རྒྱ་གར་ལྷོ་ཕྱོགས་ཀྱི་གྲོགས་པོ་ཞིག་ལ་བྲིས་པའི་འཕྲིན་ཡིག་དུས་རབས་ཉག་གའི་རྒྱང་འབོད།

ཏི་སེའི་བུ་རྒྱུད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-17

ལྷོ་ཕྱོགས་འོ་མཚོ་ཕྱུག་མོའི་རླབས་རྒྱུན་དང་འགྲོགས་ཏེ།།
ཤེས་བརྩོན་བློ་གྲོས་སྤོབས་པའི་གྲུ་གཟེངས་ལ་བརྟེན་ནས།།
གཞུང་ལུགས་རྒྱ་མཚོའི་ཕ་མཐར་ཐོགས་མེད་དུ་བགྲོད་པའི།།
ཚུལ་བཟང་རྣམ་དཔྱོད་རྒྱས་པའི་གངས་བུ་དེའི་དྲུང་དུ།།
 
སྔར་དུས་རྫོགས་ལྡན་ཞིང་གི་དཔལ་ཡོན་ལ་འགྲན་ཡང༌།།
དེང་འདིར་སྐྱོ་མུན་འཐིབ་པའི་གངས་ཅན་གྱི་ཡུལ་ནས།།
སད་མེད་རྨོངས་པའི་གཉིད་ལ་བག་ཡངས་སུ་རོལ་བའི།།
རྩམ་ཟན་རང་མིང་པ་ཡིས་ཉོག་གཏམ་འདི་ཕུལ་བ།།
 
ལྷག་བསམ་དུང་ཟླ་དཀར་པོའི་འོད་སྣང་གི་ཟེར་མས།།
གྲོགས་ཚོའི་རྨོངས་མུན་སེལ་བའི་མཛད་འཕྲིན་གྱི་ཆ་འདིར།།
དབྱར་རྔའི་སྒྲ་ལས་སྙན་པའི་བསྔགས་བརྗོད་ཞིག་འོས་ཀྱང༌།།
རེ་ཞིག་རྒྱ་མཚོའི་ཕར་ཁར་ཐུག་ཐབས་ཤིག་མི་འདུག།
 
དེ་ཕྱིར་སོར་རྩེའི་འཁྱར་འཁྱོར་གོམ་འགྲོས་ལ་བརྟེན་ནས།།
སྐྱོ་ཤེས་ལྕགས་སྨྱུག་བུ་མོའི་མིག་ཆུ་ཡི་ལམ་ནས།།
གངས་སུལ་སྐྱིད་སྡུག་འཚོ་བའི་མྱོང་ཚོར་གྱི་སྙིང་གཏམ།།
ལྷད་མེད་སེམས་དམར་ཁོང་ནས་བཤད་འདོད་ཅིག་བྱུང་སོང༌།།
 
དབུགས་ཐོག་དབུགས་བརྩེགས་སྒོ་ནས་བཙན་བསྒྲིགས་ཀྱི་ཚིག་ལ།།
དེ་ཙམ་སྙིང་བོ་དབེན་པས་ཁོང་དགོད་རེ་སློང་ཡང༌།།
མཁྱེན་དཔྱོད་མཁའ་ལས་ཡངས་བའི་ཡིད་མཐུན་གྱི་གྲོགས་པོར།།
སྙིང་ནས་བཟོད་གསོལ་ཕུལ་ཞིང་དགོངས་དག་ཞིག་ཞུའོ།།
 
བྱང་ཐང་བྱེ་རླུང་འདྲེས་མའི་འཚུབ་རྒྱག་གི་ཁྲོད་ན།།
ཚེ་སྲོག་རླུང་ཁར་བསྐྱོན་པའི་སྦྲ་ནག་གི་ལས་དབང༌།།
རྐང་ལག་ས་ལ་འཐམ་ནས་སྐྱོ་སྡུག་གི་ངུ་འབོད།།
ཡུལ་གྱར་གྲོགས་པོས་རེ་ཞིག་ཐོས་ཐབས་ཤིག་མེད་ཀྱང༌།།
 
མིག་ཆུའི་ཕྲེང་བ་འཐོར་བའི་ཡིད་ཆད་ཀྱི་བུ་ངས།།
སོར་རྩེའི་འདུ་བྱེད་བར་ནས་སེམས་ཆུང་གི་ངང་ནས།།
ཕ་ཁྱིམ་སྦྲ་ནག་གྲུ་བཞིའི་ལས་དབང་འདི་གླེང་ཏེ།།
དུས་རབས་ཉག་ཀ་བརྒལ་ཀྱང་འབྲས་བུ་ཞིག་མ་བྱུང༌།།
 
སྐབས་རེར་འཕྲོག་བྱེད་ཁྲོས་པའི་རྣམ་པ་དེ་དྲན་ཚེ།།
སྔར་ལས་སེམས་ཤུགས་རྒྱས་པའི་གངས་ཐང་གི་བུ་ངས།།
མདུན་སྐྱོད་གླུ་སྒྲས་གནམ་ས་སྒུལ་ཐབས་ཤིག་མེད་ཀྱང༌།།
ཞེན་སྐུལ་ཀི་རིང་བཏབས་ནས་ཡུན་རིང་ཞིག་ལོན་སོང༌།།
 
འདི་ན་བསམ་ངན་འུག་པས་བསླུ་བྲིད་དང་གཡོ་སྒྱུས།།
དྲག་པོའི་གཡུལ་འགྱེད་ངན་པའི་མཇུག་འབྲས་ལས་ཐུ་བའི།།
ཕུག་རོན་སྤྱི་ལ་བཟོས་པའི་གྱོང་གུད་དེ་བསམ་ན།།
སྙིང་དམར་ཕྱི་ལ་བཏོན་ཀྱང་འགྱོད་པ་ཞིག་མི་འདུག།
 
མ་འོངས་མི་བུའི་ཚེ་སྲོག་ལྕགས་སྙི་ལ་ཤོར་ནས།།
འབྱུང་འགྱུར་རེ་ལྟོས་བྱེད་ས་ཉིན་སྐར་ལས་དཀོན་སོང༌།།
ཕ་གཞས་འགྱུར་ཁུགས་སྙན་མོ་དུས་ནད་ཀྱིས་འགག་ཏེ།།
ཕྱི་རབས་ཕ་སྐད་ཤེས་པའི་རིགས་རྒྱུད་དེ་ཉུང་སོང༌།།
 
"ཁ་འཇམ་ཁོག་རྩུབ་"རིགས་ཀྱིས་ཁོང་དགོད་རེ་བྱེད་བཞིན།།
སྐྱོ་གར་འཁྲབ་ཚན་རེ་ལ་ཞོག་འདེགས་རེ་བྱེད་དུས།།
ཀླད་མེད་འབྲོག་པ་རྒན་པོས་མཐེ་བོང་དེ་བསྒྲེངས་ནས།།
འདི་འདྲའི་དྲིན་ཆེན་ཟེར་ནས་མགོ་བོ་དེ་འཁོར་འདུག།
 
རྒས་འཁོགས་ཨུ་ཚུགས་ཅན་ཚོ་རྙིང་ཞེན་གྱིས་བསླུས་ཤིང༌།།
གཞོན་ཆུང་ཤེས་མེད་དེ་ཚོ་རྣམ་གཡེང་གིས་བརླགས་ཏེ།།
ཇོ་སེར་རང་འདོད་ཅན་དག་གྲུབ་མཐའ་ཡིས་འགལ་ནས།།
ཁ་བ་གངས་ཀྱི་ཡུལ་འདི་སྐྱོ་གར་གྱིས་གང་འདུག།
 
བྱང་སེམས་སྙིང་རྗེ་སྤྲེའུའི་རང་གཤིས་དེ་མ་ཟིན།།
ཤ་ཟན་བྲག་སྲིན་རིགས་ཀྱི་སྙིང་སྟོབས་དེ་མི་འདུག།
རྗེས་ལུས་བོང་ལུ་ཞོན་པའི་བྱང་ཐང་གི་མི་ཚོགས།།
རང་དོན་རང་གིས་མ་འགྲུབ་སྡུག་ཡུས་ཀྱིས་ཁེངས་འདུག།
 
ཨ་གསར་རང་ཆས་བོར་བའི་མདོ་མེད་ཀྱི་དབུས་པ།།
གཞན་ལད་རང་ཚུགས་ཤོར་བའི་ཀླད་མེད་ཀྱི་ཁམས་པ།།
ཨུ་ཚུགས་ཀི་ཅོ་འདོན་པའི་གཤིས་གྱོང་གི་ཨ་མདོ།།
ཆོལ་གསུམ་ཉམས་རྒུད་ཐེབས་པའི་རྒྱུ་རྐྱེན་འདི་ཅི་ཞིག།
 
གྲོགས་ཁྱོད་འཕགས་ཡུལ་ཞིང་ན་ཞི་དུལ་གྱིས་འཚོ་ཡང༌།།
ཟང་ཟིང་རང་ཡུལ་ཕྱོགས་ཀྱི་སྐྱོ་ཉམས་འདི་ཨེ་གཟིགས།།
དེ་རིང་བྷོ་ཊའི་སྐྱིད་སྡུག་ཁྱེད་རང་ལ་ཞུས་ཡོད།།
སང་ཉིན་ཅི་ཞིག་འོང་ཡང་འགྱོད་པ་ཞིག་མེད་དོ།།
ཞེས་ཡོངས་གྲགས་སྟོན་པའི་འདས་ལོ༢༥༥༠བོད་ཀྱི་རྒྱལ་ལོ་༢༡༣༣ སྤྱི་ལོ་
༢༠༠༦ལོའི་ཟླ་༩པའི་ཚེས་༧ཉིན་བོད་ཕྲུག་ཏི་སེའི་བུ་རྒྱུད་ནས་ཕུལ་བ་ལགས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་གར་ལྷོ་ཕྱོགས་ཀྱི་གྲོགས་པོ་ཞིག་ལ་བྲིས་པའི་འཕྲིན་ཡིག་དུས་རབས་ཉག་གའི་རྒྱང་འབོད།

2008-12-17 ཏི་སེའི་བུ་རྒྱུད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།