འཆི་བདག་ལ་ཕུལ་བའི་སྙན་ཞུ། ཡང་ན་བདག་པོར།

ཁྱེད་ཀྱི་ཁྲག་དྲི་འཐུལ་བའི་ལག་པ་དེས
ང་ལ་མིག་ཆུ་མི་སྐྲུན་རོགས
ངས   རང་ལ་ཐོབ་འོས་པ་མང་པོ་ཞིག
ཚོར་ཤེས་དང་རྨི་ལམ་གྱི་རྒྱུན་ལས་འཐུ་བཞིན་ཡོད
སྟོང་བསམ་དང་འཁྲུལ་སྣང་གི་ཀློང་དུ་འཚོལ་གྱིན་ཡོད
 
བདེ་སྐྱིད་ཀྱི་ཁྱིམ་གཞི  བུ་ཕྲུག་གི་དགོད་སྒྲ
གཞན་ཡང 
རང་དབང་གི་གྲོང་ཁྱེར  དངུལ་སྒོར་དང་མངའ་ཐང
མཛེས་མའི་གྲུ་གཟིང་གི་འཁོར་བ་འདིའི་ནང
བདག     ཡུན་རིང་ལ་འཚོ་ན་འདོད
 
ཁྱེད་ཀྱིས  བདག་ལ་མཆུ་སྒྲོས་སྟོན་བཞིན
ལན་རེར  མཆེ་བ་གཙིགས་ཀྱང
ངའི་འདོད་ཧམ་དང    ཞེན་ཆགས་ཀྱི་ཚོར་ཤེས་ཕྲ་རགས
སྨག་མུན་ཟ་བའི་མེ་སྟག་བཞིན
ཕྱི་རོལ་ཡུལ་ཏུ་བཞུར་གྱིན་འདུག
དངོས་ཡོད་དང  རྒྱབ་གཟུགས་ཀྱི་ཕྱོགས་སུ
སྨྱོ་ཧམ་གྱིས་བཞུར་གྱིན་འདུག
             ༢༠༠༧    ༤    ༢   རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆི་བདག་ལ་ཕུལ་བའི་སྙན་ཞུ། ཡང་ན་བདག་པོར།

2008-12-24 གངས་ཆབ། ཀློག་གྲངས། མཆན ཡོད།

ཁྱེད་ཀྱི་ཁྲག་དྲི་འཐུལ་བའི་ལག་པ་དེས
ང་ལ་མིག་ཆུ་མི་སྐྲུན་རོགས
ངས   རང་ལ་ཐོབ་འོས་པ་མང་པོ་ཞིག
ཚོར་ཤེས་དང་རྨི་ལམ་གྱི་རྒྱུན་ལས་འཐུ་བཞིན་ཡོད
སྟོང་བསམ་དང་འཁྲུལ་སྣང་གི་ཀློང་དུ་འཚོལ་གྱིན་ཡོད
 
བདེ་སྐྱིད་ཀྱི་ཁྱིམ་གཞི  བུ་ཕྲུག་གི་དགོད་སྒྲ
གཞན་ཡང 
རང་དབང་གི་གྲོང་ཁྱེར  དངུལ་སྒོར་དང་མངའ་ཐང
མཛེས་མའི་གྲུ་གཟིང་གི་འཁོར་བ་འདིའི་ནང
བདག     ཡུན་རིང་ལ་འཚོ་ན་འདོད
 
ཁྱེད་ཀྱིས  བདག་ལ་མཆུ་སྒྲོས་སྟོན་བཞིན
ལན་རེར  མཆེ་བ་གཙིགས་ཀྱང
ངའི་འདོད་ཧམ་དང    ཞེན་ཆགས་ཀྱི་ཚོར་ཤེས་ཕྲ་རགས
སྨག་མུན་ཟ་བའི་མེ་སྟག་བཞིན
ཕྱི་རོལ་ཡུལ་ཏུ་བཞུར་གྱིན་འདུག
དངོས་ཡོད་དང  རྒྱབ་གཟུགས་ཀྱི་ཕྱོགས་སུ
སྨྱོ་ཧམ་གྱིས་བཞུར་གྱིན་འདུག
             ༢༠༠༧    ༤    ༢   རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།