བརྩེ་དུང་ནི་བརྩེ་དུང་སྟེ།

བརྩེ་དུང་ནི་བརྩེ་དུང་སྟེ་
ཡལ་ག་གསར་བ་ལ་འབུས་པའི་འདབ་མ་ཨ་གསར་ཡིན
དེ་ག་ཉིད་དཔྱིད་རླུང་གི་སྐྲ་ལོའི་གསེབ་ན་དལ་གྱིས་འཕྱུར
བརྩེ་དུང་ནི་བརྩེ་དུང་སྟེ་
མཚོའི་རླབས་ངོགས་ན་བསྐྱོད་པའི་ཟླ་འོད་ཀྱི་ཐིག་ལེ་ཡིན
དེ་ག་ཉིད་ཞི་འཇམ་གྱི་ངང་ནས་ཆུ་ཡི་གཏིང་སར་ག་ལེར་ཐིམ
བརྩེ་དུང་ནི་བརྩེ་དུང་སྟེ་
གཞིས་ཀ་ཞིག་གི་ལྷིང་འཇགས་ཀྱི་སྒོ་གླེགས་བཅོམ་པའི་རླུང་བུ་ཡིན
ཁོ་བོ་དུས་ཀྱི་ཕྱི་ནས་འོང་སྟེ་ཡུལ་གྱི་ནང་ཕྱོགས་ལ་སིམ་འགྲོ་བ་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
སྲོད་ལ་ལྷུང་བའི་ཁ་བ་སྟུག་པོའི་རྨི་ལམ་གྱི་ཨ་ལོང་རེ་རེ་ཡིན
ཞོགས་ཀའི་ཉི་ཟེར་གྱིས་གསང་བ་མ་ལུས་མེ་ལ་སྦར་བའི་སྣང་བ་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
སླུ་བྲིད་ཀྱི་སྣེ་ནས་ཡིད་ཆེས་ཀྱི་སྣེ་མོར་དཔྱངས་པའི་འཇའ་རིས་ཡིན
དེ་ལ་ཤེས་བཞིན་གྱི་ཤིང་རྟར་རང་སྣང་སྐྱིད་པའི་འདོད་པ་སྤུང་ནས་རྒྱུག
བརྩེ་དུང་ནི་བརྩེ་དུང་སྟེ་
གཏམ་རྒྱུད་ལ་མ་གོམས་པའི་ཡིད་ཀྱིས་སོ་སོར་སྒྲིག་པའི་གོ་རིམ་ཡིན
དེ་ལ་ཕྱི་ནང་གང་སྨིན་དབྱེ་དཀའ་བའི་ཁྱད་མཚར་རོ་བཅུད་ཕྱུག་ནས་ཡོད་ཨང་
བརྩེ་དུང་ནི་བརྩེ་དུང་སྟེ་
སྐྱེ་བ་སྔ་ཕྱི་འགྲིམ་པའི་རྣམ་ཤེས་འགག་པ་མེད་དེའི་མལ་ཚིགས་ཡིན
གང་དེ་ཡུལ་དུས་ངེས་མེད་ཀྱི་འཚེ་བ་བཟློག་པའི་ཚེ་སྲོག་གི་ལྡུམ་ར་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
མེ་ལྕེ་བཞིན་གྱི་མེ་ཏོག་གི་ཡལ་བ་མེད་པའི་ཁ་དོག་གི་འབར་མཆེད་ཡིན
འཁོར་ཡུག་རྒྱུས་མེད་ཅིག་གི་སྣང་མུན་བར་ན་འབོད་པའི་གཡབ་མོའང་འདྲའོ
བརྩེ་དུང་ནི་བརྩེ་དུང་སྟེ་
བདག་གི་ཡོད་ཚད་ལ་བདག་ཐོབ་པའི་ཁྱོད་ཀྱི་བྱམས་སེམས་དང་
ཁྱོད་ཀྱི་ཡོད་ཚད་ལ་གཏད་པའི་ངའི་ལྷག་བསམ་གྱི་དབགས་རྒྱུ་དག་ཡིན་ནོ

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་ནི་བརྩེ་དུང་སྟེ།

2008-12-16 ངལ་རྫི། ཀློག་གྲངས། མཆན ཡོད།

བརྩེ་དུང་ནི་བརྩེ་དུང་སྟེ་
ཡལ་ག་གསར་བ་ལ་འབུས་པའི་འདབ་མ་ཨ་གསར་ཡིན
དེ་ག་ཉིད་དཔྱིད་རླུང་གི་སྐྲ་ལོའི་གསེབ་ན་དལ་གྱིས་འཕྱུར
བརྩེ་དུང་ནི་བརྩེ་དུང་སྟེ་
མཚོའི་རླབས་ངོགས་ན་བསྐྱོད་པའི་ཟླ་འོད་ཀྱི་ཐིག་ལེ་ཡིན
དེ་ག་ཉིད་ཞི་འཇམ་གྱི་ངང་ནས་ཆུ་ཡི་གཏིང་སར་ག་ལེར་ཐིམ
བརྩེ་དུང་ནི་བརྩེ་དུང་སྟེ་
གཞིས་ཀ་ཞིག་གི་ལྷིང་འཇགས་ཀྱི་སྒོ་གླེགས་བཅོམ་པའི་རླུང་བུ་ཡིན
ཁོ་བོ་དུས་ཀྱི་ཕྱི་ནས་འོང་སྟེ་ཡུལ་གྱི་ནང་ཕྱོགས་ལ་སིམ་འགྲོ་བ་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
སྲོད་ལ་ལྷུང་བའི་ཁ་བ་སྟུག་པོའི་རྨི་ལམ་གྱི་ཨ་ལོང་རེ་རེ་ཡིན
ཞོགས་ཀའི་ཉི་ཟེར་གྱིས་གསང་བ་མ་ལུས་མེ་ལ་སྦར་བའི་སྣང་བ་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
སླུ་བྲིད་ཀྱི་སྣེ་ནས་ཡིད་ཆེས་ཀྱི་སྣེ་མོར་དཔྱངས་པའི་འཇའ་རིས་ཡིན
དེ་ལ་ཤེས་བཞིན་གྱི་ཤིང་རྟར་རང་སྣང་སྐྱིད་པའི་འདོད་པ་སྤུང་ནས་རྒྱུག
བརྩེ་དུང་ནི་བརྩེ་དུང་སྟེ་
གཏམ་རྒྱུད་ལ་མ་གོམས་པའི་ཡིད་ཀྱིས་སོ་སོར་སྒྲིག་པའི་གོ་རིམ་ཡིན
དེ་ལ་ཕྱི་ནང་གང་སྨིན་དབྱེ་དཀའ་བའི་ཁྱད་མཚར་རོ་བཅུད་ཕྱུག་ནས་ཡོད་ཨང་
བརྩེ་དུང་ནི་བརྩེ་དུང་སྟེ་
སྐྱེ་བ་སྔ་ཕྱི་འགྲིམ་པའི་རྣམ་ཤེས་འགག་པ་མེད་དེའི་མལ་ཚིགས་ཡིན
གང་དེ་ཡུལ་དུས་ངེས་མེད་ཀྱི་འཚེ་བ་བཟློག་པའི་ཚེ་སྲོག་གི་ལྡུམ་ར་ཡིན
བརྩེ་དུང་ནི་བརྩེ་དུང་སྟེ་
མེ་ལྕེ་བཞིན་གྱི་མེ་ཏོག་གི་ཡལ་བ་མེད་པའི་ཁ་དོག་གི་འབར་མཆེད་ཡིན
འཁོར་ཡུག་རྒྱུས་མེད་ཅིག་གི་སྣང་མུན་བར་ན་འབོད་པའི་གཡབ་མོའང་འདྲའོ
བརྩེ་དུང་ནི་བརྩེ་དུང་སྟེ་
བདག་གི་ཡོད་ཚད་ལ་བདག་ཐོབ་པའི་ཁྱོད་ཀྱི་བྱམས་སེམས་དང་
ཁྱོད་ཀྱི་ཡོད་ཚད་ལ་གཏད་པའི་ངའི་ལྷག་བསམ་གྱི་དབགས་རྒྱུ་དག་ཡིན་ནོ

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།