ཁྱོད་ཀྱི་བྱུང་རིམ་དང-------

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-25

ལོ་རྒྱུས་ཡིན་ཟེར་བའི་འདས་དོན་ཞིག་ལ
ཡིག་འབྲུའི་མཚོན་པའི་བཤད་སྟངས་ཁ་ཤས་བསློགས་རྗེས
ཆགས་སྡང་གི་ཚོར་བ་ཕྲ་མོས་བག་འཁུམས་པར་བྱས
གངས་རི་དེ་ཞུ་ནས་བཞུར་ཚར་བའང་སུ་ལ་འདྲི

ཁ་སང་གི་ཁྱོད་ནི་ཅི་འདྲའི་ཡིད་དུ་འོང་ཨང
དམར་རྗེན་རྗེན་དུ་ས་སྒང་གི་མཐོ་ས་ནས་གཅེར་བུར་བུད་མྱོང་ལ
འདར་ལྕུག་ལྕུག་གིས་མི་ཡུལ་གྱི་ལྟེ་སྙིང་ནས་གྲང་ངར་ལ་འཐབ་མྱོང
ཁྱི་སྐད་ཀྱིས་མཚན་མོ་དཀྲོག་ཞིང
དཔྱིད་ཚིགས་ཀྱིས་དགུན་ཟླ་རྒྱང་ལ་བསྐྱལ
དུས་དེར     སྟོན་ཚིགས     ལོ་མ      སེར་ཐིགས
རྩྭ་ཐང་གི་ཚེ་སྲོག་ནམ་མཁས་བསྐྱངས་སོང
མེ་སྟག་འོད་ཀྱིས་སེམས་ཁོང་གསལ་བར་བྱས་སོང
རྒྱ་ཆེན་པོའི་སེམས་ཀྱི་འབྲེལ་བ་སྣ་ཚོགས
སྐབས་རེར་འཇིག་རྟེན་ཧ་ཅང་ཆེ་ལ
ལན་རེར་འཇིག་རྟེན་ཤིན་ཏུ་ཆུང
སེམས་ཀྱི་ཕ་མཐའ་མ་བརྒལ་བའི་མི་མང་བོར་ནད་ཕོག་ནས
ཅི་ཡིན་འདི་ཡིན་མེད་པར་ཁྱོད་ཀྱི་མདུན་ལྗོངས་སེར་པོ
མུན་ནག་གི་ཁྲོན་པའི་གཏིང་མཐར་ལྷུང་སོང

ལོ་རབས་མང་པོ     ལོ་རབས་མང་པོ     དུས་རབས་མང་པོ་ཞིག
དགོས་དབང་གིས་རེ་རེ་བཞིན་མུན་ནག་གི་ཟབ་སར་བསྐྱལ
བསམ་བཞིན་དུ་སྐྱུར་དྲི་བྲོ་བའི་ནད་ཡམས་མཁའ་དབུགས་ཡོངས་ལ་ཁྱབ
ཁྱོད་གཞི་ནས་ཁྱོད་མིན་པ་ཞིག་ཏུ་གྱུར་ཟིན
རྩ་བ་རུལ་བའི་ལྗོན་པ་ལ་སྐྱེ་སྟོབས་ཞིག་གང་ན་ཡོད

ཙོག་བུར་ལུས་པའི་ཁེར་རྐྱང་གི་ཕ་བོང་ཆེན་པོ
ཧམ་སེམས་ཀྱི་ལག་པ་མང་བོ་ཁྱོད་སར་བསྲིངས་ནས
ནང་ཁྲོལ་རེ་རེ་བཞིན་རྒྱང་རིང་ལ་སྐྱེལ་འདྲེན་བྱེད་ཙ་ན
ཁྲག་གིས་བསྒྱུར་བའི་རལ་གྲི་དམར་པོས
མཐའ་གཅིག་ཏུ་ཁྱོད་ཀྱི་བྲང་གཞུང་གཤགས་ཏེ
ཟུངས་ཁྲག་འཇིབ་ཀྱིན་ཡ་ཁོག་གི་སྙིང་མགོར་སོ་བཏབ
རྩ་བ་ནས་ཁྱོད་རང་ཟོས་ཚར་བར་བྱེད་ཀྱིན་འདུག

མཐའ་མཇུག་མོག་པོ་ནས་གསལ་བོ་མཐོང་བ་ནི
ཉམ་ཆུང་གིས་འཚོ་བཞིན་པའི་དབྱངས་གསལ་སོ་བཞི
རང་གིས་བསུབ་ཀྱིན་པའི་ཁྱོད་ཀྱི་ཕྱི་རབས་པ་ཁོ་ན་རེད།
                                    2006.6.7ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་བྱུང་རིམ་དང-------

2008-12-25 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

ལོ་རྒྱུས་ཡིན་ཟེར་བའི་འདས་དོན་ཞིག་ལ
ཡིག་འབྲུའི་མཚོན་པའི་བཤད་སྟངས་ཁ་ཤས་བསློགས་རྗེས
ཆགས་སྡང་གི་ཚོར་བ་ཕྲ་མོས་བག་འཁུམས་པར་བྱས
གངས་རི་དེ་ཞུ་ནས་བཞུར་ཚར་བའང་སུ་ལ་འདྲི

ཁ་སང་གི་ཁྱོད་ནི་ཅི་འདྲའི་ཡིད་དུ་འོང་ཨང
དམར་རྗེན་རྗེན་དུ་ས་སྒང་གི་མཐོ་ས་ནས་གཅེར་བུར་བུད་མྱོང་ལ
འདར་ལྕུག་ལྕུག་གིས་མི་ཡུལ་གྱི་ལྟེ་སྙིང་ནས་གྲང་ངར་ལ་འཐབ་མྱོང
ཁྱི་སྐད་ཀྱིས་མཚན་མོ་དཀྲོག་ཞིང
དཔྱིད་ཚིགས་ཀྱིས་དགུན་ཟླ་རྒྱང་ལ་བསྐྱལ
དུས་དེར     སྟོན་ཚིགས     ལོ་མ      སེར་ཐིགས
རྩྭ་ཐང་གི་ཚེ་སྲོག་ནམ་མཁས་བསྐྱངས་སོང
མེ་སྟག་འོད་ཀྱིས་སེམས་ཁོང་གསལ་བར་བྱས་སོང
རྒྱ་ཆེན་པོའི་སེམས་ཀྱི་འབྲེལ་བ་སྣ་ཚོགས
སྐབས་རེར་འཇིག་རྟེན་ཧ་ཅང་ཆེ་ལ
ལན་རེར་འཇིག་རྟེན་ཤིན་ཏུ་ཆུང
སེམས་ཀྱི་ཕ་མཐའ་མ་བརྒལ་བའི་མི་མང་བོར་ནད་ཕོག་ནས
ཅི་ཡིན་འདི་ཡིན་མེད་པར་ཁྱོད་ཀྱི་མདུན་ལྗོངས་སེར་པོ
མུན་ནག་གི་ཁྲོན་པའི་གཏིང་མཐར་ལྷུང་སོང

ལོ་རབས་མང་པོ     ལོ་རབས་མང་པོ     དུས་རབས་མང་པོ་ཞིག
དགོས་དབང་གིས་རེ་རེ་བཞིན་མུན་ནག་གི་ཟབ་སར་བསྐྱལ
བསམ་བཞིན་དུ་སྐྱུར་དྲི་བྲོ་བའི་ནད་ཡམས་མཁའ་དབུགས་ཡོངས་ལ་ཁྱབ
ཁྱོད་གཞི་ནས་ཁྱོད་མིན་པ་ཞིག་ཏུ་གྱུར་ཟིན
རྩ་བ་རུལ་བའི་ལྗོན་པ་ལ་སྐྱེ་སྟོབས་ཞིག་གང་ན་ཡོད

ཙོག་བུར་ལུས་པའི་ཁེར་རྐྱང་གི་ཕ་བོང་ཆེན་པོ
ཧམ་སེམས་ཀྱི་ལག་པ་མང་བོ་ཁྱོད་སར་བསྲིངས་ནས
ནང་ཁྲོལ་རེ་རེ་བཞིན་རྒྱང་རིང་ལ་སྐྱེལ་འདྲེན་བྱེད་ཙ་ན
ཁྲག་གིས་བསྒྱུར་བའི་རལ་གྲི་དམར་པོས
མཐའ་གཅིག་ཏུ་ཁྱོད་ཀྱི་བྲང་གཞུང་གཤགས་ཏེ
ཟུངས་ཁྲག་འཇིབ་ཀྱིན་ཡ་ཁོག་གི་སྙིང་མགོར་སོ་བཏབ
རྩ་བ་ནས་ཁྱོད་རང་ཟོས་ཚར་བར་བྱེད་ཀྱིན་འདུག

མཐའ་མཇུག་མོག་པོ་ནས་གསལ་བོ་མཐོང་བ་ནི
ཉམ་ཆུང་གིས་འཚོ་བཞིན་པའི་དབྱངས་གསལ་སོ་བཞི
རང་གིས་བསུབ་ཀྱིན་པའི་ཁྱོད་ཀྱི་ཕྱི་རབས་པ་ཁོ་ན་རེད།
                                    2006.6.7ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།