མཚན་མོ་ཡ་མཚན་མོ།

གང་ལྟར  རྒྱང་རིང་དུ་བསྲིངས་པའི་ལམ་ཐིག་དཀར་པོ་དེ  ཉིན་མོར་ཡང་
མཐོང་ལམ་དུ་མི་སྣང་ན  ང་ཚོས་བསམ་གཞིག་གི་སྒྲོན་མེ་གཟིམས་ནས
མཚན་མོའི་པང་དུ  རང་གིས་རང་ལ་བདེ་སྐྱིད་ཀྱི་གླུ་གཞས་ལེན་འོས
མུན་ནག་ཁྲོད་བསྐུངས་ནས་གཉིད་ལ་ཡུར་འོས  རྨི་ལམ་ལ་རོལ་འོས

མཚན་མོ་ཡ་མཚན་མོ  མཁའ་ངོགས་སུ་དཔྱངས་པའི་ཟླ་བ་སྒོར་མོ་དེ
སྤྲིན་ཕུང་གིས་སྒྲིབ་རོགས  མཚན་མོར་བདག་ལ་མུན་པ་ལས་ཅི་ཡང་མི་མཁོ
རབ་ཡིན་ན  སྐར་ཚོགས་ཀྱང་རླུང་གིས་འཁུར་ནས  མཚན་མོ་གཅིག་པུ་ང་ལ་བསྐྱུར་རོགས
མཚན་མོ་ནི་ལྷ་ཚོགས་ཀྱི་རྨི་ལམ་རེད  སྐྱེས་ཆེན་ཚོའི་རྩེད་ར་རེད
མུན་པའི་ཀློང་དུ  ཕན་ཚུན་གྱི་ཞེ་སྡང་དང་གཡོ་འཛུམ་ཡང་མཐོང་ཐབས་བྲལ་བས
མཚན་མོར  ངས་སྐྱུགས་བྲོ་བའི་བཟོ་ལྟ་སྣ་ཚོགས་སྟོན་སྲིད་ལ  ངས་ད་དུང་དེ་
རང་ཉིད་ཀྱི་གཟི་བརྗིད་དང  བདེ་སྐྱིད་དུ་སྒོམ་ངེས

མཚན་མོ་ནི་གསོག་གསོབ་དང་ཚུལ་འཆོས་སྒྲིབ་བྱེད་ཀྱི་ཡོལ་རས་ཤིག
གཉུག་གཤིས་སུ་གྲུབ་པའི་ཁྱོད་དང་ང་ཡི་རང་བཞིན  གར་སྟེགས་འདི་བརྒྱུད་ནས
སླར་ཡང་མུན་ནག་གི་ཁོང་དུ་འཐིམ  མེ་ཡི་དབུག་དབྱུང་དང  རླུང་གི་སེམས་གསོ
ད་དུང་ཅི་ཞིག་ལྷག་ཡོད  ད་དུང་ཅི་ཞིག་མཁོ  ང་མཚན་མོའི་དཀྱིལ་སྙིང་དུ་བཙོག་ནས
སྤྱང་ཀི་ལྟ་བུའི་རང་ཉིད་མཐོང་སོང  ཁྱོད་ཚོ་མཐོང་སོང
མཚན་མོ་ནི་འདི་འདྲའི་རང་དབང་གི་ཞིང་ཁམས་ཤིག་རེད
མཚན་མོ་ནི་འདི་འདྲའི་བདེན་པ་བདེན་ཐུབ་ཀྱི་འཇིག་རྟེན་ཞིག་རེད

མཚན་མོ་ཡང་མཚན་མོ  རྐང་གླིང་གི་སྦུབས་སུ་ཉལ་བའི་ཐ་སྙད་ཀྱི་ཚོགས
འགྱུར་ཁུགས་སྟོང་གིས་འཕྱོ་ནའང  བདག་གི་སེམས་པས་དལ་ཅག་གེར་ཁྱོད་ཀྱི་
ལྷིང་འཇགས་བསྲུངས་ཡོད  ང་རང་ཁྱོད་ལ་ཇི་འདྲའི་དགའ་ཨང
རལ་གྲིའི་དངོ་མདངས་ཀྱིས་བསྡུས་པའི་ཚེ་སྲོག་གྲངས་མེད
རླུང་གི་བཟི་ཁར་འཕྱན་ནས  མ་ཉེས་ཁ་གཡོག་གི་གཏམ་རྒྱུད་ཅི་ཡང་འཆད

མཚན་མོ་ཡ་མཚན་མོ  རྨ་ཁ་ཡོད་ཚད་མི་མཐོང་བའི་མཚན་མོ  ན་ཟུག་ཡོད་ཚད་
འཇགས་ཟིན་པའི་མཚན་མོ  ང་རང་ཇི་འདྲའི་སྤྲོ་བའི་མཚན་མོ
ད་ནས་བཟུང  ངས་སུ་ལའང་དྲང་གཏམ་ཁོ་ན་བརྗོད་སྲིད

བདག་གི་བསམ་བློ་ཆུ་བོ་བཞིན་བཞུར་ཆོག་པའི་དུས་སྐབས་འདི  མཚན་མོ་རེད
བདག་གི་ཚེ་སྲོག་འདྲ་བའི་གྲོགས་པོ་ཚོ  བདག་གི་བྱམས་བརྩེ་དང་དུ་ལེན་རོགས
མུན་ནག་གི་ཁྲོད་ནས་མེ་བཞིན་ཚ་བའི་ངའི་སེམས་པ་འདི  ཁྱོད་ཀྱི་སྡོང་གྲོགས་ཡིན
མཚན་མོ་འདྲ་བའི་བུ་མོ་ལགས  ཁྱོད་ཀྱི་སྡུག་བསྔལ་ང་ལ་བསྐྱུར་རོགས
ཁྱོད་དགའ་སྤྲོའི་ངང་ལམ་དུ་ཆས་དང  ཁྱོད་ཀྱིས་ཁྱིམ་གཞིས་རྙེད་སྲིད  ཁྱོད་ཀྱིས་ལྡེ་མིག་རྙེད་སྲིད

འདི་ལྟ་བུའི་མཚན་མོར  ཕྱིར་དྲན་གྱི་བར་སྣང་སྟོང་སང་སང  བདག་གིས་
འགྱུར་ཁུགས་དབེན་པའི་གླུ་ཞིག་བླངས  རླུང་གིས་མཚན་མོ་སྐྱོད་ལ་ང་ཡང་སྐྱོད
བྱ་སྒྲོ་ལྟ་བུའི་ཁ་དབུགས  བདག་གི་མགྲིན་པར་ཡང་ཡང་འཚིང

                                                 2006 .3 .4 ཉིན་ཟི་ལིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་ཡ་མཚན་མོ།

2008-11-07 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།