ཁད་ཀྱིས་མཆེད་བཞིན་པའི་མེ་རི་ཆེན་པོ།

རྔ་བ་རྒྱལ་ཁམས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-24

དུ་ནག་ལྷོག་ལྷོག་འཕྱུར།
མེ་ལྕེ་ལྷབ་ལྷུབ་གཡོ།
ཐམས་ཅད་རྡུལ་ཕྲན་དུ་བཞུས་པའི་མེ་ཆུ་ཚ་བོ།
ཁྲག་གྲོད་ཅིག་རལ་གྲིས་གཤགས་པ་ལྟར།
ཕྱོགས་བཞིར་མཆེད།
ཚ།  རབ་ཏུ་ཚ། འབར། རབ་ཏུ་འབར།
ནམ་མཁའ་ན་འཕུར་བའི་འདབ་ཆགས་ཡོད་ཚད།
ཁྱོད་ཀྱི་རྒྱུ་ལམ་ནས་ཚེ་སྲོག་ལྟུང༌།
ས་གཞི་ན་རྒྱུ་བའི་སྲོག་ཆགས་ཚང་མ།
ཁྱོད་ཀྱི་ནང་ལོགས་ན་སྡུག་བསྔལ་མྱོང༌།
བྱམས་བརྩེས་མནར་བའི་འབྱུང་བའི་ལྷ་མོས།
བསིལ་འཇམ་གྱི་རླུང་གཡབ་ཐོགས།
བརྩེ་དུང་གི་མིག་ཆུ་རྡོག་པོ་ལྔ་གཏོར་ནས།
ཞིག་ཟིན་པའི་ཁྱོད་ཀྱི་བྲང་ཁོག་ན།
དུ་དྲེག་གི་ལྭ་དཀར་གྱོན་པའི་ཆེས་ཐ་མའི་ཚེ་སྲོག་གི་རྒྱུ་བ་དག
ཁྲོན་པ་ནས་ཆུ་འདྲེན་པ་ལྟར་རིམ་གྱིས་སྲིང༌།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁད་ཀྱིས་མཆེད་བཞིན་པའི་མེ་རི་ཆེན་པོ།

2008-12-24 རྔ་བ་རྒྱལ་ཁམས་པ། ཀློག་གྲངས། མཆན ཡོད།

དུ་ནག་ལྷོག་ལྷོག་འཕྱུར།
མེ་ལྕེ་ལྷབ་ལྷུབ་གཡོ།
ཐམས་ཅད་རྡུལ་ཕྲན་དུ་བཞུས་པའི་མེ་ཆུ་ཚ་བོ།
ཁྲག་གྲོད་ཅིག་རལ་གྲིས་གཤགས་པ་ལྟར།
ཕྱོགས་བཞིར་མཆེད།
ཚ།  རབ་ཏུ་ཚ། འབར། རབ་ཏུ་འབར།
ནམ་མཁའ་ན་འཕུར་བའི་འདབ་ཆགས་ཡོད་ཚད།
ཁྱོད་ཀྱི་རྒྱུ་ལམ་ནས་ཚེ་སྲོག་ལྟུང༌།
ས་གཞི་ན་རྒྱུ་བའི་སྲོག་ཆགས་ཚང་མ།
ཁྱོད་ཀྱི་ནང་ལོགས་ན་སྡུག་བསྔལ་མྱོང༌།
བྱམས་བརྩེས་མནར་བའི་འབྱུང་བའི་ལྷ་མོས།
བསིལ་འཇམ་གྱི་རླུང་གཡབ་ཐོགས།
བརྩེ་དུང་གི་མིག་ཆུ་རྡོག་པོ་ལྔ་གཏོར་ནས།
ཞིག་ཟིན་པའི་ཁྱོད་ཀྱི་བྲང་ཁོག་ན།
དུ་དྲེག་གི་ལྭ་དཀར་གྱོན་པའི་ཆེས་ཐ་མའི་ཚེ་སྲོག་གི་རྒྱུ་བ་དག
ཁྲོན་པ་ནས་ཆུ་འདྲེན་པ་ལྟར་རིམ་གྱིས་སྲིང༌།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།