གྲོང་ཁྱེར་གྱི་སྣེ་ལེན་བྱེད་སྟངས་དེ།

དུད་སྤྲིན་གྱིས་ཁེབས་པའི་གྲོང་ཁྱེར་གྱི་བར་སྣང་ཇི་བཞིན
གྲོང་ཁྱེར་གྱི་ངོ་གདོང་འདི་དག
རིང་བོ་རིང་བོ་ཞིག་ནས་འཛུམ་ཙམ་ཡང་བྱས་མ་མྱོང་ཨང་
གྲོང་ཁྱེར་གྱི་བགྲེས་པོ་དང་བགྲེས་མོ
གྲོང་ཁྱེར་གྱི་ལས་བྱེད་པ་དང་ཚོང་བ
ཐ་ན་དཔེ་ཁུག་ཁུར་བའི་གྲོང་ཁྱེར་གྱི་བྱིས་པ་ཆུང་ངུ་འདི་ཚོས
ད་ནངས་ཞོགས་པར་མཐོ་སྒང་ནས་ཆས་འོངས་བའི་འབྲོག་མི་བདག་ལ
ཅུང་ཟད་འཛུམ་ནས་སྣེ་ལེན་རེ་བྱས་དང་མི་མཆོག་གམ
ལས་ཀའང་ཞིང་གྲོང་ལས་ཡང་བོ་འདུག་པས་དེ་ཡིས་བསྐྱེད་པའི་སེམས་ཁྲེལ་མིན་པ་འདྲ
སྐུ་ལུས་ལ་ཅེར་ནའང་ཧ་ཅང་གྲལ་དག་པའི་ཉམས་སྣང་རེ་སྟེར
འོ་ན ཁོ་ཚོས་ཅི་ཞིག་ལ་མདང་མ་ཕོག་པ་ཡིན་ནམ
ཆེ་ཆེར་རྫིག་རྫིག་བྱེད་པའམ་ངུ་ལ་ཁད་ཀྱི་ངོ་གདོང་འདི་དག
ང་དང་མཐོ་སྒང་བ་ཁོ་ན་ལ་སྣེ་ལེན་བྱེད་སྟངས་ཤིག་ཡིན་ནམ
དེ་ཡི་གཏམ་རྒྱུད་ང་ལ་ཅུང་ཙམ་གསལ་སྟེ
ཁོ་ཚོས་གནས་མལ་གཅིག་པའི་ཁོ་ཚོ་ཕན་ཚུན་གྱི་བར་དང་
རང་ཉིད་ཀྱི་ཆུང་མ་དང་བུ་ཕྲུག་དག་ལའང་འདི་ལྟར་སྣེ་ལེན་བྱས་ནས་འོངས་བ་མིན་ནམ
ཕལ་ཆེར་ཁོ་ཚོའི་བསམ་བློ་ལ་ནད་ཕོག་ཡོད་པ་འདྲ
འདུ་འཛི་ལས་འཕྲོས་པའི་ནད་ཅིག་ཕོག་ཡོད་པ་འདྲ
གྲོང་ཁྱེར་བ གྲོང་ཁྱེར་བ
ཁེར་ལབ་ཐུང་ངུ་ཞིག་གི་རྗེས་སུ
སླར་ཡང་རེ་ལྟོས་བྱེད་ས་ཞིག་ཡོད་པ་ནི་རང་ཉིད་ཀྱི་མིང་སྲིང་དག་སྟེ
ཁོ་ཚོས་ང་ལ་སྣེ་ལེན་ག་འདྲ་བྱེད་དམ
ཕལ་ཆེར་འདི་དག་དང་འདྲ་བ་ཡིན་སྲིད
བར་སྣང་དེས་ང་ལ་སུན་སྣང་སྦྱིན་བྱུང་ལ
བར་སྣང་འདྲ་བའི་ངོ་གདོང་དེ་ཚོས་ཀྱང་ང་ལ་སུན་སྣང་སྦྱིན་བྱུང་
གྲོང་ཁྱེར་བ འདི་ལྟར་སྣེ་ལེན་བྱས་པའི་མགྲོན་པོ་ག་ཚོད་ལྷག་འདུག་གམ

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་གྱི་སྣེ་ལེན་བྱེད་སྟངས་དེ།

2009-01-09 སེང་ཕྲུག ཀློག་གྲངས། མཆན ཡོད།

དུད་སྤྲིན་གྱིས་ཁེབས་པའི་གྲོང་ཁྱེར་གྱི་བར་སྣང་ཇི་བཞིན
གྲོང་ཁྱེར་གྱི་ངོ་གདོང་འདི་དག
རིང་བོ་རིང་བོ་ཞིག་ནས་འཛུམ་ཙམ་ཡང་བྱས་མ་མྱོང་ཨང་
གྲོང་ཁྱེར་གྱི་བགྲེས་པོ་དང་བགྲེས་མོ
གྲོང་ཁྱེར་གྱི་ལས་བྱེད་པ་དང་ཚོང་བ
ཐ་ན་དཔེ་ཁུག་ཁུར་བའི་གྲོང་ཁྱེར་གྱི་བྱིས་པ་ཆུང་ངུ་འདི་ཚོས
ད་ནངས་ཞོགས་པར་མཐོ་སྒང་ནས་ཆས་འོངས་བའི་འབྲོག་མི་བདག་ལ
ཅུང་ཟད་འཛུམ་ནས་སྣེ་ལེན་རེ་བྱས་དང་མི་མཆོག་གམ
ལས་ཀའང་ཞིང་གྲོང་ལས་ཡང་བོ་འདུག་པས་དེ་ཡིས་བསྐྱེད་པའི་སེམས་ཁྲེལ་མིན་པ་འདྲ
སྐུ་ལུས་ལ་ཅེར་ནའང་ཧ་ཅང་གྲལ་དག་པའི་ཉམས་སྣང་རེ་སྟེར
འོ་ན ཁོ་ཚོས་ཅི་ཞིག་ལ་མདང་མ་ཕོག་པ་ཡིན་ནམ
ཆེ་ཆེར་རྫིག་རྫིག་བྱེད་པའམ་ངུ་ལ་ཁད་ཀྱི་ངོ་གདོང་འདི་དག
ང་དང་མཐོ་སྒང་བ་ཁོ་ན་ལ་སྣེ་ལེན་བྱེད་སྟངས་ཤིག་ཡིན་ནམ
དེ་ཡི་གཏམ་རྒྱུད་ང་ལ་ཅུང་ཙམ་གསལ་སྟེ
ཁོ་ཚོས་གནས་མལ་གཅིག་པའི་ཁོ་ཚོ་ཕན་ཚུན་གྱི་བར་དང་
རང་ཉིད་ཀྱི་ཆུང་མ་དང་བུ་ཕྲུག་དག་ལའང་འདི་ལྟར་སྣེ་ལེན་བྱས་ནས་འོངས་བ་མིན་ནམ
ཕལ་ཆེར་ཁོ་ཚོའི་བསམ་བློ་ལ་ནད་ཕོག་ཡོད་པ་འདྲ
འདུ་འཛི་ལས་འཕྲོས་པའི་ནད་ཅིག་ཕོག་ཡོད་པ་འདྲ
གྲོང་ཁྱེར་བ གྲོང་ཁྱེར་བ
ཁེར་ལབ་ཐུང་ངུ་ཞིག་གི་རྗེས་སུ
སླར་ཡང་རེ་ལྟོས་བྱེད་ས་ཞིག་ཡོད་པ་ནི་རང་ཉིད་ཀྱི་མིང་སྲིང་དག་སྟེ
ཁོ་ཚོས་ང་ལ་སྣེ་ལེན་ག་འདྲ་བྱེད་དམ
ཕལ་ཆེར་འདི་དག་དང་འདྲ་བ་ཡིན་སྲིད
བར་སྣང་དེས་ང་ལ་སུན་སྣང་སྦྱིན་བྱུང་ལ
བར་སྣང་འདྲ་བའི་ངོ་གདོང་དེ་ཚོས་ཀྱང་ང་ལ་སུན་སྣང་སྦྱིན་བྱུང་
གྲོང་ཁྱེར་བ འདི་ལྟར་སྣེ་ལེན་བྱས་པའི་མགྲོན་པོ་ག་ཚོད་ལྷག་འདུག་གམ

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།