སྨྲེང་གླུ།

རྔ་བ་རྒྱལ་ཁམས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-18

མག་མོག་གི་ཟླ་འོད་འོག་ནས།།
མི་ཡུལ་གྱི་ཕྲེང་ལམ་ཀྱག་ཀྱོག།
བརྩོན་འགྲུས་ཀྱི་གོམ་ཁས་བགྲོད་སྐབས།།
ཉམ་ཆུང་གི་ཚེ་སྲོག་ཕྲ་མོ།།
རྒྱུས་མེད་ཀྱི་རི་ལུང་ཞིག་ན།།
འགག་ལ་ཉེ། འགག་ལ་ཉེ། འགག་ལ་ཉེ། ཨོའོ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།
དཀའ་སྡུག་གི་ནམ་ཟླའི་ཁྲོད་ནས།།
ཆ་མེད་ཀྱི་མི་ཡུལ་འཇིག་རྟེན།།
དབང་མེད་དུ་དང་ལེན་བྱེད་སྐབས།།
ཤེས་རིག་གིས་དབུལ་བའི་སེམས་པ།།
ཚན་འཕྲུལ་གྱི་རྒྱལ་ཁམས་ཤིག་ན།།
བག་ལ་ཞ། བག་ལ་ཞ། བག་ལ་ཞ། ཨོའོ།།
བགྲོད་དཀའ་བ་མི་ཡུལ་གྱི་ལམ་ཁ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།།
མི་ཚེ་ཡི་རྨི་ལམ་ངོགས་ནས།།
མངར་སྐྱུར་གྱི་འཇིག་རྟེན་འཚོ་བ།།
གཉོམ་ཆུང་གི་སེམས་པས་མྱོང་སྐབས།།
བདེ་སྡུག་གིས་བཅོམ་པའི་མི་ལྡོམ།།
ངེས་མེད་ཀྱི་ས་མཐའ་ཞིག་ནས།།
ཅི་ཞིག་ལ་རེ་ཞིང་སྙེག  ཅི་ཞིག་ལ་རེ་ཞིང་སྙེག
ཅི་ཞིག་ལ་རེ་ཞིང་སྙེག ཨོའོ།།
བགྲོད་དཀའ་བ་མི་ཡུལ་གྱི་ལམ་ཁ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲེང་གླུ།

2008-12-18 རྔ་བ་རྒྱལ་ཁམས་པ། ཀློག་གྲངས། མཆན ཡོད།

མག་མོག་གི་ཟླ་འོད་འོག་ནས།།
མི་ཡུལ་གྱི་ཕྲེང་ལམ་ཀྱག་ཀྱོག།
བརྩོན་འགྲུས་ཀྱི་གོམ་ཁས་བགྲོད་སྐབས།།
ཉམ་ཆུང་གི་ཚེ་སྲོག་ཕྲ་མོ།།
རྒྱུས་མེད་ཀྱི་རི་ལུང་ཞིག་ན།།
འགག་ལ་ཉེ། འགག་ལ་ཉེ། འགག་ལ་ཉེ། ཨོའོ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།
དཀའ་སྡུག་གི་ནམ་ཟླའི་ཁྲོད་ནས།།
ཆ་མེད་ཀྱི་མི་ཡུལ་འཇིག་རྟེན།།
དབང་མེད་དུ་དང་ལེན་བྱེད་སྐབས།།
ཤེས་རིག་གིས་དབུལ་བའི་སེམས་པ།།
ཚན་འཕྲུལ་གྱི་རྒྱལ་ཁམས་ཤིག་ན།།
བག་ལ་ཞ། བག་ལ་ཞ། བག་ལ་ཞ། ཨོའོ།།
བགྲོད་དཀའ་བ་མི་ཡུལ་གྱི་ལམ་ཁ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།།
མི་ཚེ་ཡི་རྨི་ལམ་ངོགས་ནས།།
མངར་སྐྱུར་གྱི་འཇིག་རྟེན་འཚོ་བ།།
གཉོམ་ཆུང་གི་སེམས་པས་མྱོང་སྐབས།།
བདེ་སྡུག་གིས་བཅོམ་པའི་མི་ལྡོམ།།
ངེས་མེད་ཀྱི་ས་མཐའ་ཞིག་ནས།།
ཅི་ཞིག་ལ་རེ་ཞིང་སྙེག  ཅི་ཞིག་ལ་རེ་ཞིང་སྙེག
ཅི་ཞིག་ལ་རེ་ཞིང་སྙེག ཨོའོ།།
བགྲོད་དཀའ་བ་མི་ཡུལ་གྱི་ལམ་ཁ།།
བཅོས་དཀའ་བ་གནམ་བསྐོས་ཀྱི་ལས་དབང༌།།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།