མཚན་གུང་གི་ཁེར་བཤད།

ཟླ་འོད་ཀྱི་བསིལ་ཟེར་གྲོང་ཁྱེར་གྱི་ངོ་གདོང་ལ་ཕོག་དུས
ང་རང་བསིལ་རླུང་འཇམ་པོའི་རྒྱུ་ཕྱོགས་ལ་འགྲོགས་ནས
མཚན་མོ་ཞིག་གི་ལྷིང་འཇགས་ལ་ཡུན་གྱིས་སོང་ཚེ
ངལ་དུབ་གྱི་རྔུལ་ཆུས་ང་རང་ཕྱི་རློན་ནང་རློན་བྱས

གླུ་སྐད་ལྡབ་ལྡིབ་ཀྱི་སྐད་གསེང་དལ་བུར་གྱེར་བཞིན
རང་ཉིད་ཀྱི་འགྲོ་ལམ་ལ་ཕྱིར་མིག་ཅིག་འཕངས་དུས
ཡོད་ཚད་སྟོང་སོང་སྙམ་པའི་ཚོར་སྣང་ཞིག་ལས
ངའི་འཆར་སྣང་ཡོད་ཚད་རབ་རིབ་ཏུ་གྱུར་འདུག

ངའི་བླ་སྲོག་གི་རུས་རྐང་མཚན་མོའི་ངོ་གདོང་བཞིན
ཧ་ཅང་མི་གསལ་བའི་མག་མོག་ཅིག་ཏུ་གྱུར་ནའང
སེམས་ཀྱི་སྒུལ་ཤུགས་གཙང་བོའི་རླབས་སྒྲ་དང་མཉམ་དུ
རྨི་ལམ་མིན་པའི་རྨི་ལམ་ཞིག་གི་ཞིང་ཁམས་སྙེག་བཞིན་ཆས

གང་ལྟར དུས་ཚོད་ཀྱི་གོམ་འགྲོས་ཇི་ལྟར་མྱུར་ནའང
ཞུམ་མེད་ཀྱི་སྤོབས་པ་མཐོ་རུ་བཏེགས་ནས
རང་ཉིད་ཀྱི་ཕུགས་བསམ་ཕྱི་རུ་མངོན་པར
གོམ་པའི་འདེགས་འཇོག་ཆེ་རུ་སྤོ་བཞིན་ཡོད
                         ༢༠༠༨ ༥ ༡༦ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གུང་གི་ཁེར་བཤད།

2009-01-11 མཛོད་མེ་འབར། ཀློག་གྲངས། མཆན ཡོད།

ཟླ་འོད་ཀྱི་བསིལ་ཟེར་གྲོང་ཁྱེར་གྱི་ངོ་གདོང་ལ་ཕོག་དུས
ང་རང་བསིལ་རླུང་འཇམ་པོའི་རྒྱུ་ཕྱོགས་ལ་འགྲོགས་ནས
མཚན་མོ་ཞིག་གི་ལྷིང་འཇགས་ལ་ཡུན་གྱིས་སོང་ཚེ
ངལ་དུབ་གྱི་རྔུལ་ཆུས་ང་རང་ཕྱི་རློན་ནང་རློན་བྱས

གླུ་སྐད་ལྡབ་ལྡིབ་ཀྱི་སྐད་གསེང་དལ་བུར་གྱེར་བཞིན
རང་ཉིད་ཀྱི་འགྲོ་ལམ་ལ་ཕྱིར་མིག་ཅིག་འཕངས་དུས
ཡོད་ཚད་སྟོང་སོང་སྙམ་པའི་ཚོར་སྣང་ཞིག་ལས
ངའི་འཆར་སྣང་ཡོད་ཚད་རབ་རིབ་ཏུ་གྱུར་འདུག

ངའི་བླ་སྲོག་གི་རུས་རྐང་མཚན་མོའི་ངོ་གདོང་བཞིན
ཧ་ཅང་མི་གསལ་བའི་མག་མོག་ཅིག་ཏུ་གྱུར་ནའང
སེམས་ཀྱི་སྒུལ་ཤུགས་གཙང་བོའི་རླབས་སྒྲ་དང་མཉམ་དུ
རྨི་ལམ་མིན་པའི་རྨི་ལམ་ཞིག་གི་ཞིང་ཁམས་སྙེག་བཞིན་ཆས

གང་ལྟར དུས་ཚོད་ཀྱི་གོམ་འགྲོས་ཇི་ལྟར་མྱུར་ནའང
ཞུམ་མེད་ཀྱི་སྤོབས་པ་མཐོ་རུ་བཏེགས་ནས
རང་ཉིད་ཀྱི་ཕུགས་བསམ་ཕྱི་རུ་མངོན་པར
གོམ་པའི་འདེགས་འཇོག་ཆེ་རུ་སྤོ་བཞིན་ཡོད
                         ༢༠༠༨ ༥ ༡༦ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།