ཆར་བ་སྔར་ལྟར་འབབ་ཀྱིན་འདུག(ཞར་བཀོད་གཅིག་ཡོད)

ཆར་བ་སྔར་ལྟར་འབབ་ཀྱིན་འདུག
ཆར་ཐིགས་རེ་རེ ངས་
སུ་ཞིག་གི་ཕྱིར་དུ་ལྷུང་མྱོང་བའི་འཁྱག་སིབ་སིབ་ཀྱི
མིག་ཆུ་ཐིགས་པ་རེ་རེ་བཞིན
སྒེའུ་ཁུང་གི་ཕྱི་རོལ་ན ཤག་ཤག་ཏུ་འབབ་ཀྱིན་འདུག

ཆར་བ་ཤག་ཤག་ཏུ་འབབ་ཀྱིན་པའི་ནངས་མོ་དེར
ཁྱོད་ཀྱིས་ མིག་མཐའ་མཆི་མས་བརླན་བཞིན
“ང་སླར་འོང་སྲིད ཆར་བ་ཤག་ཤག་ཏུ་
འབབ་བཞིན་པའི་ཉིན་ཞིག་ལ ཉི་མ་བཞིན
ངས་ཁྱོད་ལ་མང་པོ་མང་པོ་ཞིག་ཁྱེར་བཞིན
ང་སླར་ཡང་ཁྱོད་ཀྱི་པང་དུ་ལོག་སྲིད་”ཟེར

ཁྱོད་དྲན་པའི་ཉིན་དང་མཚན་ལ ངས
ལྷིང་འཇགས་དང་ཁེར་རྐྱང་གི་དབུས་ནས
ཆར་བའི་ཤག་སྒྲ་ཁོ་ནར་ཉན་བཞིན ཁྱོད་ལ་སྒུག་ཚུལ
ཁྱོད་ཀྱིས་རི་རྩེ་ན་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་
དར་ལྕོག་ལ་དྲིས་ཆོག ཁྱོད་ཀྱིས་
རྒྱང་རིང་ལ་ལྷུང་ལྷུང་དུ་འབབ་བཞིན་པའི་
དྭངས་གཙང་གི་ཆུ་མོ་ལ་དྲིས་ཆོག

ངའི་རྒྱང་རིང་གི་མི་ཨ ཆར་བ་ཤག་ཤག་ཏུ་འབབ་བཞིན་པའི་
ཉིན་དང་མཚན་ལ ངས་
རྣ་བ་བླགས་ཏེ་ཁྱོད་ལ་ཡང་ཡང་ཉན་ནའང་
ངས་སྔར་ལྟར་ཁྱོད་ཀྱི་གོམ་སྒྲ་ཐོས་མ་བྱུང
ངས་སྔར་ལྟར་ཁྱོད་ཀྱི་གླུ་སྐད་ཐོས་མ་བྱུང་……

         ངས་ང་རང་བརྗེད་ཀྱིན་འདུག
སེམས་པ་འདི་ སྐབས་སྐབས་སུ
ཆུ་ནང་དུ་ལྷུང་སོང་བའི་མིག་ཆུ་ཐིགས་པ་རེ་རེ་བཞིན
ལག་པ་ཇི་ལྟར་བསྲིངས་ནའང་འཛིན་ཐབས་བྲལ

རོལ་དབྱངས་ཤིག་ལ་ཉན་བཞིན སེམས་པ་འདི
གནའ་སྔ་མོ་སྔ་མོ་ཞིག་ལ་ སུ་ཞིག་གིས་རྨས་ཟིན་པའི་
འཁྱག་སིབ་སིབ་ཀྱི་སེམས་པ་འདི་ ཇི་ལྟར་གསོས་ནའང་
སྔར་ལྟར་འཁྱག་སིབ་སིབ

སྙིང་ཉེ་ལགས ངས་ང་རང་བརྗེད་ཀྱིན་འདུག
ངས་ང་རང་གཏིང་བརྗེད་དུ་གྱུར་ཟིན་པའི་ཉིན་ཞིག་ལ
ཁྱོད་ཀྱིས་ཀྱང་ང་རང་གཏིང་བརྗེད་དུ་འགྱུར་རོགས
                                                            ༢༠༠༨·༥·༢༩


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ་སྔར་ལྟར་འབབ་ཀྱིན་འདུག(ཞར་བཀོད་གཅིག་ཡོད)

2009-01-11 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

ཆར་བ་སྔར་ལྟར་འབབ་ཀྱིན་འདུག
ཆར་ཐིགས་རེ་རེ ངས་
སུ་ཞིག་གི་ཕྱིར་དུ་ལྷུང་མྱོང་བའི་འཁྱག་སིབ་སིབ་ཀྱི
མིག་ཆུ་ཐིགས་པ་རེ་རེ་བཞིན
སྒེའུ་ཁུང་གི་ཕྱི་རོལ་ན ཤག་ཤག་ཏུ་འབབ་ཀྱིན་འདུག

ཆར་བ་ཤག་ཤག་ཏུ་འབབ་ཀྱིན་པའི་ནངས་མོ་དེར
ཁྱོད་ཀྱིས་ མིག་མཐའ་མཆི་མས་བརླན་བཞིན
“ང་སླར་འོང་སྲིད ཆར་བ་ཤག་ཤག་ཏུ་
འབབ་བཞིན་པའི་ཉིན་ཞིག་ལ ཉི་མ་བཞིན
ངས་ཁྱོད་ལ་མང་པོ་མང་པོ་ཞིག་ཁྱེར་བཞིན
ང་སླར་ཡང་ཁྱོད་ཀྱི་པང་དུ་ལོག་སྲིད་”ཟེར

ཁྱོད་དྲན་པའི་ཉིན་དང་མཚན་ལ ངས
ལྷིང་འཇགས་དང་ཁེར་རྐྱང་གི་དབུས་ནས
ཆར་བའི་ཤག་སྒྲ་ཁོ་ནར་ཉན་བཞིན ཁྱོད་ལ་སྒུག་ཚུལ
ཁྱོད་ཀྱིས་རི་རྩེ་ན་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་
དར་ལྕོག་ལ་དྲིས་ཆོག ཁྱོད་ཀྱིས་
རྒྱང་རིང་ལ་ལྷུང་ལྷུང་དུ་འབབ་བཞིན་པའི་
དྭངས་གཙང་གི་ཆུ་མོ་ལ་དྲིས་ཆོག

ངའི་རྒྱང་རིང་གི་མི་ཨ ཆར་བ་ཤག་ཤག་ཏུ་འབབ་བཞིན་པའི་
ཉིན་དང་མཚན་ལ ངས་
རྣ་བ་བླགས་ཏེ་ཁྱོད་ལ་ཡང་ཡང་ཉན་ནའང་
ངས་སྔར་ལྟར་ཁྱོད་ཀྱི་གོམ་སྒྲ་ཐོས་མ་བྱུང
ངས་སྔར་ལྟར་ཁྱོད་ཀྱི་གླུ་སྐད་ཐོས་མ་བྱུང་……

         ངས་ང་རང་བརྗེད་ཀྱིན་འདུག
སེམས་པ་འདི་ སྐབས་སྐབས་སུ
ཆུ་ནང་དུ་ལྷུང་སོང་བའི་མིག་ཆུ་ཐིགས་པ་རེ་རེ་བཞིན
ལག་པ་ཇི་ལྟར་བསྲིངས་ནའང་འཛིན་ཐབས་བྲལ

རོལ་དབྱངས་ཤིག་ལ་ཉན་བཞིན སེམས་པ་འདི
གནའ་སྔ་མོ་སྔ་མོ་ཞིག་ལ་ སུ་ཞིག་གིས་རྨས་ཟིན་པའི་
འཁྱག་སིབ་སིབ་ཀྱི་སེམས་པ་འདི་ ཇི་ལྟར་གསོས་ནའང་
སྔར་ལྟར་འཁྱག་སིབ་སིབ

སྙིང་ཉེ་ལགས ངས་ང་རང་བརྗེད་ཀྱིན་འདུག
ངས་ང་རང་གཏིང་བརྗེད་དུ་གྱུར་ཟིན་པའི་ཉིན་ཞིག་ལ
ཁྱོད་ཀྱིས་ཀྱང་ང་རང་གཏིང་བརྗེད་དུ་འགྱུར་རོགས
                                                            ༢༠༠༨·༥·༢༩


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།