འབྲོང་། ཡང་ན་གཏམ་རྒྱུད་གཞན་ཞིག

གདོད་མའི་ཕྲག་པ་ནི་ཁྱོད་ཀྱིས་མཐོང་དུ་མི་བཏུབ་པའི་གཤོང་ཁུག་རིང་མོ་ཞིག
སྔ་མོ་ནས་རྫ་རིའི་སྐེད་ལམ་བརྒྱུད་ནས་ལམ་ལ་ཆས་སོང་ངམ
རྨིག་པས་འཐག་པའི་ས་གཞི་དང་བྱམས་བརྩེའི་གོང་བུ་དག
གང་ལ་འཁྱིལ    ཁྲག་རིས་ཀྱི་མཆོད་པ་དག་རྦབ་རྡོའི་མིག་ཆུ་ལ་འདྲེས

གངས་འདབས་ནས་དྭ་ཕྲུག་ལྡོམ་པོ་འགའ་ཡུལ་འཁྱར་འབྱུང
གནས་ངེས་མེད་དུ་འཁྱམ་པའི་གཙང་པོ་དང་སྒྲ་དབྱངས་སྣ་ཚོགས་ཀྱང
ད་དུང་ཡང་རྒས་མེད་པའི་ཟུག་གཟེར་དང་ན་བ་ཡོད་ཚད་མྱངས་ཟིན
མི་ལོ་མང་པོའི་རྗེས་ཀྱི་ནད་ཡམས་དེའང་འདི་ལ་རག་ལས་ངེས

ཡིན་ནའང་གཙང་པོ་བཞུར་ཤུལ་གྱི་གྲམ་པ་སྟོང་བར་ལུས་སོང

གོ་གྲུ་ཆུང་ཆུང་གིས་ཆུ་ནང་གི་སྐར་ཕྲན་དང་ཟུག་གཟེར་ཅིག་ཅར་འཐུ
དར་ཆ་འཕྱར་མཁན་དག་གིས་ལུང་ཁོག་ན་ལག་གཡུག་བྱེད་ཅིང
དབུལ་པོ་དང་དཔོན་པོ་ཚོས་མཉམ་དུ་གཅོང་རོང་ཆེན་པོ་ཞིག་གི་ཁ་ཕྱེས
ནང་དུ་འཛུལ་ཟིན་པའི་མི་དག་རྗེས་སུ་རྒྱལ་པོ་དང་ཇག་པར་གྱུར

ནགས་ཀླུང་དང་གྲམ་ཐང་འདི་དྲུད་ནས་ཡོང་མཁན་དགུན་ཟླ་བཅུ་བ་ཡིན་སྲིད
ཁ་རོག་གེར་ཁ་བའི་འཇམ་རྩུབ་དང་ཟླ་བའི་འོད་སྣང་ལ་རེག
གནས་འདིའི་ཕར་ངོགས་ན་ཁྱོད་ལ་རང་ཉིད་ཀྱི་གཙང་པོ་ཨེ་ཡོད
རེ་འདང་རླུང་གིས་མ་ཁུར་བར་དུ་སྤུ་གྲིའི་སོ་ཁ་ལ་གཤོག་ཟུང་མ་རྐྱོངས

བྱང་ཐང་གི་སྦྲ་ཁྱིམ་ཁེར་རྐྱང་དེ་ཁུར་ནས་རི་ལུང་གི་ཐེམ་སྐས་བརྒལ
ཉིན་མཚན་གྱི་བར་ཁྱོན་ནི་བཀླགས་ཐབས་བྲལ་བའི་གཏམ་རྒྱུད་རིང་མོ་ཞིག
འུ་ཐུག་གི་དགའ་དགོད་ལས་ལུས་སེམས་ཀྱི་བདེ་བ་ཉག་ཅིག་འཚོལ
ས་གཞི་ཆེན་པོའི་ཟུངས་ཁྲག་གི་རྒྱུན་གྱིས་འགུལ་ཙམ་བྱས་ཏེ་སྐྲག་སྣང་བསྐུར

མར་མེ་འཁྱིལ་བའི་མཚན་མོ་ཧྲིལ་བོ་ཞིག་ལ་ཁྱོད་རང་གཙང་འགྲམ་དུ་ལུས

ཁོ་ཚོས་བུད་མེད་རེ་རེ་ཁྲིད་དེ་ལུང་བ་རེ་རེ་ལ་སོང་ནས་གནས་བཅས
གདོད་མའི་ཕྲག་པ་ནི་མཐོང་དུ་མི་བཏུབ་པའི་གཤོང་ཁུག་རིང་མོ་ཞིག
ནམ་ཞིག་ངས་རང་ཉིད་ཀྱི་ཞིང་ས་རུ་འབྲས་བུ་འཕྱུར་བའི་ས་བོན་དེ་གཏོར་འོས
དེ་དུས་རྒྱལ་པོ་དང་ཇག་པ་དང་བུད་མེད་ཐམས་ཅད་ཀྱང་རྒས་ཟིན

བྱིས་པ་སྙིང་རྗེ་བ་གཉིས་ཁྱོད་ཀྱི་པང་ན་རྗེན་པོར་ལུས་ཡོད
ཟུག་རྔུས་གཉིད་ལས་བསླངས་པའི་ནམ་མཁའ་འང་རྗེན་པོར་ལུས་ཡོད
གང་ལ་འཐོར་བྲལ་དུ་སོང་བའི་གཙང་པོ་དང་འོ་དོད་ཀྱི་སྒྲ་དབྱངས་སྣ་ཚོགས་ལས
མི་ལོ་མང་པོའི་རྗེས་སུ་ཟླ་བ་དང་མཚོ་མོ་ཟེར་བའི་བྱིས་པ་དག་ཀྱང་ནར་སོན

གཙང་པོ་དང་སྨུག་པ་རབ་རིབ་ཀྱི་ཕར་ངོགས་ན་ནར་སོན་བཞིན་མཆིས
དུར་ཁྲོད་ན་ལུས་པའི་བམ་རོ་ལྷག་མ་དག་ཀྱང་རླུང་བུས་སྤུར་ཞིང
ཡིན་མདོག་གི་དགོས་མཁོ་མང་པོ་ཞིག་ཀྱང་དར་ནས་འཕེལ་བཞིན་གནས
ད་གཟོད་ལོ་ངོ་མང་པོའི་སྔོན་གྱི་མཁར་རྫོང་གི་ཤུལ་དུ་རང་སྲོག་བཅད

གཡའ་དག་པའི་ནམ་མཁའི་འོག་ཏུ་ཁྱོད་ཀྱི་བེམ་རོ་ལ་རུལ་དྲིའང་འཐུལ་འོངས

                                                  2004.9.13
                                                 2006.3.21ལ་བཅོས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་། ཡང་ན་གཏམ་རྒྱུད་གཞན་ཞིག

2008-12-24 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།