དྲན་པའི་གནམ་སར་འཁྱིལ་བའི་ཁྱེད།

མི་ཚོགས་ཀྱི་ཀློང་ཆེན་བརྡོལ་བའི་རྒྱ་གྲོང་འདིར
དྲན་པ་རྒྱབ་ཕྱོགས་ཀྱི་གནམ་སར་འདྲེས་ཏེ
ཁྱོད་ཀྱི་མིག་འདྲ་བའི་ལོ་ཟླ་དག་དྲན་པར་བཅུག་སོང
ཨ་ཨ   ཉི་མའི་ཚ་དྲོད་ཀྱིས་ངལ་བའི་ཀློང་ཆེན་དུ
ངས་ཁེར་རྐྱང་གི་ས་ཆེན་འདིར་ཁྱེད་རང་ཅི་ལྟར་འབོད
 
གཏམ་རྒྱུད་ཅིག་དབང་མེད་དུ་དྲན་ཡོང་བའི་གླུ་སྐད
ཁྱེད་ཀྱི་རལ་གྲིའི་སོ་ཁར་འགྲེང་བའི་གནམ་ས་ཨང
ཁྱེད་རང་འདི་ལྟར་སོང་བའི་གནའ་རབས
ད་ལྟ   ངས་ཁེར་རྐྱང་ཁེར་རྐྱང་དུ་རྙེད་ཐབས་མི་འདུག
 
ངའི་མདུན་རྒྱབ་ཀྱི་བརྩེ་བའི་མིག་ཆུ
ཐག་རིང་ཐག་རིང་གི་གནའ་གཏམ་ཞིག་གྲུབ་ཡོང
ཁྱེད་ཀྱི་སེམས་པར་བརྫིས་པའི་ལོ་ཟླ་དེ་དག
ད་ལྟ   ངས་ཅི་ལྟར་དྲན་དགོས་ཨང
བདག་གི་སྟག་སྒྲ་ཀླུ་ཁོང
             2007 4 27ཉིན་གནའ་བོའི་ཁྲང་ཨན་མཁར་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་གནམ་སར་འཁྱིལ་བའི་ཁྱེད།

2008-12-25 གསར་བརྗེ། ཀློག་གྲངས། མཆན ཡོད།

མི་ཚོགས་ཀྱི་ཀློང་ཆེན་བརྡོལ་བའི་རྒྱ་གྲོང་འདིར
དྲན་པ་རྒྱབ་ཕྱོགས་ཀྱི་གནམ་སར་འདྲེས་ཏེ
ཁྱོད་ཀྱི་མིག་འདྲ་བའི་ལོ་ཟླ་དག་དྲན་པར་བཅུག་སོང
ཨ་ཨ   ཉི་མའི་ཚ་དྲོད་ཀྱིས་ངལ་བའི་ཀློང་ཆེན་དུ
ངས་ཁེར་རྐྱང་གི་ས་ཆེན་འདིར་ཁྱེད་རང་ཅི་ལྟར་འབོད
 
གཏམ་རྒྱུད་ཅིག་དབང་མེད་དུ་དྲན་ཡོང་བའི་གླུ་སྐད
ཁྱེད་ཀྱི་རལ་གྲིའི་སོ་ཁར་འགྲེང་བའི་གནམ་ས་ཨང
ཁྱེད་རང་འདི་ལྟར་སོང་བའི་གནའ་རབས
ད་ལྟ   ངས་ཁེར་རྐྱང་ཁེར་རྐྱང་དུ་རྙེད་ཐབས་མི་འདུག
 
ངའི་མདུན་རྒྱབ་ཀྱི་བརྩེ་བའི་མིག་ཆུ
ཐག་རིང་ཐག་རིང་གི་གནའ་གཏམ་ཞིག་གྲུབ་ཡོང
ཁྱེད་ཀྱི་སེམས་པར་བརྫིས་པའི་ལོ་ཟླ་དེ་དག
ད་ལྟ   ངས་ཅི་ལྟར་དྲན་དགོས་ཨང
བདག་གི་སྟག་སྒྲ་ཀླུ་ཁོང
             2007 4 27ཉིན་གནའ་བོའི་ཁྲང་ཨན་མཁར་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།