དགུན་ཁ་སླེབས་བྱུང་།(ཞར་བཀོར་བཞི་ཡོད)

ལྷ་སྡེ་གནམ་ལོ་ཡག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-07

གྲང་འདར་ཞིག་གི་རྗེས་སུ་ཡོད་ཚད་བཞུད་འགོ་བརྩམ
མེ་ཏོག་གི་ཁ་ཆེམས་འཇག་སྐྱས་ཁུར་ཏེ་རླུང་བུར་བསྐྱོད
ཐག་རིང་ནས་ཡོང་ཞིང་ཐག་རིང་ལ་དུང་བའི་སྦྲང་ཆུང་མའི་དྲན་ཤིང
སྡོང་ལོའི་འབབ་རྒྱུན་དུ་འདྲེས་ནས་མཁའ་མཐའི་གསང་ལམ་སྙེག

ཕྱིང་ཞྭའི་འདབ་ཚར་གཡོ་བའི་རི་ཆེན་གྱི་དངན་པས
ཁུ་སིམ་པའི་མཚན་ལྗོངས་ཤིག་དཀྲོག་ཐེངས་དུ་མར
བྲག་སྐྱིབས་སུ་འགྱིང་བའི་ལྗང་མདོག་གི་མཇུག་བྱང་མ་གཏོགས
ཤར་ཕྱོགས་སུ་བརྐྱངས་ཕྱག་གཉེར་བའི་རྩི་ཤིང་དང་ནགས་ཚལ
འཕྱི་བའི་གཟན་དང་རླུང་གི་རྡོག་པར་འཐིམས
          ༡༩༩༣ ༡༠ ༢༤
     
       སེམས་འགྱུ་དེའི་དབང་གིས།
ཉི་ཟེར་གྱིས་བརླན་པའི་སྙན་ཚིག་རྒྱང་རིང་དུ་འཚེར
སྤྲིན་རྒྱབ་ཏུ་ཡིབ་པའི་ས་སྲོད་ཀྱི་སྙིང་གཏམ་དྲོན་མོ
ཁ་རླངས་འཐུལ་ལེ
ནུབ་མཐའ་ནས་དལ་གྱིས་འཕྱུར་ཚེ
བྱིས་དུས་སུ་བརྒྱུད་པའི་ཡུལ་ལྗོངས་དེར་རྒྱང་ལྟ་ཅིས་མི་བྱེད
དེ་ནི་གངས་རི་དྲག་ཆར་གྱིས་བཀྲུས་པའི་ཕྱི་ཉིན་ཡིན་སྐད

གནམ་གཤིས་སྔར་བཞིན་རྩུབ
གྲང་རླུང་སྔར་ལྟར་ལྡང
དུས་དེ་ནས་བཟུང
རང་ཉིད་བཙལ་ཞིང་རང་ཉིད་གནམ་ལ་མཆོད
ལག་མཐིལ་ལས་ཅུང་ཟད་ཆེ་བའི་སྔོ་ཐིག་ལེབ་མོ་དེ
ལུས་སེམས་གཏན་བྲལ་དུ་གྱུར་མེད་པའི་གཟུངས་ཐག་ལ་གོ་ན
ཕྱེད་མངོན་ཕྱེད་ཡིབ་ཏུ་མངོན་པའི་ཟླ་བ་གཅིག་བུའང
ཁོ་མོ་སྟེ
ང་ཚོའི་འདོད་འཕྲིན་ལ་ཆིག་ཤད་འབྲི་མཁན་དེ་ཡིན་ཡང་ཆོག
ལོ་ཟླ  ཆུ་ཚོད་ལ་བཅིབས་པའི་ཨ་བ་གླང་མགོ
ང་ཚོས་ལྷད་མེད་པའི་སྙན་ཚིག་དེའི་རོ་བཅུད་མྱོང་སླད
འཆི་མི་སྲིད་པའི་ཁ་དན་རི་བོང་ཅན་ལ་ཕུལ་ཡོད
                ༡༩༩༤  ༧ ༡༢
     
      ངས་དེ་ལྟར་འདོད།
                        _____ཚེ་རིང་འཚོ་ལ་ཕུལ།
དབྱར་ཟླ་དང་བོ
ཕྱི་མིག་གི་རྡོ་རིང་བྱེད་འདུན་སུ་ལའང་མེད་ལས་ཆེ
ལྗང་ལོའི་ཟིམ་ཆར་ཧང་ང་རྩྭ་ཐང་གི་བཞིན་ཤར་རེག་དུས
ཁྱོད་དང་ཁྱོད་ཀྱི་འཛུམ་ཁས་བཟི་བའི་ང་རང
དབེན་པའི་སྐྱེལ་མ་དང་ཚ་བའི་གཡབ་མོར་འཇུས་ནས
རྒྱང་རིང་གི་རྒྱང་རིང་སྟེ
མུན་པའི་རྒྱལ་ཁམས་འགྲིམས
ཕྱིར་འོངས་མེད་པའི་སྲིན་བྱའམ་ཁྭ་ཏའི་གྲེ་བས་དཀྲོལ་ཚེ
ཁུ་སིམ་པའི་མཚན་མོ་དེའི་མིག་ཆུ་སེར་བོ
རོལ་མྱོང་ཞིག་གམ་བར་བརྒལ་ཞིག་ཅིས་ཀྱང་ཡིན་སྟབས
རྡོག་པོ་གཅིག་ངས་ཁྱོད་ལ་བཞག་པའི་དྲན་འདུན་དང་བདེ་སྨོན་ཡིན་སྲིད
                      ༡༩༩༥ ༣ ༢༥
     
         ཁ་བ་མེ་རུ་འབར་བའི་མཚན་མོ།
ང་ཚོའི་སེམས་ཁོང་དུ
ཁ་བ་ལྷབ་ལྷུབ
མེ་ལྕེའང་འུ་རུ་རུ
ཁ་བ་མེ་ལྕེ་བྲིད་ཅིང་རྔུལ་ཆུ་བརྡོལ
མེ་ལྕེ་ཁ་བར་སྡང་ཡང་བྱིལ་གཞས་འཐེན
གནས་འདིར་སྙན་ངག་གི་ཁྱེའུ་བཙས་པ་ཧ་ཅང་བདེན་ཕྱིན
བླ་སྲོག་གམ་མདངས་ཡལ་བའི་མཆི་མ་སྐྱུར་བོས
དོན་ལྔའི་རྫ་ལུང་གང་རུང་ཞིག་ཏུ་ཁ་བ་དང་མེ་ལྕེ་ཟློ་བཞིན
ཚ་གྲང་ལྷན་འདུས་པགས་རྩག་གི་ཕྱི་ངོས་སུ་དཀྲིས་རྗེས
གཡག་འཁང་བའི་རྣམ་ཐར་དང
མི་འཚིག་མྱོང་བའི་དུས་ཚིགས་དག་བཟློག་པར
དྲུག་ཅུ་བ་གསར་བ་ཞིག་གི་ཆོ་ག་སྒྲིག་གམ
ཡང་ན  སྐར་མའི་འཕྱ་སྨོད་དང་ཟླ་བའི་ཁོང་དགོད་ཀྱི་འོག་ཏུ
ཁེར་རྐྱང་གི་བཟི་ཁ་བཙན་པོ་ཕོར་བར་གཞལ་ཞོར
ཆེས་མཐུག་པའི་མུན་པའི་ཀློང་རུམ་དུ་མིག་ཟུང་བཀྲུས་ཏེ
ཉམ་ཆུང་བའི་རྣམ་ཤེས་འཁྲིགས་པའི་སྤྱི་གླིང་དུ་འཆམ་འཆམ་བྱེད
འབུ་མེ་ལྕེབས་ན་རེ   ཁ་བ་སྔར་བཞིན
སྦྲང་ནག་ཁོ་ན་རེ    མེ་ལྕེའང་ལྷབ་ལྷུབ
སྒོ་གླེགས་ཤིག་འདི་ལྟར་ཕྱེས་ཤིང
མཚན་མོའང་དེ་ལྟར་བགད
ཀླད་འཁོར་སྣུམ་ཟད་པའི་རླངས་འཁོར་རམ
སྙན་ངག་ཟླ་ཁ་མ་གང་བའི་བརྣག་རློན་བཞིན
ངུ་ངག་གིས་གཉིད་ཁུག་བརྟོལ་ལམ་སུ་ལའང་གསལ།
            ༡༩༩༦ ༥ ༡༩
               
             འོ་ཞིག་བྱོས་དང་ཆང་ས་རྒྱག
སྨག་རླབས་ཀྱིས་དེད་པའི་དམར་དྲིའི་ཀློང་དུ
སེམས་པ་གྲང་མོ་ཞིག་་རྐུབ་འོག་ཏུ་མནན་ནས་ཅི་ཞིག་བྱ
དབྱངས་ཅན་མ   འོ་ཞིག་བྱོས་དང་ཆང་ས་རྒྱག
ངས་ཁྱེད་ལ་གློག་གི་རྒྱུད་མངས་ཤིག་འབུལ་ཆོག

སོར་མོའི་འདེགས་འཇོག་ཁྲོད་སྙན་ངག་གི་འཚང་ཁ་འཕྱུར་དུས
རྒྱུད་སྐུད་རེ་ལས་ཁྱེའུ་རེ
ཁྱེའུ་རེ་ལ་རྟོགས་བརྗོད་རེ་ཡོད་སྲིད
བྱ་རྒོད་ཀྱི་གཟན་ཁར་ཅི་ཡང་འཕྱོ་ཞིང་ནམ་ཡང་མཐོང་བས
ཁྱེད་ཀྱི་མདུན་རྒྱབ་ཏུ་འཁྲིགས་པའི་གསོལ་བ་ཁྲི་སྟོང་མང་པོ
མཚན་མོའི་པང་དུ་ལོག་སྟེ་རྒྱང་བསྐྱོད་པའི་སྐྱེལ་མར་གྱུར་རྗེས
ཐག་པ་ནག་པོ་ཞིག་ཁྱེད་ཀྱི་རྒྱུད་སྐུད་ཡིན་ལ
རལ་གྲི་དམར་བོ་དེ་བདག་གི་རྐང་ལམ་ཡིན་པས
འོ་ཞིག་བྱོས་དང་ཆང་ས་རྒྱག
ཆུ་འཁོལ་ཕོར་བ་གང་གཉེན་ཆང་བྱས་ན
ཁོང་ཁྲོ་ལངས་སམ   དབྱངས་ཅན་མ
བྱམས་པ་ད་དུང་སྨྱོས་མེད
ཨམ་ཕྲག་ཏུ་ཚེ་སྲོག་ལས་རྒྱགས་ཕྱེ་མེད་ཅིང
འདུན་སེམས་རྒྱང་བསྐྱོད་པའི་ལམ་པ་ཡིན
རྒྱ་མཚོའི་ཕ་རོལ་ཏུ་ཨུ་དུམ་ཝ་ར་མང་བ་ཧ་ཅང་བདེན་ཕྱིན
ངས་ཁྱོད་ལ་མགུལ་རྒྱན་ཞིག་བསླེས་ནས་འོ་ཞིག་དང་ལྷན་དུ་ཕུལ་ཆོག
             ༡༩༩༧  ༤  ༥
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་ཁ་སླེབས་བྱུང་།(ཞར་བཀོར་བཞི་ཡོད)

2008-11-07 ལྷ་སྡེ་གནམ་ལོ་ཡག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།