ང་དང་འབྲོང་ཆུང་དར་མའི་གླུ།

དྲན་པའི་གཞུ་ལ་ཚིག་གི་མདའ་མོ།།
རིག་པའི་རྩལ་གྱིས་མཐེབ་ལ་མནན་ཚེ།།
ངག་རིག་ལྷ་མོའི་བྱིན་རླབས་ཉི་མ།།
སྙན་ངག་མེ་ཏོག་ཚལ་ལ་ལོས་འབབ།།
ཚེས་རིས་བཞིན་གྱི་ར་ཁ་གོར་མོ།།
བདེན་དོན་རལ་གྲིས་ཡང་ཡང་བརྡར་ནས།།
རྒས་འཁོག་ལེགས་བཤད་བཙན་རྫོང་མཐོན་པོ།།
རྡུལ་དུ་བརླག་པའི་འབྲོང་རྒོད་སུ་ཡིན།།
ཕྱི་བལྟས་རྫ་རི་སྨུག་པོའི་གསེང་གི།
ནང་བལྟས་རྫ་ཁོག་སྐམ་པོའི་བར་ལ།།
སྙན་ངག་བུ་མོའི་མིག་ཆུ་ཕོར་གང༌།།
དབང་མེད་བྱོ་བའི་ལས་འཕྲོ་ཐེམས་འདུག།
ཕྱི་ཡི་འཇིག་རྟེན་དུར་ཁྲོད་འདྲ་འདྲ།།
ནང་གི་སེམས་ཅན་ཉེས་ཅན་འདྲ་འདྲ།།
བར་གྱི་སྙན་ངག་མཁན་པོའི་སྙིང་ཁ།།
གློ་བུར་མདའ་གྲི་མདུང་གསུམ་ཟུག་ཟུག།
སྟོད་ནས་རི་ཆེན་རྒད་པོ་ཙོག་ཙོག།
སྨད་ནས་ཆུ་ཆེན་རྒན་མོ་ངུ་ངུ༌།།
སྟོད་སྨད་རྒན་རྒོན་གཉིས་ཀྱི་དཀྱིལ་ན།།
ཐང་ཆེན་གདོང་ལ་སྐྱ་མདོག་ཤར་འདུག།
མིག་ལ་ཤར་བའི་འཇིག་རྟེན་ལྟད་མོ།།
རྣ་ལ་འཛུལ་བའི་མྱ་ངན་ཐར་ཐོར།།
སེམས་ཀྱིས་དཔྱོད་པའི་མཐའ་ལ་སླེབས་ཀྱང༌།།
དྲན་པའི་དཀྱིལ་ན་རི་མོ་རབ་རིབ།།
རི་ཆེན་རྩེ་མོ་ཁ་བས་གཡོག་ཐལ།།
ཐང་ཆེན་གཞོང་བར་མིག་ཆུ་འཁྱིལ་ཡོད།།
རྒོད་པོ་ཁེར་རྐྱང་ཞིག་གི་བྲག་ཐེམ།།
རླུང་ཆེན་གཡུག་ཐེངས་གཅིག་གིས་ཁུར་འགྲོ།
བླ་མའི་བཀའ་ལུང་གཡས་སུ་གཡུག་ནས།།
མཁས་པའི་ལེགས་བཤད་གཡོན་དུ་བཞག་ནས།།
མི་རབས་ཞིག་གི་དུར་ས་འདེབས་ས།།
ཆང་དང་སྙན་ངག་མཚན་མོ་གསུམ་ཡིན།།
ཡ་རབས་བུ་མོའི་འཛུམ་ལ་མ་ཆགས།།
མ་རབས་བུ་ལོའི་འཚང་ལ་མ་འཁྲེང༌།།
རང་གཤིས་གོར་མོ་རྡོ་ལོག་འདྲ་མོ།།
ང་དང་མི་རབས་གསུམ་པའི་སྲོག་ཡིན།།
ཀྭ་ཡེ་གངས་ཆེན་དབུ་འཕངས་མཐོན་པོ།།
ཝ་ཡེ་མཚོ་ཆེན་མེ་ལོང་འཁྱིལ་མ།།
ང་དང་འབྲོང་ཆུང་དར་མའི་གླུ་འདི།།
སྟོང་གསུམ་དཀྲུག་པའི་ཕོ་ཉ་ཡིན་འདུག། 
    2006-10-20

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་འབྲོང་ཆུང་དར་མའི་གླུ།

2008-12-17 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དྲན་པའི་གཞུ་ལ་ཚིག་གི་མདའ་མོ།།
རིག་པའི་རྩལ་གྱིས་མཐེབ་ལ་མནན་ཚེ།།
ངག་རིག་ལྷ་མོའི་བྱིན་རླབས་ཉི་མ།།
སྙན་ངག་མེ་ཏོག་ཚལ་ལ་ལོས་འབབ།།
ཚེས་རིས་བཞིན་གྱི་ར་ཁ་གོར་མོ།།
བདེན་དོན་རལ་གྲིས་ཡང་ཡང་བརྡར་ནས།།
རྒས་འཁོག་ལེགས་བཤད་བཙན་རྫོང་མཐོན་པོ།།
རྡུལ་དུ་བརླག་པའི་འབྲོང་རྒོད་སུ་ཡིན།།
ཕྱི་བལྟས་རྫ་རི་སྨུག་པོའི་གསེང་གི།
ནང་བལྟས་རྫ་ཁོག་སྐམ་པོའི་བར་ལ།།
སྙན་ངག་བུ་མོའི་མིག་ཆུ་ཕོར་གང༌།།
དབང་མེད་བྱོ་བའི་ལས་འཕྲོ་ཐེམས་འདུག།
ཕྱི་ཡི་འཇིག་རྟེན་དུར་ཁྲོད་འདྲ་འདྲ།།
ནང་གི་སེམས་ཅན་ཉེས་ཅན་འདྲ་འདྲ།།
བར་གྱི་སྙན་ངག་མཁན་པོའི་སྙིང་ཁ།།
གློ་བུར་མདའ་གྲི་མདུང་གསུམ་ཟུག་ཟུག།
སྟོད་ནས་རི་ཆེན་རྒད་པོ་ཙོག་ཙོག།
སྨད་ནས་ཆུ་ཆེན་རྒན་མོ་ངུ་ངུ༌།།
སྟོད་སྨད་རྒན་རྒོན་གཉིས་ཀྱི་དཀྱིལ་ན།།
ཐང་ཆེན་གདོང་ལ་སྐྱ་མདོག་ཤར་འདུག།
མིག་ལ་ཤར་བའི་འཇིག་རྟེན་ལྟད་མོ།།
རྣ་ལ་འཛུལ་བའི་མྱ་ངན་ཐར་ཐོར།།
སེམས་ཀྱིས་དཔྱོད་པའི་མཐའ་ལ་སླེབས་ཀྱང༌།།
དྲན་པའི་དཀྱིལ་ན་རི་མོ་རབ་རིབ།།
རི་ཆེན་རྩེ་མོ་ཁ་བས་གཡོག་ཐལ།།
ཐང་ཆེན་གཞོང་བར་མིག་ཆུ་འཁྱིལ་ཡོད།།
རྒོད་པོ་ཁེར་རྐྱང་ཞིག་གི་བྲག་ཐེམ།།
རླུང་ཆེན་གཡུག་ཐེངས་གཅིག་གིས་ཁུར་འགྲོ།
བླ་མའི་བཀའ་ལུང་གཡས་སུ་གཡུག་ནས།།
མཁས་པའི་ལེགས་བཤད་གཡོན་དུ་བཞག་ནས།།
མི་རབས་ཞིག་གི་དུར་ས་འདེབས་ས།།
ཆང་དང་སྙན་ངག་མཚན་མོ་གསུམ་ཡིན།།
ཡ་རབས་བུ་མོའི་འཛུམ་ལ་མ་ཆགས།།
མ་རབས་བུ་ལོའི་འཚང་ལ་མ་འཁྲེང༌།།
རང་གཤིས་གོར་མོ་རྡོ་ལོག་འདྲ་མོ།།
ང་དང་མི་རབས་གསུམ་པའི་སྲོག་ཡིན།།
ཀྭ་ཡེ་གངས་ཆེན་དབུ་འཕངས་མཐོན་པོ།།
ཝ་ཡེ་མཚོ་ཆེན་མེ་ལོང་འཁྱིལ་མ།།
ང་དང་འབྲོང་ཆུང་དར་མའི་གླུ་འདི།།
སྟོང་གསུམ་དཀྲུག་པའི་ཕོ་ཉ་ཡིན་འདུག། 
    2006-10-20

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།