སྤྲང་མོ་ཆུང་ཆུང་།

             --------- ངའི་སྒྲོལ་མར་བྲིས་པ།
དྲག་ཆར་དང་རླུང་འཚུབ་འཇགས་རྗེས
ངས་ཡང་བསྐྱར་ཁྱོད་དྲན

ལྟོགས་པས་མནར་ཞིང་སྐོམ་པས་གདུང་བའི་ལོ་ཟླར
སྙིང་ཁོང་ནས་མེ་ལྕེ་འབར་ན
ལམ་བུ་རེ་རེ་ན་སྨུག་ལོང་འཁྱིལ

ཆར་རླུང  བཙན་འཛུལ་ཐེངས་ཤིག་མིན་ནམ
ཁྱོད་རང  མི་འཇིག་པའི་བྲག་རི་མིན་ནམ
རང་ཉིད་མི་མཐོང་བས
ཁྱོད་རང་འཚོལ་ཞིང
ཁྱོད་རང་དྲན་གདུང་དུ་རུམ

           ༡༩༩༩ ༦ ༢༥ཉིན་ལྷ་སའི་མཚོ་མོ་གླིང་དུ་བྲིས།
      སྒྲོལ་མ་ནི་ཁོ་བོའི་གངས་སྐོར་གྱི་ལམ་གྲོགས་ཡིན་ཞིང༌། ཕ་ཡུལ་ཁམས་ནང་ཆེན་གྱི་ཡིན་པ་དང་མོ་ལོ་བདུན་ཙམ་ཡིན་ཏེ། གློ་བུར་གྱི་གངས་གཡོམ་
དེའི་རྐྱེན་གྱིས་ང་ཚོ་གངས་སྐོར་ལ་འགྲོ་བར་བར་ཆད་བྱུང༌། རྗེས་སུ་ལྷ་སར་ལོག་དུས། ཁོ་མོས་པོ་ཏ་ལའི་མཐའ་འཁོར་དུ་སློང་མོ་བྱེད་ཀྱིན་འདུག་ཟེར།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲང་མོ་ཆུང་ཆུང་།

             --------- ངའི་སྒྲོལ་མར་བྲིས་པ།
དྲག་ཆར་དང་རླུང་འཚུབ་འཇགས་རྗེས
ངས་ཡང་བསྐྱར་ཁྱོད་དྲན

ལྟོགས་པས་མནར་ཞིང་སྐོམ་པས་གདུང་བའི་ལོ་ཟླར
སྙིང་ཁོང་ནས་མེ་ལྕེ་འབར་ན
ལམ་བུ་རེ་རེ་ན་སྨུག་ལོང་འཁྱིལ

ཆར་རླུང  བཙན་འཛུལ་ཐེངས་ཤིག་མིན་ནམ
ཁྱོད་རང  མི་འཇིག་པའི་བྲག་རི་མིན་ནམ
རང་ཉིད་མི་མཐོང་བས
ཁྱོད་རང་འཚོལ་ཞིང
ཁྱོད་རང་དྲན་གདུང་དུ་རུམ

           ༡༩༩༩ ༦ ༢༥ཉིན་ལྷ་སའི་མཚོ་མོ་གླིང་དུ་བྲིས།
      སྒྲོལ་མ་ནི་ཁོ་བོའི་གངས་སྐོར་གྱི་ལམ་གྲོགས་ཡིན་ཞིང༌། ཕ་ཡུལ་ཁམས་ནང་ཆེན་གྱི་ཡིན་པ་དང་མོ་ལོ་བདུན་ཙམ་ཡིན་ཏེ། གློ་བུར་གྱི་གངས་གཡོམ་
དེའི་རྐྱེན་གྱིས་ང་ཚོ་གངས་སྐོར་ལ་འགྲོ་བར་བར་ཆད་བྱུང༌། རྗེས་སུ་ལྷ་སར་ལོག་དུས། ཁོ་མོས་པོ་ཏ་ལའི་མཐའ་འཁོར་དུ་སློང་མོ་བྱེད་ཀྱིན་འདུག་ཟེར།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།