མཚན་མོའི་ཁ་པར།

 ______སྣང་ཚུལ་ཞིག་མཐོང་རྗེས།
འགོག་མི་ཐུབ་པའི་ཚོར་བ་ཞིག་གིས
ཡང་བསྐྱར
རྒྱུང་རིང་གི་ཁོ་མོར་ཁ་པར་གཏོང་རྒྱུའི་འདུན་པ་ཞིག
བྱུང་བ་འདྲ།

སྐར་མ་གཅིག་གི་དུས་ཡུན་གྱི་བཤད་བྱ་དེ
ཆུ་ཚོད་གཅིག་ལ་བསྲིངས
ཁ་པར་གྱི་སྐུད་ལམ་ཕྲ་མོ་ནས
ང་དགའ་ཁྱོད་དགའ་དང
གཅེས་གཅེས་དུངས་དུངས་ཀྱི་ཐ་སྙད་མ་ལུས
ཨ་མའི་དངུལ་ཁྲག་དང་མཉམ་དུ་འཛག་ཅིང
ཨ་ཕའི་སྒོར་ཁུག་དང་ལྷན་དུ་སྟོང་བཞིན་པ
ཚོར་མ་བྱུང༌།

ཕ་སྐད་ཀྱི་གསང་རྒྱ་བོར་ཏེ
གཞན་སྐད་རྐྱང་རྐྱང་གི་ལབ་གླེང་ཁྲོད་ནས
རང་ཉིད་འབོར་བཞིན་པར་བསམ་བློ་ཡེ་ནས་གཏོང་གིན་མེད་པ་འདྲ
གལ་ཆེ་བ་ནི་རང་ཉིད་ལ་དགོས་པ་དེ་ཐོབ་བྱུང་བས
ད་ནི་ཁོའི་གཉིད་ཧ་ཅང་སྐྱིད་ངེས
རྨི་ལམ་ཧ་ཅང་མཛེས་ངེས་རེད
ཕ་རོལ་དུ་ཁོ་མོ་ཡང་དེ་ལྟར་ཡིན་ངེས

སང་ཉིན་གྱི་ཁོ་གཉིས
དེ་དགོང་གི་ཁ་པར་ནང་གི་ཁ་བརྡ་བཞིན
དགའ་ངེས་སམ   སྐྱིད་ངེས་སམ
སྐྱིད་པར་སྨོན་ཨང༌།
   ༢༠༠༥ ༡༡  ༢༤ཉིན་གྱི་དགོང་མོར་མལ་ཁང་དུ།  
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་ཁ་པར།

2008-12-03 ཀླུ་མེ་སྟག ཀློག་གྲངས། མཆན ཡོད།

 ______སྣང་ཚུལ་ཞིག་མཐོང་རྗེས།
འགོག་མི་ཐུབ་པའི་ཚོར་བ་ཞིག་གིས
ཡང་བསྐྱར
རྒྱུང་རིང་གི་ཁོ་མོར་ཁ་པར་གཏོང་རྒྱུའི་འདུན་པ་ཞིག
བྱུང་བ་འདྲ།

སྐར་མ་གཅིག་གི་དུས་ཡུན་གྱི་བཤད་བྱ་དེ
ཆུ་ཚོད་གཅིག་ལ་བསྲིངས
ཁ་པར་གྱི་སྐུད་ལམ་ཕྲ་མོ་ནས
ང་དགའ་ཁྱོད་དགའ་དང
གཅེས་གཅེས་དུངས་དུངས་ཀྱི་ཐ་སྙད་མ་ལུས
ཨ་མའི་དངུལ་ཁྲག་དང་མཉམ་དུ་འཛག་ཅིང
ཨ་ཕའི་སྒོར་ཁུག་དང་ལྷན་དུ་སྟོང་བཞིན་པ
ཚོར་མ་བྱུང༌།

ཕ་སྐད་ཀྱི་གསང་རྒྱ་བོར་ཏེ
གཞན་སྐད་རྐྱང་རྐྱང་གི་ལབ་གླེང་ཁྲོད་ནས
རང་ཉིད་འབོར་བཞིན་པར་བསམ་བློ་ཡེ་ནས་གཏོང་གིན་མེད་པ་འདྲ
གལ་ཆེ་བ་ནི་རང་ཉིད་ལ་དགོས་པ་དེ་ཐོབ་བྱུང་བས
ད་ནི་ཁོའི་གཉིད་ཧ་ཅང་སྐྱིད་ངེས
རྨི་ལམ་ཧ་ཅང་མཛེས་ངེས་རེད
ཕ་རོལ་དུ་ཁོ་མོ་ཡང་དེ་ལྟར་ཡིན་ངེས

སང་ཉིན་གྱི་ཁོ་གཉིས
དེ་དགོང་གི་ཁ་པར་ནང་གི་ཁ་བརྡ་བཞིན
དགའ་ངེས་སམ   སྐྱིད་ངེས་སམ
སྐྱིད་པར་སྨོན་ཨང༌།
   ༢༠༠༥ ༡༡  ༢༤ཉིན་གྱི་དགོང་མོར་མལ་ཁང་དུ།  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།