ཟླ་འོད་འོག་གི་སེམས་འགྱུ་ཕྲ་མོ།

ཐོ་རེངས་སྐར་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-01-11

ཟླ་འོད་མག་མོག་གི་མཚན་ལྗོངས་ན།
ཀླུ་ཆབ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཡང༌།
བསམ་མནོ་གཞན་ལ་ཕྱོགས་པའི་གཡུ་སྦྲང་གཞོན་ནུའི་འཚོ་བ།
ཁེར་རྐྱང་གིས་རོལ་དགོས་བྱུང༌།
དོ་ནུབ།
ཀླུ་ཆབ་སྔོན་མོའི་འགྲམ་རྒྱུད་འདི་ནས།
ཁེར་རྐྱང་གི་ཁོ་བོར་འཆེལ་བའི་གནས་ཞིག་ཡོད་པ་ནི།
སྨན་ལྗོངས་ཆོས་བཟང་ལྷའི་དགའ་ཚལ་ན།
སྐུ་གཟུགས་སྦྲང་རྩིའི་རྒྱལ་མཚན་བཞིན་མཛེས་ཤིང༌།
སྐད་ངག་གི་འགྱུར་ཁུགས་གཞན་གསོས་བུ་མོ་བཞིན་སྙན་པ།
གསོང་བོར་སྨྲ་ཞིང་འཛུམ་པའི་མདངས་ཀྱིས་བསུ་མཁན་དེ།
ཆ་འཛོམས་སྒྲོལ་མ་རེད།
དོ་ནུབ། ཕྱིར་འདང་རེ་རྒྱབ་ན།
ཁོ་བོའི་སྟོང་བསམ་མང་བོ་ཞིག
ལོ་ཟླའི་ལྟེབ་ཁུག་རེ་རེ་ནས་འདས་ཟིན་ལ།
དམ་བཅའ་མང་བོ་ཞིག
དུས་ཚིགས་ཀྱི་འགྱུར་ལྡོག་ཁྲོད་ནས་རྒས་ཟིན་རུང༌།
ནམ་ཡང་ཁྱེད་ལ་སྒུག་ཡོད།
རྟག་ཏུ་ཁྱེད་ལ་བལྟས་ཡོད།
དོ་ནུབ།
སྐུད་མེ་ཁ་པར་ལས་ཁྱོད་ཀྱི་གནས་ཚུལ་རེ་ཐོས་ཐུབ་ཀྱང༌།
དེ་ནི་ངག་སྒྲོས་ཙམ་རེད།
དྲ་བའི་QQབརྒྱུད་ནས་ཁྱོད་ཀྱི་འཛུམས་མདངས་རེ་མཐོང་ཐུབ་ཀྱང༌།
དེ་ནི་བརྙན་རིས་ཙམ་རེད།
གང་ལྟར། དངོས་སུ་ཁྱོད་དང་འགྲོགས་ཐུབ་རེ་བྱུང་ན།
ངའི་འཚོ་བ་ལ་དོན་སྙིང་ཡོད་ལ།
ངའི་རེ་སྒུག་ཀྱང་འགྲུབ་སོང་བ་ཡིན།
དོ་ནུབ།
ཁྱོད་ཀྱིས་རི་རབ་དང་གཙང་བོ་ཁྲི་ཕྲག་གི་ཕ་རོལ་ན།
འུ་གཉིས་ཀྱི་བར་ཐག་རིང་བ་ལས་དབང་རུ་སྒོམ་ནས།
མྱུར་བར་ལྷན་འཛོམས་ཀྱི་འདུན་པ་རེ་བཅངས་ཡོད་ན།
ཁོ་བོས་དུང་ཟླའི་དཀར་ངོགས་ནས།
ཁྱེད་ཕྱོགས་སུ་གཏོར་བའི་བརྩེ་དུང་གི་འབྲས་བུ་དེ་དག
ཐུགས་བཅུད་དུ་སྨིན་པར་ཤོག ། 
            ༢༠༠༨ལོའི་ཟླ༣པའི་ཚེས༢༥ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་འོད་འོག་གི་སེམས་འགྱུ་ཕྲ་མོ།

2009-01-11 ཐོ་རེངས་སྐར་ཆེན། ཀློག་གྲངས། མཆན ཡོད།

ཟླ་འོད་མག་མོག་གི་མཚན་ལྗོངས་ན།
ཀླུ་ཆབ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཡང༌།
བསམ་མནོ་གཞན་ལ་ཕྱོགས་པའི་གཡུ་སྦྲང་གཞོན་ནུའི་འཚོ་བ།
ཁེར་རྐྱང་གིས་རོལ་དགོས་བྱུང༌།
དོ་ནུབ།
ཀླུ་ཆབ་སྔོན་མོའི་འགྲམ་རྒྱུད་འདི་ནས།
ཁེར་རྐྱང་གི་ཁོ་བོར་འཆེལ་བའི་གནས་ཞིག་ཡོད་པ་ནི།
སྨན་ལྗོངས་ཆོས་བཟང་ལྷའི་དགའ་ཚལ་ན།
སྐུ་གཟུགས་སྦྲང་རྩིའི་རྒྱལ་མཚན་བཞིན་མཛེས་ཤིང༌།
སྐད་ངག་གི་འགྱུར་ཁུགས་གཞན་གསོས་བུ་མོ་བཞིན་སྙན་པ།
གསོང་བོར་སྨྲ་ཞིང་འཛུམ་པའི་མདངས་ཀྱིས་བསུ་མཁན་དེ།
ཆ་འཛོམས་སྒྲོལ་མ་རེད།
དོ་ནུབ། ཕྱིར་འདང་རེ་རྒྱབ་ན།
ཁོ་བོའི་སྟོང་བསམ་མང་བོ་ཞིག
ལོ་ཟླའི་ལྟེབ་ཁུག་རེ་རེ་ནས་འདས་ཟིན་ལ།
དམ་བཅའ་མང་བོ་ཞིག
དུས་ཚིགས་ཀྱི་འགྱུར་ལྡོག་ཁྲོད་ནས་རྒས་ཟིན་རུང༌།
ནམ་ཡང་ཁྱེད་ལ་སྒུག་ཡོད།
རྟག་ཏུ་ཁྱེད་ལ་བལྟས་ཡོད།
དོ་ནུབ།
སྐུད་མེ་ཁ་པར་ལས་ཁྱོད་ཀྱི་གནས་ཚུལ་རེ་ཐོས་ཐུབ་ཀྱང༌།
དེ་ནི་ངག་སྒྲོས་ཙམ་རེད།
དྲ་བའི་QQབརྒྱུད་ནས་ཁྱོད་ཀྱི་འཛུམས་མདངས་རེ་མཐོང་ཐུབ་ཀྱང༌།
དེ་ནི་བརྙན་རིས་ཙམ་རེད།
གང་ལྟར། དངོས་སུ་ཁྱོད་དང་འགྲོགས་ཐུབ་རེ་བྱུང་ན།
ངའི་འཚོ་བ་ལ་དོན་སྙིང་ཡོད་ལ།
ངའི་རེ་སྒུག་ཀྱང་འགྲུབ་སོང་བ་ཡིན།
དོ་ནུབ།
ཁྱོད་ཀྱིས་རི་རབ་དང་གཙང་བོ་ཁྲི་ཕྲག་གི་ཕ་རོལ་ན།
འུ་གཉིས་ཀྱི་བར་ཐག་རིང་བ་ལས་དབང་རུ་སྒོམ་ནས།
མྱུར་བར་ལྷན་འཛོམས་ཀྱི་འདུན་པ་རེ་བཅངས་ཡོད་ན།
ཁོ་བོས་དུང་ཟླའི་དཀར་ངོགས་ནས།
ཁྱེད་ཕྱོགས་སུ་གཏོར་བའི་བརྩེ་དུང་གི་འབྲས་བུ་དེ་དག
ཐུགས་བཅུད་དུ་སྨིན་པར་ཤོག ། 
            ༢༠༠༨ལོའི་ཟླ༣པའི་ཚེས༢༥ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།