སླར་ཡང་མཚོ་འགྲམ་དུ་ལོག་པ།

ངས་ཡུན་རིང་ལ་ལྷས་ར་ལས་འཐུས་མ་མྱོང་བའི་ནོར་ནག་གི་ཁྱུ་ཚོགས་འདི་ན་ཡོད
ངའི་སྙིང་ཉེ་བའི་འབྲུ་རིགས་དང་ཞོག་ཁོག་དག་ཀྱང་སྨིན་གྱིན་ཡོད
མགོ་རས་ཁྲ་ཁྲ་དཀྲིས་པའི་བུ་མོ་ཚོའི་འཛུམ་མདངས་ཀྱི་བར་ལ་སྡུག་གཉེར་ཆགས་མི་སྲིད
 
ཉི་འོད་འཇམ་ཞིང་བསིལ་རླུང་ཡང་པའི་མཚོ་འགྲམ་ལ་ལོག་དུས
དུངས་སྣང་ལ་སྨྲེང་སེམས་བསྐྱིས་ཡོང་བའི་བདག་གིས་བྱིས་དུས་དྲན་ཡོང་གི
མེ་ཏོག་ལྟ་བུའི་བུ་མོ་དང་བུ་མོ་ལྟ་བུའི་ཕྱེ་ལེབ་ཚོ་ཡིད་ལ་འཁོར་ཡོང་གི
 
རླུང་བུ་བསིལ་བསིལ་གྱིས་མཚོ་མོ་ཡོམས་ཡོམས་སྒུལ་གྱིན་འདུག
ན་སྤང་དང་ཆུ་ཕྲན་ལྷུང་ལྷུང་འཁྲོལ་བའི་བར་གསེང་ན་ལུག་ཁྱུ་དཀར་སེང་གིས་འཐོར་གྱིན་ཡོད
དཀར་སེང་སེང་གི་ལུག་ཁྱུ་རླངས་འཁོར་ལ་བཅུས་པའི་སྟོན་མཇུག་གི་དུས་ཚིགས་འདིར
མཚོ་བོད་གཞུང་ལམ་སྟེང་གི་ཡུལ་སྐོར་བ་ཚོ་ཇེ་མང་དུ་འགྲོ་བཞིན་ཡོད
སྟོན་མཇུག      མཚོ་མོ་རྒྱས་ཡོང་བཞིན་པའི་དུས་སྐབས་ཀྱང་ཡིན
 
འདི་ནས་ཡར་ལ་བལྟས་པའི་ལུང་མདོ་ཆེན་པོ་འདིའི
ཡོལ་ངོས་སུ་ལྷག་འདྲའི་ལུག་ལྷས་ཆེན་པོ་དེ
མི་ལོ་ཉེར་གཅིག་ལས་མེད་པའི་བདག་གི་ཨ་མས་ང་རང་བཙའ་དུས་ཀྱི་དཔྱིད་ར་ཡིན་ཟེར་གི
ལོ་དེ་ལ     ངེད་ཚང་གིས་ཀྱང་སྟོང་ལུག་མི་ཤོང་བའི་ལྷས་ར་འདི་གཉེར་སྲོལ་བཤད་གི
                                               ༢༠༠༦ལོའི་ཟླ་༧པའི་ཚེས་༢༣ཉིན་མཚོ་འགྲམ་དུ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སླར་ཡང་མཚོ་འགྲམ་དུ་ལོག་པ།

2008-12-17 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

ངས་ཡུན་རིང་ལ་ལྷས་ར་ལས་འཐུས་མ་མྱོང་བའི་ནོར་ནག་གི་ཁྱུ་ཚོགས་འདི་ན་ཡོད
ངའི་སྙིང་ཉེ་བའི་འབྲུ་རིགས་དང་ཞོག་ཁོག་དག་ཀྱང་སྨིན་གྱིན་ཡོད
མགོ་རས་ཁྲ་ཁྲ་དཀྲིས་པའི་བུ་མོ་ཚོའི་འཛུམ་མདངས་ཀྱི་བར་ལ་སྡུག་གཉེར་ཆགས་མི་སྲིད
 
ཉི་འོད་འཇམ་ཞིང་བསིལ་རླུང་ཡང་པའི་མཚོ་འགྲམ་ལ་ལོག་དུས
དུངས་སྣང་ལ་སྨྲེང་སེམས་བསྐྱིས་ཡོང་བའི་བདག་གིས་བྱིས་དུས་དྲན་ཡོང་གི
མེ་ཏོག་ལྟ་བུའི་བུ་མོ་དང་བུ་མོ་ལྟ་བུའི་ཕྱེ་ལེབ་ཚོ་ཡིད་ལ་འཁོར་ཡོང་གི
 
རླུང་བུ་བསིལ་བསིལ་གྱིས་མཚོ་མོ་ཡོམས་ཡོམས་སྒུལ་གྱིན་འདུག
ན་སྤང་དང་ཆུ་ཕྲན་ལྷུང་ལྷུང་འཁྲོལ་བའི་བར་གསེང་ན་ལུག་ཁྱུ་དཀར་སེང་གིས་འཐོར་གྱིན་ཡོད
དཀར་སེང་སེང་གི་ལུག་ཁྱུ་རླངས་འཁོར་ལ་བཅུས་པའི་སྟོན་མཇུག་གི་དུས་ཚིགས་འདིར
མཚོ་བོད་གཞུང་ལམ་སྟེང་གི་ཡུལ་སྐོར་བ་ཚོ་ཇེ་མང་དུ་འགྲོ་བཞིན་ཡོད
སྟོན་མཇུག      མཚོ་མོ་རྒྱས་ཡོང་བཞིན་པའི་དུས་སྐབས་ཀྱང་ཡིན
 
འདི་ནས་ཡར་ལ་བལྟས་པའི་ལུང་མདོ་ཆེན་པོ་འདིའི
ཡོལ་ངོས་སུ་ལྷག་འདྲའི་ལུག་ལྷས་ཆེན་པོ་དེ
མི་ལོ་ཉེར་གཅིག་ལས་མེད་པའི་བདག་གི་ཨ་མས་ང་རང་བཙའ་དུས་ཀྱི་དཔྱིད་ར་ཡིན་ཟེར་གི
ལོ་དེ་ལ     ངེད་ཚང་གིས་ཀྱང་སྟོང་ལུག་མི་ཤོང་བའི་ལྷས་ར་འདི་གཉེར་སྲོལ་བཤད་གི
                                               ༢༠༠༦ལོའི་ཟླ་༧པའི་ཚེས་༢༣ཉིན་མཚོ་འགྲམ་དུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།