ཕ་ཡུལ་རེབ་ཀོང་བདེ་མོ་བྱོས།

ཁེར་རྐྱང་གི་རྔམས་ཁ་འཐུག་པའི་ཁྱོད་ཀྱི་པང་ནས
ཁེར་རྐྱང་གི་གོམ་ཁ་ཕྱི་མིག་ཅིག་གི་ཀློང་ནས་འཇོག་དུས
ང་ཁྱོད་དང་གྱེས་ཐེངས་དུ་བ་ཡིན་པ་བཤད་དཀའ་མོད
ད་ཐེངས་ཀྱི་གྱེས་ཐེངས་འདིའི་སྤོབས་པ
སྔོན་ཆད་ལྟར་སྟོང་འདང་གི་ཀློང་དུ་བསྲིང་མེད
 
གྱེས་བྲལ་གྱི་གླུ་སྐད་འདི་ལྟར་ལེན་དུས
མིག་ཆུ་འཁྱག་པ་ཞིག་ཁྱོད་ཀྱིས་ཕྱོགས་སུ་གཏོར་དགོས་བྱུང་སོང
ཁྱོད་ཀྱི་གདོང་འབག་ཕུད་པའི་ཆེད་དུ
འགྲོ་ཞོར་དུ་ད་དུང་ཕྱི་མིག་ཅིག་བཞག་པ
ཁྱོད་ཀྱི་སེམས་པའི་རྒྱལ་ཁམས་ཀྱི་སྨུག་སྤྲིན་དྭངས་པའི་ཆེད་དུ་ཡིན་སོང
 
ཕ་ཡུལ་རེབ་གོང      ཁྱོད་ཀྱི་གདོང་ཁྲོད་ནས
ངས་གླུ་སྐད་གསར་བ་ཞིག་གཏོང་ཐབས་མེད་པས
འདི་ལྟར    འདི་ལྟར་ང་རང་ལམ་ལ་ཆས་སོང
བདེ་མོ་བྱོས    སད་ཐབས་མེད་པའི་ཕ་ཡུལ
བདེ་མོ་བྱོས   སྐྱོ་གདུང་ཁྲོད་ཀྱི་ཕ་ཡུལ
    2007.4.23ཉིན་ཟི་ལིང་ནས་པེ་ཅིན་དུ་བསྐྱོད་པའི་མགྱོགས་བགྲོད་མེ་འཁོར་སྟེང་དུ།
 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་རེབ་ཀོང་བདེ་མོ་བྱོས།

2008-12-25 གསར་བརྗེ། ཀློག་གྲངས། མཆན ཡོད།

ཁེར་རྐྱང་གི་རྔམས་ཁ་འཐུག་པའི་ཁྱོད་ཀྱི་པང་ནས
ཁེར་རྐྱང་གི་གོམ་ཁ་ཕྱི་མིག་ཅིག་གི་ཀློང་ནས་འཇོག་དུས
ང་ཁྱོད་དང་གྱེས་ཐེངས་དུ་བ་ཡིན་པ་བཤད་དཀའ་མོད
ད་ཐེངས་ཀྱི་གྱེས་ཐེངས་འདིའི་སྤོབས་པ
སྔོན་ཆད་ལྟར་སྟོང་འདང་གི་ཀློང་དུ་བསྲིང་མེད
 
གྱེས་བྲལ་གྱི་གླུ་སྐད་འདི་ལྟར་ལེན་དུས
མིག་ཆུ་འཁྱག་པ་ཞིག་ཁྱོད་ཀྱིས་ཕྱོགས་སུ་གཏོར་དགོས་བྱུང་སོང
ཁྱོད་ཀྱི་གདོང་འབག་ཕུད་པའི་ཆེད་དུ
འགྲོ་ཞོར་དུ་ད་དུང་ཕྱི་མིག་ཅིག་བཞག་པ
ཁྱོད་ཀྱི་སེམས་པའི་རྒྱལ་ཁམས་ཀྱི་སྨུག་སྤྲིན་དྭངས་པའི་ཆེད་དུ་ཡིན་སོང
 
ཕ་ཡུལ་རེབ་གོང      ཁྱོད་ཀྱི་གདོང་ཁྲོད་ནས
ངས་གླུ་སྐད་གསར་བ་ཞིག་གཏོང་ཐབས་མེད་པས
འདི་ལྟར    འདི་ལྟར་ང་རང་ལམ་ལ་ཆས་སོང
བདེ་མོ་བྱོས    སད་ཐབས་མེད་པའི་ཕ་ཡུལ
བདེ་མོ་བྱོས   སྐྱོ་གདུང་ཁྲོད་ཀྱི་ཕ་ཡུལ
    2007.4.23ཉིན་ཟི་ལིང་ནས་པེ་ཅིན་དུ་བསྐྱོད་པའི་མགྱོགས་བགྲོད་མེ་འཁོར་སྟེང་དུ།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།