གཞུང་ལས་ཁང་གི་ཉིན་ཐོ་ཨ་ཡིག་སོ་དགུའི་དབྱངས་ཐེམ།

ཨ་ཅེ་ཚེ་སྐྱིད་སྔོན་མར་ཐོན་ཏེ་ཆུ་ཁོལ་ཚ་དེམ་དོ་བླངས་རྗེས།།

ཨ་རོགས་དགའ་བའི་མཛའ་གླུ་ལེན་བཞིན་ཁ་པར་གཅིག་གི་རྗེས་ལ་ཤོར།།

ཨ་ཁུ་དོན་ཁོས་ཕོར་བ་ཆེན་པོར་གནམ་གཤིས་གནས་ཚུལ་ནས་བཟུང་སྟེ།།

ཨ་ཡོ་ཨ་ཁ་འཁང་ཚིག་སྨེ་སྔགས་སྤར་བ་གང་ཙམ་སྦངས་ཤིང་འཐུང་།།

ཨ་ཁུ་ཀྲང་ལགས་གོམས་པའི་དབང་གིས་གསར་ཐོན་ཚགས་པར་ལག་ཏུ་ལེན།།

ཨ་མཚར་ཚུལ་གྱིས་མི་སྲིད་གཏམ་སོགས་གྲུ་ག་ཕྲན་ཚེགས་འགའ་ཞིག་ཉུལ།།

ཨ་ཇོ་ཚེ་ཁོས་མིག་སྐྱག་འབྲད་བཞིན་རྐུབ་སྟེགས་ཟུར་ཁར་ཤེད་ཀྱིས་བསྡད།།

ཨ་ངར་བཀུག་སྟེ་ཕུ་རུང་ཁུགས་པས་རང་སྔུན་མདུན་ཅོག་འཕྱིད་ཙམ་བྱེད།།

ཨ་ནེ་མཚོ་མོས་ལེ་བར་ཕྱེད་ཀྱི་དེ་རིང་ལམ་ཁའི་མཐོང་ཐོས་གཏམ།།

ཨ་མེ་རི་ཁའི་ལམ་ཡིག་འདྲ་ཞིག་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས།།

ཨ་རག་དྲི་ཡིས་གནམ་ས་འགེངས་བཞིན་དོན་གྲུབ་ལགས་ཀྱང་ཐོན་བྱུང་མོད།།

ཨ་སྟོང་རྒྱག་བཞིན་ཡུད་ཙམ་ཞིག་གིས་མགོ་ལུས་འཁུམས་ཏེ་གཉིད་དུ་ཡུར།།

ཨ་ཡིག་ཇི་བཞིན་སུམ་ཅུའི་ཐ་མ་ཉི་མ་རྡོ་རྗེ་རྗེས་མར་འོངས།།

ཨ་ལེ་སླར་ཡང་སྐད་ཅིག་གཅིག་གིས་ཁེ་ཚོང་ཕྲན་ཚེགས་དོན་དུ་ཤོར།།

ཨ་ཁུ་དོན་ཁོས་འགོ་འཛིན་གནང་ནས་དེ་རིང་བྱ་བའི་ལས་མགོ་བརྩམས།།

ཨ་ཕྱི་མནར་ཚུལ་ཨ་སྲུ་བྲོས་ཚུལ་དེ་ལ་ར་མདའ་བསྒྲོན་ཚུལ་སོགས།།

ཨ་མྱེ་འཆོལ་ཚུལ་ཨ་ཉོག་འཐབ་ཚུལ་དེ་ལ་རྟིང་ནོན་བྱས་ཚུལ་སོགས།།

ཨ་བོ་ཨ་ཅེ་ལྐོག་འབྲེལ་བྱུང་ཚུལ་དེ་དག་དངོས་སུ་མཐོང་ཚུལ་སོགས།།

ཨ་ཅོག་ཀྲོང་ངེར་ཀུན་གྱིས་ཉན་འདོད་གཏམ་གྱི་རི་རབ་རྩེ་ནས་བསྙིལ།།

ཨ་ལགས་བཟང་ངན་ཨ་ར་རིང་ཐུང་ཨ་ནེ་བཙུན་མ་སོགས་ཀྱང་འཆད།།

ཨ་ཕྲག་ཆེ་ཆུང་ཨ་སྒོར་མང་ཉུང་ཨ་བསོད་མཐོ་དམན་ལ་སོགས་འཆད།།

ཨ་རོགས་བར་ལ་བྱ་རོག་བཞིན་དུ་ཤིན་ཏུ་དོགས་འགྲོས་བྱེད་བཞིན་དུ།།

ཨ་ལེ་ཨོ་ལེར་ཕྱེད་གསང་ཕྱེད་སྒྲོགས་རང་གི་མཚང་ཡང་ཞར་ལ་ཤོར།།

ཨ་མཚར་ཞིག་ལ་རྒྱལ་ཁབ་མི་རིགས་འབངས་ཀྱི་བདེ་སྡུག་མི་འཆད་ཅིང་།།

ཨ་མདོའི་མཁས་པ་དར་མདོའི་ཁེ་བ་ཆབ་མདོའི་ཆེ་བའང་མི་འཆད་ལ།།

ཨ་རིའི་རྒྱལ་ཁབ་ཕ་རིའི་གྲོང་ཁྱེར་ཨུ་རུ་སི་སོགས་མི་འཆད་དེ།།

ཨ་རབ་གནས་བབ་གནའ་རབས་ལོ་རྒྱུས་དེང་རབས་འཕེལ་ཕྱོགས་འཆད་མ་གྱུར།།

ཨ་ཙི་ཨ་ཙི་ཆུ་ཚོད་བསླེབས་སོང་ང་རང་སྔོན་ལ་འགྲོ་དགོས་འདུག།

ཨ་ཉོག་ཚོ་ཡི་སློབ་གྲྭ་གྲོལ་ཡོང་བཟའ་བཏུང་གཡོ་བསྐོལ་བྱེད་མཁན་མེད།།

ཨ་པ་ལེ་ལེ་ཕྱི་དྲོ་ང་རང་མགོ་བོ་ན་འོང་གནང་བ་ཞིག།

ཨ་ནེ་ཕེབས་སོང་གཅིག་རྗེས་གཉིས་མཐུད་དེ་ཡི་རྗེས་ལ་ཐམས་ཅད་ཤོར།།

ཨ་ན་མ་ན་དྲང་མོར་བཤད་ན་ཆེན་པོ་སུས་ཀྱང་མི་ནུས་མོད།།

ཨ་པ་རོང་བ་ཨ་མ་འབྲོག་པའི་ངལ་བ་སྟོང་གི་ཚེགས་ལས་ཀྱིས།།

ཨ་ཐང་ཆད་པའི་འཕྱ་ཁྲལ་ལྕི་མོས་རིང་ནས་གསོས་ལ་མི་ཁྲེལ་ལམ།།

ཨ་རོགས་ལོ་ལོ་ཚིག་པ་མ་ཟ་སྒྲོ་བཏགས་རྩོམ་གྱི་གཤིས་ཙམ་ལས།།

ཨ་ཅང་འུད་ཀྱིས་བརྗོད་པ་ཡིན་མིན་རང་རེ་རྣམས་ལ་ནང་རྒྱུས་གསལ།།

ཨ་ཕོ་ང་ཡང་དེ་ཡི་གྲལ་ཡིན་ད་དུང་གཙོ་བོའི་གྲས་ཡིན་པས།།

ཨ་ཡིག་སོ་དགུའི་འབོལ་རྩོམ་འདི་ཡང་རང་མཚང་རང་ལ་བྲུས་པ་ཙམ།།

རྩོམ་ཁུངས། གཅན་མེ་སྟག་གི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞུང་ལས་ཁང་གི་ཉིན་ཐོ་ཨ་ཡིག་སོ་དགུའི་དབྱངས་ཐེམ།

2008-12-24 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།