དེ་རིང་སྟོན་པ་རླུང་གིས་ཁུར་ཐལ།

རི་དང་ལུང་བ་སྨག་གིས་བཏུམས་ནས། །
ས་ཆེན་འདི་ལ་མྱ་ངན་འཁོར་བྱུང༌། །
བཙུན་པ་ཞིག་གིས་སྨྲེང་བ་ཁྱེར་ཏེ། །
སྨྱོན་པའི་ལམ་ཁ་བཙན་གྱིས་ཉུལ་ཐལ། །

མཛེས་མའི་ཁྲོམ་ཆེན་འགྲིམ་པའི་མྱི་ལ། །
རང་ཚུགས་ཟེར་བ་རི་བོང་རྭ་རེད། །
བཙུན་པའི་གྲོང་ཚོ་རྡུལ་དུ་བརླགས་པས། །
དེ་རིང་སྟོན་པ་རླུང་གིས་ཁུར་ཐལ། །

ཆོས་དང་འཇིག་རྟེན་གཉིས་ཀའི་འཕྲང་ན། །
བླ་བཙུན་སྐྱི་བསེར་བུ་ཡུག་འཚུབ་འཚུབ། །
རྟེན་འབྱུང་འཁོར་བའི་ཐེམ་སྐས་རེ་ན། །
མོ་སར་ལང་ཚོས་འཇིགས་ཟིལ་མངོན་འདུག །

ལང་ཚོའི་གཞོན་ཤ་ཉི་ཟླས་ཟོས་པའི། །
དགོན་ཀོག་འཚོ་བ་བྱ་འཚོལ་བྱེའུ་འཚོལ། །
ཕྱི་མའི་ལམ་ཆེན་སྙེག་པའི་བཙུན་པ། །
སྟོན་པས་མ་ཐུབ་ཁྱིམ་ལ་བྲོས་ཐལ། །

སྙིགས་མའི་དུས་ཀྱི་གངས་ཁྱིམ་འདི་ན། །
སྟོན་པ་རྨོངས་པའི་མྱི་གཟུགས་མང་བོས། །
ཕྱི་ཆོས་མཛེས་པ་གྲོང་ལ་ངོམ་ཀྱང༌། །
དུས་ཀྱི་རླུང་བུས་ཕར་འཁུར་ཚུར་འཁུར། །

གཉུག་མ་སེམས་ཀྱི་དེ་ཉིད་མ་མཐོང༌། །
ཆོས་ཉིད་རིགས་པའི་བརྡར་ཤ་མ་ཆོད། །
མགོ་རེག་བཙུན་པའི་གྲས་ལ་མ་ཚུད། །
མི་ཚོགས་ཁྲོད་ནས་ཅི་ཡང་མ་ཐོབ། །

སྒྱུ་མའི་འཇིག་རྟེན་སྡུག་གི་གྲོང་ཚོ། །
མྱི་ཆེན་འདི་ཚོའི་སྐྱིད་དེ་རྒྱག་ས། །
ཁེར་རྐྱང་འཚོ་བའི་སྨྲེང་བ་སབ་སིབ། །
གོང་མའི་ལྷ་ལ་ཞུ་སྐལ་མ་བྱུང༌། །

འཁོར་བའི་གྲོང་ཚོ་སྒུལ་བའི་བརྩེ་བ། །
ས་ཆེན་འདི་ཡི་རྡུལ་ལ་འབྱར་ཐལ། །
ཀུན་གཞིའི་རང་ཞལ་གསལ་དུ་སྟོན་པའི། །
སྐྱོབ་པའི་ལྷ་ཞིག་ཡེ་ནས་མི་འདུག ། 
                  སྒང་བ་བོད་ཀྱི་མྱི་ཆེན་གྱིས་བྲིས་པའོ། །

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་སྟོན་པ་རླུང་གིས་ཁུར་ཐལ།

2008-12-18 མྱི། ཀློག་གྲངས། མཆན ཡོད།

རི་དང་ལུང་བ་སྨག་གིས་བཏུམས་ནས། །
ས་ཆེན་འདི་ལ་མྱ་ངན་འཁོར་བྱུང༌། །
བཙུན་པ་ཞིག་གིས་སྨྲེང་བ་ཁྱེར་ཏེ། །
སྨྱོན་པའི་ལམ་ཁ་བཙན་གྱིས་ཉུལ་ཐལ། །

མཛེས་མའི་ཁྲོམ་ཆེན་འགྲིམ་པའི་མྱི་ལ། །
རང་ཚུགས་ཟེར་བ་རི་བོང་རྭ་རེད། །
བཙུན་པའི་གྲོང་ཚོ་རྡུལ་དུ་བརླགས་པས། །
དེ་རིང་སྟོན་པ་རླུང་གིས་ཁུར་ཐལ། །

ཆོས་དང་འཇིག་རྟེན་གཉིས་ཀའི་འཕྲང་ན། །
བླ་བཙུན་སྐྱི་བསེར་བུ་ཡུག་འཚུབ་འཚུབ། །
རྟེན་འབྱུང་འཁོར་བའི་ཐེམ་སྐས་རེ་ན། །
མོ་སར་ལང་ཚོས་འཇིགས་ཟིལ་མངོན་འདུག །

ལང་ཚོའི་གཞོན་ཤ་ཉི་ཟླས་ཟོས་པའི། །
དགོན་ཀོག་འཚོ་བ་བྱ་འཚོལ་བྱེའུ་འཚོལ། །
ཕྱི་མའི་ལམ་ཆེན་སྙེག་པའི་བཙུན་པ། །
སྟོན་པས་མ་ཐུབ་ཁྱིམ་ལ་བྲོས་ཐལ། །

སྙིགས་མའི་དུས་ཀྱི་གངས་ཁྱིམ་འདི་ན། །
སྟོན་པ་རྨོངས་པའི་མྱི་གཟུགས་མང་བོས། །
ཕྱི་ཆོས་མཛེས་པ་གྲོང་ལ་ངོམ་ཀྱང༌། །
དུས་ཀྱི་རླུང་བུས་ཕར་འཁུར་ཚུར་འཁུར། །

གཉུག་མ་སེམས་ཀྱི་དེ་ཉིད་མ་མཐོང༌། །
ཆོས་ཉིད་རིགས་པའི་བརྡར་ཤ་མ་ཆོད། །
མགོ་རེག་བཙུན་པའི་གྲས་ལ་མ་ཚུད། །
མི་ཚོགས་ཁྲོད་ནས་ཅི་ཡང་མ་ཐོབ། །

སྒྱུ་མའི་འཇིག་རྟེན་སྡུག་གི་གྲོང་ཚོ། །
མྱི་ཆེན་འདི་ཚོའི་སྐྱིད་དེ་རྒྱག་ས། །
ཁེར་རྐྱང་འཚོ་བའི་སྨྲེང་བ་སབ་སིབ། །
གོང་མའི་ལྷ་ལ་ཞུ་སྐལ་མ་བྱུང༌། །

འཁོར་བའི་གྲོང་ཚོ་སྒུལ་བའི་བརྩེ་བ། །
ས་ཆེན་འདི་ཡི་རྡུལ་ལ་འབྱར་ཐལ། །
ཀུན་གཞིའི་རང་ཞལ་གསལ་དུ་སྟོན་པའི། །
སྐྱོབ་པའི་ལྷ་ཞིག་ཡེ་ནས་མི་འདུག ། 
                  སྒང་བ་བོད་ཀྱི་མྱི་ཆེན་གྱིས་བྲིས་པའོ། །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།