལ་སྤྲོ་བའི་རྒྱུ་མཚན་ཡིན།

  སྙན་ངག«ཟླ་བ་ཁྱོད་ཀྱིས»ཀློག་ལ་སྤྲོ་དོན། དེ་རུ“མཛེས་སྡུག་གི་ཁེར་རྐྱང་ལས་འཕྲོས་པའི་འོད་ཀྱིས། མཚན་སྨག་གི་ལྷིང་འཇགས་བརྒལ་ནས། ང་དང་རང་ཉིད་བར་གྱི། རྒྱང་རིང་གི་རྨི་ལམ། དཀར་པོ་དཀར་གཙང་དུ་སྒྱུར་རོགས། ནམ་ཞིག་སྟོན་ལོ་བཞིན་ས་རུ་ལྷུང་ཡང་། ལས་འབྲས་དཀར་པོར་སྒྱུར་རོགས”ཞེས་པས་ཏེ། ངས་ཀྱང་མཚན་མོའི་སྨག་ནག་གི་ཁྲོད་དུ་མིག་བཙུམ་ནས་རང་ཉིད་ཀྱི་རྒྱང་རིང་དང་མ་འོངས་པར་བསམ་བློ་མང་པོ་བཏང་མྱོང་། བསམ་གཞིག་མང་པོའི་ཁྲོད་དུ་རྒྱང་རིང་གི་རྨི་ལམ་དང་རང་ཉིད་དཀར་པོར་འགྱུར་བའི་སྨོན་ལམ་བཏབ་མྱོང་ཞིང་། སྟོན་ལོ་བཞིན་སར་ལྷུང་བའི་ཉིན་ལའང་། དཀར་གཙང་གི་འོད་དང་འདྲེས་ཐུབ་པའི་སྨོན་ལམ་བརྒྱབས་པ་ཉུང་ཉུང་མིན།

  སྙན་ངག«དུས་ཚོད»དུ་བྲིས་པ་དུས་ཚོད་ཀྱིས་བསགས་པའི་ལས་མང་པོ་ཡོད། དུས་ཚོད་ནི་མ་གཞི་ནས་འཆི་བ་མེད་ཀྱང་གང་དུ་ཡང་སྐྱེ་བ་བླངས་པ་ཞིག་ཡིན་མོད། (“ཁྱོད་ལ་འཆི་བ་མེད་ཀྱང་ཁྱོད་གང་དུའང་སྐྱེ”) དུས་ཚོད་ནི“མདོར་དེད་ན་བརྩེ་དུང་ལའང་ཁྲེལ་གཞུང་མི་འདུག ཁྱོད་ཀྱིས་ཐག་པ་ཡོད་ཚད་སྔ་གཞུག་ཏུ་གཅོད་ཀྱིན་གཅོད་ཀྱིན་སོང”བ་ཞིག་ཡིན་ལ“ཅིའི་ཕྱིར་དུ་ཁྱོད་ནི་ཐེངས་གཅིག་བརྒལ་བའི་གཙང་བོ་སྟེ། ཕྱི་མིག་ཁྲོད་དུ་གཟོད་བོར་ཟིན་པ་དག་མཛེས་སྡུག་ཏུ་འཚེར”ཡོང་བ་ཞིག་ཡིན། དུས་ཚོད་ནི་དུས་ཚོད་རང་སྟེ་ཅི་ཡང་མིན། དུས་ཚོད་ནི་དུས་ཚོད་རང་སྟེ་མངའ་དབང་འཛིན་པའི་རྒྱལ་པོ་ཡིན།

  སྡེ་གསུམ་པ་ནི«ཤིས་སྤྲིན་གྱི་རྟ་ཕོ»ཡིན། སྙན་ངག་བཅུ་གཅིག་ཡོད། སྙན་ངག་བཅུ་གཅིག་འདི་ཉིས་སྟོང་བཅུ་བདུན་དང་བཅོ་བརྒྱད་དུ་བྲིས་པ་དག་དག་ཡིན་འདུག སྡེ་འདི་ལ་དམིགས་བསལ་བཤད་རྒྱུ་ཅུང་མེད་དེ། “རྟ་ཕོ”མ་གཏོགས་འབྲི་མི་ཤེས་པའི་རྩོམ་པ་པོ་སྙན་བུས་སྡེ་འདིར“རྟ་ཕོ”མ་གཏོགས་བྲིས་མི་འདུག ངས་རྩོམ་པ་པོ་སྙན་ངག་བུ་ནི་ཤོབ་མཁན་ཞིག་རེད་ཅེས་སྨྲ་དོན་ཡང་འདི་ཡིན་ཏེ། རྩོམ་པ་པོ་ཉིད་ཀྱིས་ཅིའི་ཕྱིར་རང་གི་དགའ་ཁ་འཁྱེར་ཕྱོགས་ཀྱིས་གོ་སླ་བའི་སྙན་ངག་མ་བྲིས་པ་ཡིན་ནམ།

  ངེས་པར་ཀློག་སྤྲོ་བའི་སྙན་ངག་གཅིག་དགོས་ཚེ«ཤིས་སྤྲིན་གྱི་རྟ་ཕོ»མ་གཏོགས་མེད། འདིའང་བཙན་པོའི་ཤུགས་ཆེ་སྟེ། ཆ་འཇོག་ས་ཞིག་ཀྱང་མི་རྙེད་པའི་སྡེ་འདིའི་ནང་གི་སྙན་ངག་དག་ནི“ཆར་ཐིགས་ཀྱིས་ནི་བྲག་ལ་ཨི་ཁུང་བརྟོལ་བ”ལས་ཀྱང་སྲ་མོ་ཞིག་ཏུ་སྣང་བས་སྡེ་གསུམ་པ་དེ་ཙམ་གྱིས་ཆོག་པར་ཞུ། །

  ཚན་བཞི་པ་ནི«འོ་ཞིག་གི་བར་ཐག»ཅེས་པ་རེད། དཀར་ཆག་ནས་བོར་བའི་སྙན་ངག་ཚན་པ་དེའང་རེད། ཚན་འདི་སྙན་ངག་བཅོ་བརྒྱད་ཀྱིས་གྲུབ་ཡོད། དེ་ནི་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་བཅས་སུ་བྲིས་པའི་སྙན་ངག་སྐོར་ཅིག་ཡིན། ཀློག་པ་ཤིན་ཏུ་སྤྲོ་བའི་སྙན་ངག«མཆི་མ་མར་ལྷུང་རྗེས་གར་སོང་ཆ་མེད་དུ་གྱུར་སོང»དང«འགུལ་བའི་སྙན་ངག»ཅེས་པ་ཡིན། ཁ་གསལ་ཞིག་ལ་སྡེ་འདིའི་ནང་གི་སྙན་ངག«ཟླ་བཅུ་གཉིས་པར»ཆ་ཚང་བཀླགས་མ་གྲུབ་མོད། དེའི་རྒྱུ་མཚན་ནི་ངས་ཀྱང་ཁ་གསལ་གྱིས་བརྡ་སྤྲོད་ཐུབ་པ་མི་འདུག སྙན་ངག«ཟླ་བ་བཅུ་གཉིས་པར»ཚན་པ་དྲུག་གིས་བརྩམས་འདུག ཚན་པ་གཉིས་པར་ཐོན་དུས་ང་རང་བར་མེད་ཀྱིས་ཀློག་འདོད་མེད་པ་ཞིག་ཆགས་སོང་། དེར་རྟེན། ངས་ཆ་ཚང་བཀླགས་མེད། ཡིན་ནའང་དེ་ནི་སྙན་ངག་འདི་བཀླགས་མ་གྲུབ་པའི་རྒྱུ་མཚན་ཡང་དག་ཅིག་འགྲོ་དཀའ་བ་རེད།

  སྙན་ངག«མཆི་མ་མར་ལྷུང་རྗེས་གར་སོང་ཆ་མེད་དུ་གྱུར་སོང»ནི་ཚན་པ་བཞིས་བྲིས་འདུག མིག་ཟུང་ཁྱོད་རང་མཐོང་ཆེད་དུ་ཕྱེས་པ་མིན་ནའང་། ཁྱོད་རང་མ་མཐོང་བས་གཞན་མཛེས་པར་བཀྲ་བ་ཅི་ཡང་མཐོང་བ་ཐམས་ཅད་མཐོང་བའི་དགོས་པ་བོར་ནས་རང་ཉིད་ལོང་པ་ཞིག་ཏུ་སྣང་བ་སྟེ“མིག་ཟུང་གིས་ཁྱོད་ཀྱི་གནས་སྐབས་ཙམ་ཡང་མཐོང་མི་ཐུབ་པའི་དུས་སུ། ངས་མཛེས་སྡུག་གི་བྱ་དངོས་ཅི་ཞིག་མཐོང་ནའང་། རང་ཉིད་གཞི་ནས་ལོང་པ་ཞིག་རེད་སྙམ་གྱིན་ཡོད”ཅེས་པ་དང“མིག་ཟུང་ནི་ནམ་ཡང་ཁྱོད་རང་མཐོང་བའི་ཕྱིར་དུ་ཕྱེ་དགོས་པ་མིན་ཏེ། ཁྱོད་རང་ལན་ཞིག་མཐོང་བས དུས་གཏན་དུ་སེམས་ལ་འཛིན་པ་དགོས་པ་ཞིག་ཡིན”ཞེས་བྲིས་པས་ཀྱང་མཐོང་ཐུབ། “ཁྱོད་ནི་རྒྱང་རིང་རྒྱང་རིང་ཞིག་ཡིན་པ་དེ་ཁོ་ནའི་དབང་གིས”“མིག་ཟུང་ནི་ནམ་མཁའ་དང་འདྲ་ཞིང་། མཆི་མ་ནི་ཆར་ཐིགས་དང་འདྲ་བའི་སྐབས་ཤིག་ཡོད་ན། དེ་ནི་ཏག་ཏག ངས་ཁྱོད་རང་དྲན་པའི་དུས་ཤིག་ཡིན་དགོས”པ་དེས“གལ་སྲིད། མིག་ཟུང་བཙུམས་མ་ཐག་ཏུ ཁྱོད་རང་བརྗེད་འགྲོ་བ་ཞིག་ཡིན་པའི་དབང་དུ་བཏང་ན། ངས་དེའི་སྔ་རོལ་གྱི་མིག་ཟུང་བགྲད་པའི་སྐད་ཅིག་མ་དེ་ཉིད། མི་ཚེ་གཅིག་ལ་ངོས་བཟུང་ནས། ལྷག་བསམ་རྣམ་དག་གིས་ཁྱོད་རང་དྲན་པར་བྱའོ”། །

  «འགུལ་བའི་སྙན་ངག»ནི་སྡེ་འདིའི་ནང་གི་ཆེས་ཀློག་སྤྲོ་བ་ཞིག་ཡིན། “ངས་མནོ་བསམ་གཏོང་དུས། ང་རང་འགུལ་གྱིན་འདུག ང་རང་འགུལ་དོན་ནི ཁྱོད་དང་ཉེ་བར་གཅར་བའི་སླད་དུ་ཡིན”སྟེ། “ཁྱོད་རང་འགུལ་ཙམ་བྱེད་པ་དེས་ཀྱང་། ངའི་ཡོད་ཚད་ལ་སྟེང་འོག་བརྗེ་འོང”པའི་ཕྱིར་རོ། །

  ཆེས་ཀློག་སྤྲོ་བ་ཞིག་རེད་ཀྱང་། དམིགས་བསལ་འདིས་དང་འདི་ཡིས་ཞེས་བཤད་དགོས་པ་མི་འདུག་པས་དེ་ཙམ་གྱིས་འཐུས་ཆོག་པར་ཞུ། །

  ཁག་ལྔ་བ་ནི«དྲི་བའི་ཕ་རོལ»ཡིན། «དྲི་བའི་ཕ་རོལ»ནི་སྙན་ངག་བཅོ་ལྔས་གྲུབ་ཡོད། སྙན་ངག་བཅོ་ལྔ་འདི་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་བཅུ་དགུ་དག་ཏུ་བྲིས་པ་ཤ་སྟག་ཡིན། ཆེས་ཀློག་སྤྲོ་བ་ནི«སྟ་གོན»དང«གཞོན་ནུ་མ»བཅས་ཡིན།

  སྙན་ངག«སྟ་གོན»འདིར་འགོད་ཡོང་བས་ཀློག་པ་པོ་སོ་སོས་ཀློག་ཐུབ་པ་མཛད་རོགས།

  “སེམས་ཀྱི་སྲིབ་ངོས་སུ་ཡུན་རིང་ཙོག
      བསམ་གཞིག་གིས་ཡང་ཡང་བསྒུལ།
      འོད་ཀྱི་སྐུད་པ་ག་ལེར་ཆད།
      མཚན་སྨག་གིས་དུས་ཚོད་ཟོས།
      ལས་ཀྱི་འདུད་པ་དགྲོལ་ཨེ་ཐུབ་འབད།
      སྡུག་བསྔལ་གྱི་གཙང་པོ་བྲུག་ཨེ་འཇོག་སྙམ།
      ངལ་དུབ་སངས་ཆེད་ཞག་ཆང་བསྙལ།
      བར་ཆད་འགོག་ཆེད་རགས་ཁ་བརྩིགས།
      འཆར་གཞིའི་སྒྲོག་གུ་རེ་རེ་གསར་དུ་བརྗེས།
      བདེ་སྐྱིད་ཀྱི་ལྷུ་ཚིགས་རེ་རེ་བསྐྱར་དུ་བཙལ།
      ཕོར་བའི་ནང་གི་ཇ་འཁྱག་བྱོ་སྟེ།
      ནང་དུ་སྨོན་པ་བརྒྱ་སྟོང་བླུགས།
      ཆང་ས་བརྒྱབ་ཟིན་པའི་མི་ཞིག་ལ་དྲིས།
      དེ་ཡི་སེམས་ཁམས་རི་མོར་བྲིས།
      ཕ་མར་གྱུར་ཟིན་པའི་མི་ཞིག་ལ་བྲིས།
      དེ་ཡི་སྐྱིད་སྡུག་རི་མོར་བྲིས།
      ལི་ཐོར་བལྟས་ཏེ་ཉིན་བཟང་སྐར་བཟང་བདམས།
      ཁེར་ཧྲེང་གི་མཚན་མོ་དག་ལ་བདེ་མོ་བཞག
      དྲན་གདུང་གི་དུས་ཚིགས་དག་ལ་བདེ་མོ་བཞག
      མི་མང་པོ་སོང་ཟིན་པའི་ལམ་དུ་བགྲོད་པའི་སྟ་གོན་བགྱིས།”འདི་ཡིན་པས་ཀུན་གྱིས་འདི་ནས་གཟིགས་ཏེ་ཀློག་ཐུབ་པར་གྱིས།

  ཕྱོགས་ཤིག་ནས་སྙན་ངག«གཞོན་ནུ་མ»ནི་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའམ་རྒྱའི་ཤུགས་ཆེ་བའི་སྙན་ངག་ཅིག་ལ་འདྲ་ཡོང་བ་འདུག དེ་ནི་རྩོམ་པ་པོ་སྙན་བུ་ལགས་མ་གཞི་ནས་སྐད་གཉིས་རྩོམ་པ་པོ་ཞིག་ཡིན་པའི་ངོས་ཀྱིས་ཡིན་ནམ་ཅི་སྟེ། ཐག་ཆོད་ཀྱིས་སྨྲས་ཐུབ་པ་མི་འདུག་གོ །

  དུངས་བརྗོད་དུ་བྲིས་པའི«གཞོན་ནུ་མ»ནི་ཚན་པ་བརྒྱད་དུ་བྲིས་འདུག་ཀྱང། བསྡུས་ན་གཉིས་སུ་འདུ་སྟེ། དེ་ནི་སྙན་ངག་ཏུ་བྲིས་པ་ནང་བཞིན“ཕར་འགྲོ”དང“ཚུར་འོང”གཉིས་ཀྱིས་གྲུབ་འདུག “ཚུར་འོང”ནི་མཛེས་སྡུག་དང་བརྩེ་དུངས་ཀྱིས་ཕྱུག་ཅིང་“ཕར་འགྲོ”ནི་རེ་ཆད་དང་ཕྱིར་མིག་གིས་བཏུམས་འདུག སྐྲ་ལོས་ལང་ཚོ་བསྣམས་ནས་འོང་པ་དང་། དཔྱིད་ཀ་བརྒལ་ཏེ་འོང་བ། མེ་ཏོག་འཐུ་བཞིན་འོང་བ། རང་རློམ་དང་ཡིད་ཆེས་ཀྱིས་འོང་བ། མོའི་ཡིད་སེམས་སྨྲེང་བྱེད་ནི་སྲོད་དུས་ཀྱི་གྲིབ་གཟུགས་མ་ཡིན་པར་བརྩེ་དུངས་ཀྱི་དྲན་པ་ཡིན་པ་དང་། བརྩེ་དུངས་དང་བདེ་སྐྱིད་ནི་མོ་རང་དང་ཁ་ཐག་ཉེ་བ། མོ་རང་བརྩེ་དུངས་དང་བདེ་སྐྱིད་དང་དཔུང་བ་མཉམ་གཤིབ་བྱས་པ། མོ་རང་ལ་སྐྱོ་སྡུག་གི་མིག་ཆུ་མི་འདུག་པ་བཅས་ཀྱིས“ཚུར་འོང”བཤད་ཀྱིན་ཡོད།

  དུས་ཚོད་ཡུན་རིང་འགོར་བའི་རྗེས། གོམ་པའི་གདེངས་འཇོག་རེ་རེ་ནི་དུས་ཚོད་དང་འདྲ་བར་ཕྱིར་ལྡོག་མེད་པ་དང་། ཕར་བགྲོད་ཀྱི་གོམ་ཁ་ལ་སུས་ཀྱང་འགོག་མི་ནུས་པ། ཉག་ག་རེ་རེ་ནས་ཕྱིར་མིག་ཐེངས་རེ་འཕེན་པ། སྔོན་གྱི་ཆེས་བདེ་སྐྱིད་དུ་རློམ་པའི་བརྩེ་དུངས། ད་ལྟ་མོ་རང་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་འགྱུར་གྱིན་པ་བཅས་ཀྱིས་སྙན་ངག་འདིའི་བསྡུས་དོན་གྱི་སྡེ་ཚན་གཉིས་པ་སྟེ“ཕར་འགྲོ”བྲིས་ཡོད།

  སྡེ་དྲུག་པ་ནི«བརྗེད་ཟིན་པའི་སྙན་ངག»ཅེས་པ་ཡིན། སྡེ་འདི་སྙན་ངག་ཉི་ཤུ་ཉེར་གཉིས་ཀྱིས་གྲུབ་པ་བྱས་འདུག སྙན་ངག་དེ་དག་ཀུན་ཀྱང་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་བཅས་སུ་བྲིས་པ་ཡིན། སྡེ་འདིའི་ནང་གི་ཆེས་ཀློག་སྤྲོ་བ་ནི«ཁྱོད་དང་ང་། ད་དུང་གཞན་དག»ཅེས་པ་ཡིན། ངའི་ཟུར་དུའང“ཕྱི་ཚུལ་ནས་བལྟས་ན། མི་ཞིག་དང་འདྲ་མོད། སྐབས་མང་པོ་ཞིག་ལ། ཙི་གུ་དང་འདྲ་ཞིང་། གྲོག་མ་དང་ཡང་འདྲ་བོ་ཡོད་པ་ནི ཁྱོད་དང་ང་། ད་དུང་གཞན”མང་པོ་ཡོད། སྐབས་རེར་རང་ཉིད་ཀྱང་རང་ཉིད་ཆེས་སུན་པའི“ཙི་གུ”དང“གྲོག་མ”འི་ལུས་སུ་སྤྲུལ་ནས“ཙི་གུ”དང“གྲོག་མ”ལྟ་བུའི་ལས་ལ་གཉེར་གྱིན་ཡོད། སྐབས་དེར་མདུན་ངོས་ཀྱི་མེ་ལོང་ནང་དུ་ལྟ་དུས“གྲོག་མ་ཡང་། ཕྱི་ནང་གང་ནས་བལྟས་ཀྱང་། གཞན་ཞིག་ལ་འཁྲུལ་མི་སྲིད”པའི་བདེན་པ་རྙེད་ཅིང“ཙི་གུ་ནི་ཕྱི་ནང་གང་ནས་བལྟས་ཀྱང་། ཙི་གུ་དང་ཧ་ཅང་འདྲ”བའི“ཁྱོད་དང་ང་། ད་དུང་གཞན”མང་པོ་མང་པོ་མཐོང་རྒྱུ་ཡོད།

  ཚན་ཁག་བདུན་པ་ནི«རང་ཉིད་ངོ་སྤྲོད»ཅེས་པ་ཡིན། དེ་རུ་སྙན་ངག་ཉི་ཤུ་རྩ་དྲུག་བདམས་ཡོད། སྙན་ངག་དེ་དག་ཉིས་སྟོང་བཅུ་དྲུག་དང་བཅུ་བདུན་བཅོ་བརྒྱད་དུ་བྲིས་པ་ཡིན། ཁག་བདུན་པ«རང་ཉིད་ངོ་སྤྲོད»ཅེས་པ་ལས་ཆེས་ཀློག་སྤྲོ་བ་ནི«རང་ཉིད་དང་བར་ཐག»ཅེས་པ་དང«འཚམས་འདྲི་དང་གྱེས་བྲལ»ད་དུང«ངའི་མིང»སོགས་ཡིན། རྩོམ་པ་པོ་སྙན་བུ་ལགས་ཀྱིས«རང་ཉིད་དང་བར་ཐག»འབྲི་སྐབས“ངས་རང་ཉིད་དང་སྙན་ངག་བར་དུ་ཡང་སྙིང་འབྲེལ་བ་ག་འདྲ་ཞིག་མཆིས་པར་བསམ་བློ་གཏོང་སྒང་ཡིན”ཞེས་མཇུག་བྱང་དུ་བྲིས་འདུག་ཀྱང་། ཕྲན་གྱིས་ནི«རང་ཉིད་དང་བར་ཐག»ཅེས་པའི་ཁ་བྱང་འདི་མཐོང་མ་ཉིད་ནས“རང་དང་རང་ཉིད”བར་གྱི་བར་ཐག་གམ“རང་ཉིད་དང་ནང་སེམས”ཀྱི་བར་ཐག་ཅིག་ཏུ་བསམ་གཞིག་བགྱིས་ནས་བཀླགས་པ་ཡིན། རྩོམ་པོ་སྙན་བུ་ལགས་ཀྱིས་སྙན་ངག་མང་པོའི་ནང་དུ་རང་ཉིད་ཁེར་རྐྱང་ཡིན་པ་དང་ལྷིང་འཇགས་ལ་དགའ་བ་སོགས་མང་པོ་བྲིས་འདུག་པ་བཞིན་སྙན་ངག་འདི་ལས་ཀྱང“ཁེར་རྐྱང”གི་སྙན་བུ་ཞིག་མཐོང་ཡོང་། འོན་ཀྱང་སྙན་ངག་འདིར་བྲིས་པའི“ཁེར་རྐྱང”ནི་རོགས་དང་ཟླ་བོ་མེད་པའི་ཁེར་རྐྱང་མ་ཡིན་པར་རྒྱབ་ཁེན་ས་དང་ལག་རྟེན་ས་མེད་པའི་ཁེར་རྐྱང་གི་སྙན་བུ་ཞིག་མཐོང་ཡོང་སྟེ“རང་ཉིད་ནི་རང་ཉིད་ཀྱི་ནམ་མཁའ་ཡིན། སྤང་ལྗོངས་ཡིན། རི་བོ་ཡིན། བགྲོད་ལམ་ཡང་ཡིན་པས་ན། རང་ཉིད་དང་བར་ཐག་ཉེ་བར་བསྟུང་རྒྱུ་ནི། རང་དབང་དང་ཉེ་བར་གཅར་སྟངས་ཤིག་ཡིན”པས་ཡིན།

  «འཚམས་འདྲི་དང་གྱེས་བྲལ»གྱིས་དུས་གསུམ་གྱི་རང་ཉིད་གླེང་ཡོད། འདས་པའི་དུས་ཀྱི་རང་ཉིད་ནི་ལོ་བདུན་དང་། ད་ལྟའི་དུས་ཀྱི་རང་ཉིད་ནི་ལོ་ཉི་ཤུ་རྩ་བདུན། མ་འོངས་པའི་དུས་ཀྱི་རང་ཉིད་ནི་ལོ་བརྒྱད་ཅུ་ལ་སོན་པའི་རང་ཉིད་བཅས་དུས་གསུམ་གྱི་རང་ཉིད་བྲིས་ཤིང་། «འཚམས་འདྲི་དང་གྱེས་བྲལ»ནི་སྙན་དེབ«བདག་གི་རྟ་ཕོ»ལས་ཆེས་རིང་ཤོས་ཀྱི་སྙན་ངག་དག་གི་གྲས་ཀྱི་གཅིག་ཡིན། གཅིག་ལ་གཅིག་ལྟོས་ཀྱིས་བྲིས་པའི་སྙན་ངག་འདིའི་ནང་རང་ཉིད་མི་འདྲ་བ་བཞི་ཡོད་དེ། གཅིག་ཤོས་འདས་པ་དང་། གཅིག་ཤོས་ནི་མ་འོངས་པ་ཡིན། གཞན་གཉིས་ནི་ད་ལྟའི་དུས་ཀྱི་རང་ཉིད་དམ། འདས་པ་ལ་ལྟོས་པའི་རང་ཉིད་དང་། མ་འོངས་པར་ལྟོས་པའི་རང་ཉིད་བཅས་རང་ཉིད་བཞི་ཡོད། འདས་པ་ལ་ལྟོས་པའི་རང་ཉིད་ནི་ནར་སོན་ཏེ་འདས་པའི་རང་ཉིད་དང་ཁྱད་པར་ཆེས་ཆེ་ཤོས་ནི་འདས་དུས་ཀྱི་རང་ཉིད་ནི“འཛུམ་མདངས་དེ་འདྲའི་དྭངས་ཤིང་གཙང་། མིག་ཟུང་ནང་གི་འཇིག་རྟེན་ཡང་དཀར་ཞིང་གསལ”དང“ཁོའི་སྐད་ཆ་རེ་རེ་ཇི་འདྲའི་ཡིད་དུ་འོང་། ཐེ་ཚོམ་མི་འདུག རེ་དོགས་མི་འདུག གཡོ་ཟོལ་མི་འདུག”པ་བཅས་ཀྱིས་འདས་དུས་ཀྱི་རང་ཉིད་བྲིས་ཤིང་འདས་པ་ལྟོས་པའི་ད་ལྟའི་རང་ཉིད་ནི་དེ་ལས་ལྡོག་སྟེ“སེམས་ཁྲལ། ཁེ་ཕན། སྐྱོ་ངལ། འགྱོད་བཤགས”སོགས་འདོར་མི་ཐུབ་པའི་མི་ཞིག་ཡིན།

  རང་ཉིད་ཀྱི་མ་འོང་པ་ནི“སྐད་ཆ་རེ་རེ་ཇི་འདྲའི་ལྗིད་ཏིག་ཏིག་ཅིག་རེད་ཨང་། རྒ་བ། ན་བ། འཆི་བ། རྒྱུ་འབྲས་སོགས་དང་འབྲེལ་འདུག”པའི་གདོང་ལ་གཉེར་མ་བབས་ཤིང་ལུས་པོ་སྒུར་བ་སྐྲ་ལོ་དཀར་བ་མིག་ཟུང་ནང་གི་འཇིག་རྟེན་རབ་རིབ་ཙམ་ཡིན་པ་དང་འཇིག་རྟེན་འཁོར་བ་ལ་སྙིང་པོ་མི་འདུག་སྙམ་པའི་རྒས་པོ་སྙན་ངག་ལ་དགའ་མཁན་ཞིག་ཡིན། མ་འོངས་པར་ལྟོས་པའི་ད་ལྟའི་རང་ཉིད་ནི“རེ་བ”དང“ཕུགས་བསམ”ཡང་ན“བརྩེ་དུངས”ཀྱིས་ཁེངས་པའི་ན་གཞོན་སྙན་ངག་པ་ཞིག་ཡིན།

  སྙན་ངག«ངའི་མིང»ནི་ཚན་པ་བཞིས་བྲིས་གྲུབ་པའི་སྙན་ངག་ཡིད་འོང་གཅིག་ཡིན། ཚན་པ་བཞི་ཡོད་པ་ཚན་པ་གཉིས་གཉིས་སུ་བགོས་ནས་འགྲེལ་ན་ཆོག་སྙམ་སྟེ། ཚན་པ་སྔོན་གཉིས་རྩོམ་པ་པོ་རང་ཉིད་ཀྱི་དངོས་མིང་ཡིན་ཞིང་། གཞན་གཉིས་ནི་འཚོ་བ་དང་ཁེར་རྐྱང་། མཚན་མོ་དང་བརྩེ་དུངས། སྙན་ངག་དང་རང་ཉིད་བཅས་ནས་ཐོགས་པའི་ཚོར་བའམ་མིང་ཙམ་སྟེ“ས་མཐའི་འཚོ་བས་ང་ལ ཁེར་རྐྱང་ཞེས་པའི་མིང་ཞིག་བཏགས། ཁུ་སིམ་གྱི་མཚན་མོས་ནམ་རྒྱུན། འུག་པ་ཞེས་ང་རང་འབོད། འོན་ཀྱང་བརྩེ་དུང་གིས་ང་ལ སྡུག་བསྔལ་ཞེས་ཐེངས་མང་བོས་མྱོང་། ངས་འཁྱག་སིབ་སིབ་ཀྱི་ཐ་སྙད་མང་པོ། བྲང་ཁར་སྦྱར་མྱོང་བས། སྙན་ངག་གིས་ང་ལ སྙན་བུ་ཞེས་ཡིད་འོང་གི་མིང་འདི་བསྩལ། དེ་ལྟ་ནའང་། ངས་རྟག་པར་རང་ཉིད་ལ གྲོགས་པོ་ཞེས་འབོད་ཀྱིན་ཡོད”ཅེས་པ་ཡིས་ཤེས་ཐུབ་བོ། །

  ཉིས་སྟོང ༢༤ ལོའི་ཟླ ༥ བའི་ཚེས ༢ ཉིན་གྲུབ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་དེབ«བདག་གི་རྟ་ཕོ»ཀློག་སྟངས་ཤིག

2024-05-26 དཔོན་གསས།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།