སྦྲུམ།

ཅོར་རིགས་འཇམ་དཔལ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-24

འབྲས་བུ་མ་སྨིན་པའི་ཁམ་བུ་ཞིག
ལང་ཚོ་མ་སྨིན་པའི་བུ་མོ་ཞིག
རླུང་གིས་སྒུལ་གྱིན་པའི་ངང་ཚུལ
ཆར་གྱིས་སྦངས་ཀྱིན་པའི་བཟོ་ལྟ
ངའི་སྙན་ངག་གི་ཚིག་འབྲུ་རེ་རེའི་གསེབ་ན་འདར་གྱིན་འདུག
དྲན་པའི་གདུང་བའམ ཡིད་ཀྱི་འགྱུར་བ་ལྟར
ཐ་སྙད་འཐམ་འཁྱུད་ཀྱི་བརྩེ་དུངས་ལས
མྱངས་མི་ཚར་པའི་མཛེས་སྡུག་ཅིག
ངོ་བོ་གཞན་ཞིག་གི
གསང་སྟབས་ཀྱིས་ངའི་སེམས་ཀྱི་མངལ་དུསྦྲུམ
                            2007/3/11/


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲུམ།

2008-12-24 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

འབྲས་བུ་མ་སྨིན་པའི་ཁམ་བུ་ཞིག
ལང་ཚོ་མ་སྨིན་པའི་བུ་མོ་ཞིག
རླུང་གིས་སྒུལ་གྱིན་པའི་ངང་ཚུལ
ཆར་གྱིས་སྦངས་ཀྱིན་པའི་བཟོ་ལྟ
ངའི་སྙན་ངག་གི་ཚིག་འབྲུ་རེ་རེའི་གསེབ་ན་འདར་གྱིན་འདུག
དྲན་པའི་གདུང་བའམ ཡིད་ཀྱི་འགྱུར་བ་ལྟར
ཐ་སྙད་འཐམ་འཁྱུད་ཀྱི་བརྩེ་དུངས་ལས
མྱངས་མི་ཚར་པའི་མཛེས་སྡུག་ཅིག
ངོ་བོ་གཞན་ཞིག་གི
གསང་སྟབས་ཀྱིས་ངའི་སེམས་ཀྱི་མངལ་དུསྦྲུམ
                            2007/3/11/


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།