རྒྱང་འབོད།

རྒྱང་ཐག་རིང་བའི་གཞིས་ཀ་ཞིག་ན
རྒྱང་གླུ་ལེན་བཞིན་པའི་རྒྱང་བཞུད་པ་ཁྱེད།
རྒྱང་རིང་གི་རི་ཆུ་ལ་ཆགས་པ་མིན་ན
ན་བུན་ཁྲོད་ཀྱི་ཕ་གཞིས་འདིར་མྱུར་དུ་ཕེབས་དང༌།
མིག་ཆུས་བརླན་པའི་ངའི་ཉམ་ཆུང་གི་འདྲེན་བྱེད་གཉིས་བོས
ནམ་ཡང་ཁྱེད་ལ་བལྟས་ཡོད།
སུ་ཞིག་གི་ཆེད་དུ་བླངས་པའི་དགའ་སྐྱོ་འདྲེས་མའི
སྣ་གླུ་ཐན་ཐུན་འདིས།
ང་ཚོའི་མུན་ནག་གི་འཚོ་བར
རབ་རིབ་ཀྱི་འོད་སྣང་ཞིག་བསྩལ་བྱུང༌།
གནས་ལུགས་ཁྲི་སྟོང་གི་བང་སོ་ན
རང་ལུས་ལ་རིན་ཐང་བོར་བའི་ང་དང་ངའི་སྤུན་ཟླ་ཚོས།
རང་བདེན་ཁྱུ་གཅིག་གི་མངར་ཁ་རྩོད་བཞིན
ཁྱེད་ཀྱི་འགྲོ་འོང་ལ་རྒྱང་ལྟ་བྱས་མོད།
སྨུག་སྤྲིན་ཁྲོད་རྒྱུ་བའི་ཁྱེད་ཉིད ནམ་ཡང་ཕེབས་མ་བྱུང༌།
རི་རབ་ལས་ལྕི་བའི་མནར་གཅོད་དང
གཙང་ཆབ་ལས་རིང་བའི་མིག་ཆུ
རྣམ་རྟོག་གིས་བཅིངས་བའི་སེམས་པ
དེ་དང་དེ་འདྲ་བ་ཐམས་ཅད།
རང་གི་ཉམ་ཆུང་བའི་གླུ་ངག་ལ་དྲངས་ནས
བདེན་གཏམ་དང་རྒྱུ་འབྲས་རྩོད་པའི་ཉིན་དེར
ཁྱེད་ལ་མཇལ་རིན་དུ་འབུལ་འདོད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་འབོད།

2009-01-09 སྤྲུལ་སྨྱོན། ཀློག་གྲངས། མཆན ཡོད།

རྒྱང་ཐག་རིང་བའི་གཞིས་ཀ་ཞིག་ན
རྒྱང་གླུ་ལེན་བཞིན་པའི་རྒྱང་བཞུད་པ་ཁྱེད།
རྒྱང་རིང་གི་རི་ཆུ་ལ་ཆགས་པ་མིན་ན
ན་བུན་ཁྲོད་ཀྱི་ཕ་གཞིས་འདིར་མྱུར་དུ་ཕེབས་དང༌།
མིག་ཆུས་བརླན་པའི་ངའི་ཉམ་ཆུང་གི་འདྲེན་བྱེད་གཉིས་བོས
ནམ་ཡང་ཁྱེད་ལ་བལྟས་ཡོད།
སུ་ཞིག་གི་ཆེད་དུ་བླངས་པའི་དགའ་སྐྱོ་འདྲེས་མའི
སྣ་གླུ་ཐན་ཐུན་འདིས།
ང་ཚོའི་མུན་ནག་གི་འཚོ་བར
རབ་རིབ་ཀྱི་འོད་སྣང་ཞིག་བསྩལ་བྱུང༌།
གནས་ལུགས་ཁྲི་སྟོང་གི་བང་སོ་ན
རང་ལུས་ལ་རིན་ཐང་བོར་བའི་ང་དང་ངའི་སྤུན་ཟླ་ཚོས།
རང་བདེན་ཁྱུ་གཅིག་གི་མངར་ཁ་རྩོད་བཞིན
ཁྱེད་ཀྱི་འགྲོ་འོང་ལ་རྒྱང་ལྟ་བྱས་མོད།
སྨུག་སྤྲིན་ཁྲོད་རྒྱུ་བའི་ཁྱེད་ཉིད ནམ་ཡང་ཕེབས་མ་བྱུང༌།
རི་རབ་ལས་ལྕི་བའི་མནར་གཅོད་དང
གཙང་ཆབ་ལས་རིང་བའི་མིག་ཆུ
རྣམ་རྟོག་གིས་བཅིངས་བའི་སེམས་པ
དེ་དང་དེ་འདྲ་བ་ཐམས་ཅད།
རང་གི་ཉམ་ཆུང་བའི་གླུ་ངག་ལ་དྲངས་ནས
བདེན་གཏམ་དང་རྒྱུ་འབྲས་རྩོད་པའི་ཉིན་དེར
ཁྱེད་ལ་མཇལ་རིན་དུ་འབུལ་འདོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།