༢༠༠༥ལོའི་གཏམ་རྒྱུད།

སྔར་ནས་ནར་སོན་བྱུང
ཁྱོད་ཀྱི་མིག་འོད་རྣོན་པོ
བདག་གི་སྒེའུ་ཁུང་བརྟོལ་ཏེ
སྨིན་ཐག་ཆོད་པའི་འབྲུ་རིགས་དང་འདྲ་བར
ས་གཞི་དང་ནམ་མཁའི་ཁྱོན་དུ
གྲོག་རོང་དང་ལ་ལུང་ཤེད་ཀྱིས་དབྱེ་ཞིང
འུ་གཉིས་ཀྱི་དཀར་ཡོལ་ཆེན་པོ་དེའི་ནང
དྲོད་ཁོལ་ཞེས་པ་བསྣན་བྱུང
ཚ་རེག་གི་ཕྱག་ཟུང
ཉི་མའི་འཇམ་རྩུབ་ལ་བྱིལ་བྱིལ་གཏོང

འུ་ཅག་སྔོན་ནས་གཉེན་ཉེ་རུ་གྱུར་ཟིན
འབྲུ་རིགས་ལ་དོ་ཁུར་བྱེད་མི་དགོས

མཐོང་བྱུང་ངམ
དཀར་ཡོལ་ནང་གི་སྒྲོན་འོད་ཀྱིས
ཆུ་འཁྱག་བཏུང་གིན
མཆི་མ་ས་ཞིང་ལ་གཏོར་ཟིན
དེ་ཡི་ཕར་ངོགས་ནི་ཆུ་མོ་ཞིག་སྟེ
ཨ་ཕས་ཁྱོད་ལ་ལག་བརྡ་གཏོང་གིན་འདུག
                      2005.8.16   9.9ལ་བཅོས།

 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༠༥ལོའི་གཏམ་རྒྱུད།

2008-11-06 ལྡོང་བུ། ཀློག་གྲངས། མཆན ཡོད།

སྔར་ནས་ནར་སོན་བྱུང
ཁྱོད་ཀྱི་མིག་འོད་རྣོན་པོ
བདག་གི་སྒེའུ་ཁུང་བརྟོལ་ཏེ
སྨིན་ཐག་ཆོད་པའི་འབྲུ་རིགས་དང་འདྲ་བར
ས་གཞི་དང་ནམ་མཁའི་ཁྱོན་དུ
གྲོག་རོང་དང་ལ་ལུང་ཤེད་ཀྱིས་དབྱེ་ཞིང
འུ་གཉིས་ཀྱི་དཀར་ཡོལ་ཆེན་པོ་དེའི་ནང
དྲོད་ཁོལ་ཞེས་པ་བསྣན་བྱུང
ཚ་རེག་གི་ཕྱག་ཟུང
ཉི་མའི་འཇམ་རྩུབ་ལ་བྱིལ་བྱིལ་གཏོང

འུ་ཅག་སྔོན་ནས་གཉེན་ཉེ་རུ་གྱུར་ཟིན
འབྲུ་རིགས་ལ་དོ་ཁུར་བྱེད་མི་དགོས

མཐོང་བྱུང་ངམ
དཀར་ཡོལ་ནང་གི་སྒྲོན་འོད་ཀྱིས
ཆུ་འཁྱག་བཏུང་གིན
མཆི་མ་ས་ཞིང་ལ་གཏོར་ཟིན
དེ་ཡི་ཕར་ངོགས་ནི་ཆུ་མོ་ཞིག་སྟེ
ཨ་ཕས་ཁྱོད་ལ་ལག་བརྡ་གཏོང་གིན་འདུག
                      2005.8.16   9.9ལ་བཅོས།

 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།