ངའི་ཏི་སེ་གང་ན་ཡོད།

ཁྲུང་ཁྲུང་གི་ཁྱུ་མཐོང་འདོད་ལྟར་ན
རི་ལུང་གང་ཞིག་ལ་ཕམ་ཁས་ཉུལ
མིག་ཟུང་ཆུང་ཆུང་རླུང་ཁ་ན་ཟད་ཀྱིན
ཡིད་སེམས་མཚོན་པའི་ཚིག་གཅིག་ཀྱང
དར་དཀར་བོའི་མདངས་སུ་དཀྲིས་ནས
ས་ཕྱོགས་གང་དང་གང་ལ་མུ་རུ་འཐེན

གངས་ཏི་སེ  དཔེ་འདྲ་བའི་གངས་རི་མེད་པ་མིན་ན
བསམ་བསམ་པའི་ཁྱོད་ཀྱིས
ཐག་རིང་ཞིག་མི་ཡུལ་ལ་བསྐྱུར་ནས་ཅི་བྱེད
ང་ཚོས་སྐྱོ་ངལ་གྱི་དབུགས་ཤིག་འབྱིན་མི་ཐུབ
ང་ཚོས་ཡུན་རིང་གི་སྨྲེང་བ་བརྗེད་ནས
འུ་ཐུག་གིས་ལག་པ་གང་སར་བསྲིངས

སེར་ཀ་མཚུངས་པའི་ཁྱོད
ང་ཚོས་བརྗེད་མི་རུང་བའི་ཕྱིར་དྲན་ཡིན་ནའང
སུ་ཞིག་གིས་ཁྱོད་ལ་མཚན་མོའི་སྨག་རུམ་ཁྱེར་ཡོང
ཉི་མའི་འཇིག་རྟེན་ཞིག་ཡོད་ཚུལ
མེས་པོའི་ལོ་ཟླར་དྲིས་ཀྱང
ངའི་ཏི་སེ་གང་ན་ཡོད

སེར་ཀ་ཞིག   གདུང་སེམས་ཤིག་གིས
ཁྲུང་ཁྲུང་ཁྱུ་དེ་མིག་ལ་མི་འཁོར
རླུང་ཁོ་ནར་ཉན་པ་ཇི་བཞིན
ངའི་སེམས་ཁོང་ཧ་ཅང་འཁྱག

ཨ་ཧུ  ངའི་ཏི་སེ
ང་ཚོ་ཁྱོད་ཀྱི་ཉིན་མཚན་ལ་གྱེས་ཏེ
སེམས་ཁོང་དུ་རང་བྱུང་ཡོད་ཚུལ་ངོམ
དོན་ནུ་ཅི་ཡང་མེད  མདོར་ན་གང་ཡང་མེད
ཁྱེད་ལ་དགོངས་དག་ཞུ་རན
                  ༢༠༠༦ ༡༠ ༨ནས༡༡

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཏི་སེ་གང་ན་ཡོད།

2008-12-18 ཚེ་བརྟན་རྒྱལ། ཀློག་གྲངས། མཆན ཡོད།

ཁྲུང་ཁྲུང་གི་ཁྱུ་མཐོང་འདོད་ལྟར་ན
རི་ལུང་གང་ཞིག་ལ་ཕམ་ཁས་ཉུལ
མིག་ཟུང་ཆུང་ཆུང་རླུང་ཁ་ན་ཟད་ཀྱིན
ཡིད་སེམས་མཚོན་པའི་ཚིག་གཅིག་ཀྱང
དར་དཀར་བོའི་མདངས་སུ་དཀྲིས་ནས
ས་ཕྱོགས་གང་དང་གང་ལ་མུ་རུ་འཐེན

གངས་ཏི་སེ  དཔེ་འདྲ་བའི་གངས་རི་མེད་པ་མིན་ན
བསམ་བསམ་པའི་ཁྱོད་ཀྱིས
ཐག་རིང་ཞིག་མི་ཡུལ་ལ་བསྐྱུར་ནས་ཅི་བྱེད
ང་ཚོས་སྐྱོ་ངལ་གྱི་དབུགས་ཤིག་འབྱིན་མི་ཐུབ
ང་ཚོས་ཡུན་རིང་གི་སྨྲེང་བ་བརྗེད་ནས
འུ་ཐུག་གིས་ལག་པ་གང་སར་བསྲིངས

སེར་ཀ་མཚུངས་པའི་ཁྱོད
ང་ཚོས་བརྗེད་མི་རུང་བའི་ཕྱིར་དྲན་ཡིན་ནའང
སུ་ཞིག་གིས་ཁྱོད་ལ་མཚན་མོའི་སྨག་རུམ་ཁྱེར་ཡོང
ཉི་མའི་འཇིག་རྟེན་ཞིག་ཡོད་ཚུལ
མེས་པོའི་ལོ་ཟླར་དྲིས་ཀྱང
ངའི་ཏི་སེ་གང་ན་ཡོད

སེར་ཀ་ཞིག   གདུང་སེམས་ཤིག་གིས
ཁྲུང་ཁྲུང་ཁྱུ་དེ་མིག་ལ་མི་འཁོར
རླུང་ཁོ་ནར་ཉན་པ་ཇི་བཞིན
ངའི་སེམས་ཁོང་ཧ་ཅང་འཁྱག

ཨ་ཧུ  ངའི་ཏི་སེ
ང་ཚོ་ཁྱོད་ཀྱི་ཉིན་མཚན་ལ་གྱེས་ཏེ
སེམས་ཁོང་དུ་རང་བྱུང་ཡོད་ཚུལ་ངོམ
དོན་ནུ་ཅི་ཡང་མེད  མདོར་ན་གང་ཡང་མེད
ཁྱེད་ལ་དགོངས་དག་ཞུ་རན
                  ༢༠༠༦ ༡༠ ༨ནས༡༡

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།