བདག་གིས་ཉི་ཟླ་སྐར་གསུམ་དྲན་སྟངས།

བོན་བརྒྱ་བསྟན་འཛིན་རབ་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-03

ཤེལ་ཆག་བརྡབ་པའི་ས་གཞི་ཞིག་ལ་སྒྲེན་མོར་འགྲེ་ལོག་རྒྱག་དུས་སུ།།
ཚེར་མ་འཛིང་བའི་སྒོ་ཆེན་ཞིག་ནས་ཨུ་ཚུགས་བློ་ཁོག་ཚད་དུས་སུ།།
མུན་པ་སྟོང་གི་སྒོ་ཆེན་གཏོར་བའི་འོད་སྐར་ཅན་གྱི་ཟླ་གཞོན་ཞིག།
བདག་གི་ཡིད་ལ་འཁྱུག་ཙམ་ཤར་བས་བདག་གི་ཟུག་གཟེར་ལན་ཅིག་འཇགས།།

མྱ་ངམ་ཐང་ན་ཆལ་ཆིལ་འཕྱུར་བའི་དམར་ནག་ཁྲག་གི་མཚོ་མོ་ཞིག།
མཚོ་མོའི་རླབས་ཀྱིས་བསྐྱོད་ཀྱང་སྤུར་བའི་དུང་གི་རུས་པ་དཀར་བོ་ཞིག།
དེ་རིང་བདག་གིས་དངོས་སུ་མཐོང་བའི་མཚོ་ཡིས་ཁྱེར་བའི་དཔའ་རྒོད་ཅིག།
དྲན་པའི་ངོས་ཀྱི་ཐོལ་གྱིས་བསླེབས་པས་ཁོང་གི་གློ་སྙིང་ཡང་ཡང་བརྗེས།།

མེ་ཏོག་ཚལ་ན་མཆོངས་གར་རྩེན་པའི་རྣམ་རིག་ཅན་གྱི་བྱིས་པ་ཞིག།
བདག་གི་སྐེ་ལ་ཐོལ་གྱིས་མཆོངས་ཏེ་ལག་ཆུང་འགྲམ་པར་བྱིལ་དུས་སུ།།
བདག་གི་སེམས་ལ་ཡུན་རིང་ཉར་བའི་འདང་བརྩེ་ཅན་གྱི་བྱིས་པ་དེ།།
གྲང་འདར་རྒྱག་བཞིན་གར་ཡོད་སྙམ་སྟེ་སེམས་པའི་གཏིང་འོག་ཡང་ཡང་བརྗེ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་ཉི་ཟླ་སྐར་གསུམ་དྲན་སྟངས།

2008-12-03 བོན་བརྒྱ་བསྟན་འཛིན་རབ་རྒྱས། ཀློག་གྲངས། མཆན ཡོད།

ཤེལ་ཆག་བརྡབ་པའི་ས་གཞི་ཞིག་ལ་སྒྲེན་མོར་འགྲེ་ལོག་རྒྱག་དུས་སུ།།
ཚེར་མ་འཛིང་བའི་སྒོ་ཆེན་ཞིག་ནས་ཨུ་ཚུགས་བློ་ཁོག་ཚད་དུས་སུ།།
མུན་པ་སྟོང་གི་སྒོ་ཆེན་གཏོར་བའི་འོད་སྐར་ཅན་གྱི་ཟླ་གཞོན་ཞིག།
བདག་གི་ཡིད་ལ་འཁྱུག་ཙམ་ཤར་བས་བདག་གི་ཟུག་གཟེར་ལན་ཅིག་འཇགས།།

མྱ་ངམ་ཐང་ན་ཆལ་ཆིལ་འཕྱུར་བའི་དམར་ནག་ཁྲག་གི་མཚོ་མོ་ཞིག།
མཚོ་མོའི་རླབས་ཀྱིས་བསྐྱོད་ཀྱང་སྤུར་བའི་དུང་གི་རུས་པ་དཀར་བོ་ཞིག།
དེ་རིང་བདག་གིས་དངོས་སུ་མཐོང་བའི་མཚོ་ཡིས་ཁྱེར་བའི་དཔའ་རྒོད་ཅིག།
དྲན་པའི་ངོས་ཀྱི་ཐོལ་གྱིས་བསླེབས་པས་ཁོང་གི་གློ་སྙིང་ཡང་ཡང་བརྗེས།།

མེ་ཏོག་ཚལ་ན་མཆོངས་གར་རྩེན་པའི་རྣམ་རིག་ཅན་གྱི་བྱིས་པ་ཞིག།
བདག་གི་སྐེ་ལ་ཐོལ་གྱིས་མཆོངས་ཏེ་ལག་ཆུང་འགྲམ་པར་བྱིལ་དུས་སུ།།
བདག་གི་སེམས་ལ་ཡུན་རིང་ཉར་བའི་འདང་བརྩེ་ཅན་གྱི་བྱིས་པ་དེ།།
གྲང་འདར་རྒྱག་བཞིན་གར་ཡོད་སྙམ་སྟེ་སེམས་པའི་གཏིང་འོག་ཡང་ཡང་བརྗེ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།