དུར་ཁྲོད་ཀྱི་ཕ་རོལ་ན།

འཇམ་ཅག་གེར་བཞུར་བ་ནི་ཆུ་ཚོད་ཀྱི་བཞུར་འགྲོས་ཡིན་མོད།
དྲན་གདུང་འདི་དེ་ཙམ་གྱིས་ག་ལ་ཆོད་ཐུབ
མཁུར་འགོར་ག་ལེར་འོ་ཞིག་བྱེད་བསམ་པའི་གདུང་སེམས་དང་ལྷན
སྐད་ཅིག་རེ་རེ་ལ་བཟི་སྨན་ཧིབ་ཀྱིས་འཇིབ་ཀྱང
ཁྱོད་ནི་ནམ་ཡང་ཁྱོད་དེ
འཁྱག་ཤུར་ཤུར་གྱི་ཁྱོད་ཡིན
 
སྡུག་ཡུས་དེའི་བཞུར་སྟངས་ནི་འུ་གཉིས་ཀྱི་འབྲེལ་བ་དང་མཚུངས་ཤིང
ཆ་སྙོམས་མིན་པ་ནི་རྒྱུན་ལྡན་གྱི་འགྲོ་ལུགས་ཙམ་དུ་རློམ
ཚོད་ལྟ་ཐེངས་གཅིག་ནི་འདི་ལྟ་སྟེ
ཁྲག་དང་རྣག མཁའ་དབུགས་ཀྱི་དྭངས་མ་དག་རེད
ངོ་མ་ཁྱོད་ལ་བསོད་ནམས་མི་འདུག
བར་སྐབས་འདིར
འོད་ཆེམས་ཆེམས་འཕྲོ་བ་དག་གིས་ཀྱང
ཁྱོད་ལྟར་འཁྱག་ཤུར་ཤུར་གྱི་ལོ་ཟླ་ཞིག་དྲུད་ཡོང་བ
ང་ཁོ་ན་མ་གཏོགས་སུ་ལ་གསལ
 
ཁེར་འགྲོའི་སྣང་ཚུལ་ནི་བསམ་མི་ཐུབ་པ་ཞིག་རེད
ཡིན་ནའང་འུ་གཉིས་ལ་མཚོན་ན་དེ་ནི་རྒྱུན་ལྡན་ཞིག་ཡིན
ཁྱོད་ཀྱིས་ཁོ་དྲན་བཞིན་ཁེར་རྐྱང་ཡིན་ལ
ང་ཡིས་ཁྱོད་དྲན་བཞིན་ཁེར་རྐྱང་ཡིན
རྒྱུ་མཚན་དེའི་ཕྱིར
ཁྱོད་ལ་གཞན་གྱིས་གནང་བའི་འཚོ་བ་དང
ང་ལ་ཁྱོད་ཀྱིས་གནང་བའི་འཚོ་བ་ནི
ཀུ་རེ་ལྟ་བུ་ཞིག་ལས་ཝུ་ཆང་ཤེལ་ཕོར་གང་གི་རིན་ཐང་ཡང་མི་འདུག
 
མཚམས་འདིར་ཁོ་བོས་གཉན་གྱི་སྙན་རྩོམ་འབྲོང་ཀློག་བཞིན་ཡོད
སྙན་རྩོམ་འདི་ནི་སྒྲ་དབྱངས་ཤིག་དང་མཚུངས་ཤིང
ག་ལེར་ཁོ་བོའི་སྙིང་དབུས་ནས་གྲགས་བྱུང
སྙིང་དབུས་ནས་གྲགས་བཞིན་པ་ནི་ཁོང་ཁྲོ་ཞིག་སྟེ
མཐའ་དབུས་ཀྱི་དཀྱིལ་འཁོར་གཤགས་པའི་རལ་གྲི་གཡུག་ཐེངས་གཅིག་ཁོ་ན་རེད
 
གང་ཞིག་ན་ཐོག་མེད་ནས་བསགས་པའི་ལན་ཆགས་ཀྱི་ས་བོན་ཡོད་ན
དེའི་མཐའ་འཁོར་དུ་རྒྱུ་བཞིན་པ་ནི་ངའི་སྒལ་ཚིགས་སྟེང་གི་ཕྱི་མིག་གསོན་པོ་དེ་ཡིན་པས
ཁྲག་མདོག་གི་ཁྱོད་ཀྱི་མཁུར་འགོ་དེ་ནའང
སྡུག་སྣང་གི་བུ་ལོན་ཁོ་བོས་མཇལ་བཞིན་ཡོད
བླ་མེད་ཀྱི་བྲང་ཁོག་དེ་མཐོ་རུ་ཕྱེ་དང
ཁྱོད་ཀྱི་རེ་འདོད་མི་ཚིམ་པ་ཅི་ཡོད
 
འགྲོ་ལམ་གྱི་གདམ་ཀ་ནི་གལ་ཆེན་ཞིག་གཏན་ནས་མ་རེད
གལ་ཆེན་མིན་ཕྱིར་རྫུས་མའི་སླུ་བྲིད་ཀྱིས་ཅི་བྱེད
གདོང་འབག་ལ་སེན་འབྲད་བྱས་ཚེ་ཡང་བསྐྱར་གདོང་འབག་གཞན་ཞིག
དེ་བཞིན་ཁྱོད་ཀྱི་གདོང་འབག་དེ་ཡང
རྒྱ་ལམ་འགྲམ་གྱི་མེ་ཏོག་ལྟ་བུ་ཡིན་པས
ནམ་ཞིག་རླུང་བུ་གཡུག་ཐེངས་གཅིག་གིས་ཀྱང་གང་དུ་ཁུར་འགྲོ
དེའི་ཕྱིར་རང་སེམས་ལ་ནང་ཁྲིམས་མ་འཇོག
ང་ནི་ཁྱོད་ཀྱི་ན ང་མིར་གཏན་ནས་འཚང་མི་སྲིད
                
ང་དུར་ཁྲོད་ཀྱིས་རྡ་རམ་ཤ་ལ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུར་ཁྲོད་ཀྱི་ཕ་རོལ་ན།

2009-01-05 ང་དུར་ཁྲོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།