ཁྲག་གིས་བཀྲུས་པའི་ང་ས་གཞི་ཆེན་པོ་འདི།

དུས་ཚོད    ཁྲག་རྒྱུན་གྱི་ཀློང་ན་འཚུབ་ཤ་ལེར་བསྐྱོད
ཁ་སྣའི་ཁུང་བུ་རེ་རེ་ན་དུག་རླངས་ཐོལ་ལོ་ལོ་འཕྱུར་བའི་སྲོག་ཆགས་འདི་དག
ལག་མཐིལ་ལྟ་བུའི་ས་གཞིའི་སྟེང་རུབ་ནས་འཚང་ཁ་ཤིག་ཤིག་བྱེད
སོ་བར་དག་ན་སུ་ཞིག་གི་རུས་པ་ཁྲུམ་ཁྲུམ་འཆའ་བཞིན
སླར་ཡང་རུས་རྐང་རྐྱང་རྐྱང་འཚོལ་ལ་རུས་རྐང་རྐྱང་རྐྱང་འཕྲོག་ཅིང་རྩོད

མིག་གི་རྣོ་དབལ་ལ་སྟོབས་ཤུགས་རྒྱས་དྲག་པས
བརྩེ་ཞེན་གྱི་ཉིང་ཁུ་དག་ཧུབ་གཅིག་གིས་ཁྱུར་མིད་བཏང་སོང་
གཅིག་ལས་གཅིག་རིང་ཞིང་ཆེ་བའི་ལག་མཐིལ་དག་ན
སྤྲང་བོའི་ཚོགས་ནམ་ཡང་ཞེད་སྣང་གིས་ཁེངས་འདུག

ལྷུ་ཚིགས་དང་ལྷུ་ཚིགས་རྣོ་ལྕགས་གིས་སྦྲེལ་བས
ཁྱོད་ཀྱི་སྟོབས་ཤུགས་ལ་སུས་ཀྱང་འགྲན་ཟླ་བྲལ
ནམ་མཁའ་ན    གཡུ་འབྲུག་སྔོན་མོའི་མཆེ་བ་ཁྲག་ལ་བསྒྲེས་འདུག
ས་སྟེང་ན        གངས་སེང་དཀར་མོའི་གཡུ་རལ་ཁྲག་གིས་བངས་འདུག
སྤྲེའུ་ཡི་ཚོགས་དང་བྱ་བྱེའུ་ཡི་ཚོགས་ཀྱང
ཁྲག་གི་མཚོ་ཁར་རུབ་ནས་ལུས་པོ་བཀྲུ་ཞིང་རྩེད་མོར་གཡེང

ཁྲག་གི་རྦ་རླབས་རེ་རེ་ནི་སའི་གོ་ལས་ཤུགས་ཀྱིས་རྐྱོང་བའི་ལྕེ་ཞགས་རེ་རེ་སྟེ
དངོས་གནས་ཅི་ཞིག་ཁྱུར་མིད་གཏོང་བར་རྩོམ་ཨང
གནམ་སའི་བར་ན་འཕྲུལ་འཁོར་དག་ཀྱང་སྨྱོ་ཧམ་གྱིས་བསྐྱོད
མཁའ་ལམ་དང་མཚོ་ལམ    ལྕགས་ལམ་དང་སྣུམ་ལམ་རེ་རེའི་ངོས་སུའང
མཚོན་ཆའི་ཚོགས་སིང་སིང་གྲགས     ཁྲག་གི་ལྟེང་ག་འཁྱིལ

ཁྲི་ཤོར་རྒྱལ་མོ་དང་ཕྱི་བདེ་རྒྱ་མཚོ་ནི་དམར་ལྟེམས་ལྟེམས་འཁྱིལ་བའི་ཁྲག་གི་རྒྱ་མཚོ་ཞིག་རེད
པོ་ཏ་ལ   ཁྲག་གིས་བཞེངས་ཤིང་ཁྲག་གིས་བཀྲུས་པའི་པོ་ཏ་ལ
དེ་ནི་སྡིག་སྲིན་ཞིག་རེད    དེ་ནི་གཅན་གཟན་ཞིག་རེད

རྐང་ལག་གི་ཚོགས་གང་སར་བརྐྱངས་ནས་ཐུག་ཐུག་པོའི་ཟུངས་ཁྲག་འཁོལ་མར་གཞིབས
ཁྲག་དམར་འཛར་འཛར་གྱི་འཇིག་རྟེན་འདི་ནས
ངས་ཅི་ཡང་མཐོང་མི་འདོད་ཀྱང
འཇིག་རྟེན་འདིར་སུ་ལའང་ངན་ཁག་དཀྲི་ས་ཡེ་ནས་མེད
གཞོམ་དགོས་པ་དེ་གཞོམ་སྙམ་དུས་ཡོད་ཚད་གཞོམ་དགོས་པ་འདྲ

ད་ལྟ   ང་རང་འཇིག་རྟེན་འདིར་དུངས་བ་ཡེ་ནས་མེད
ང་ལ་རང་དབང་དང་འདྲ་མཉམ་གྱི་འཇིག་རྟེན་གཞན་ཞིག་མཁོ
ང་ལ་བརྩེ་ཞེན་དང་དུངས་བ་ཟབ་པའི་མི་ལུས་གཞན་ཞིག་མཁོ་ཡ
                             2007.3.2
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་གིས་བཀྲུས་པའི་ང་ས་གཞི་ཆེན་པོ་འདི།

2008-12-25 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།