མ་ཎི་ལུང་བའི་རྟོགས་སད།

རྒྱན་དང་ཤོ་ལ་འཐམ་པའི་སྐུ་རྩེད་གཡེང་བས།།
གནམ་སའི་ལེའུ་སྒུལ་བའི་གོད་ཆག་མ་ཚོར།།
ཉི་ཟླའི་ཟིལ་ཤུགས་རྒུད་པའི་ལོ་ཟླའི་གཞོང་ནས།།
ས་ཆེན་སྨག་གིས་བཟུང་བ་ལས་ལ་བཅོལ་ཡོད།།

ཨོཾ་ཆེན་ཀ་བ་འགྱེལ་བའི་དུས་ཚིགས་སྐྱ་བོས།།
ཁྱིམ་གྱི་ལྷིང་འཇགས་རླུང་ཁའི་ཙག་ལ་བསྒྲེས་ཀྱང་།།
གསོན་པོའི་དབུགས་སྐད་ཆད་པའི་མུ་གེ་ཐང་དུ།།
བདེན་དོན་རུས་པ་འཐོར་བའི་ལོ་རྒྱུས་ལྷག་ཡོད།།

ས་གཞིར་བརྡབ་གསིག་ཐེབས་པའི་བྱུང་བ་སྡུག་པོ།།
ཁ་བའི་སེམས་རྩར་མིག་ཆུའི་རྡོ་རུ་གྲུབ་ཡོད།།
ཨ་ཇོ་ས་མཐར་ལྷགས་པའི་དྲན་གདུང་རིང་མོས།།
རི་དང་ལུང་བའི་མཚམས་ཚིགས་དམ་པོར་སྦྲེལ་ཡོད།།

འོད་ཀྱི་སྣང་བ་ཆད་པའི་མ་ཎི་ལུང་བ།།
རི་བོའི་ལྟོ་བ་ཕྲལ་བའི་འཕྲུལ་གྱིས་བཟུང་ཞིང་།།
གྲོག་མའི་མཁར་རྫོང་རྩིག་པའི་ཇུས་གཞི་བསྟར་བས།།
བདག་པོའི་ཞེ་ལ་འཁོན་པའི་ན་ཟུག་བཏབ་ཡོད།།

རྟོགས་སད་ལོ་ཟླའི་མེ་སོན་གཞི་ནས་འཁྲུངས་པས།།
ས་གཞི་བཙོན་ལ་ཤོར་བའི་གནས་ལུགས་རྟོགས་ཤིང་།།
སྲོག་གི་སྐུད་པ་ཆད་པའི་མྱ་ངན་ནག་པོ།།
མི་རབས་ཤིག་གི་སྙིང་ལ་རྡོག་པོར་གྲུབ་ཡོད།།

མེ་ལྕེའི་འཕྱུར་ཐེངས་ཤིག་གི་ཚ་རླབས་དྲོན་མོས།།
གོ་ལའི་ཟེ་བ་སྒུལ་བའི་གཏམ་རྒྱུད་བྲིས་ཤིང་།།
བདེན་པའི་དབྱངས་ལ་ཞེན་པའི་མིག་དང་རྣ་བར།།
རེ་འདུན་ཁྲག་ལ་བསྒྲེས་པའི་བདེན་དཔང་བྱས་ཡོད།།

རྒྱ་མཚོའི་མཐའ་རུ་གྱར་བའི་མེས་པོའི་བུ་རྒྱུད།།
འབྲོང་གི་གཤིས་ལ་འཁུ་བའི་རང་ཚུགས་བརླག་ཀྱང་།།
སྐྲ་ལོའི་ཁ་དོག་འགྱུར་བའི་དུས་ཀྱི་སུལ་ནས།།
སྦྲ་ནག་དྲོད་ཁོལ་གསོ་བར་རམ་འདེགས་མཛོད་ཅིག།                                    
                  
2008  12   16

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཎི་ལུང་བའི་རྟོགས་སད།

2009-01-05 ཤིས་ཚང་ལྗང་མྱུག ཀློག་གྲངས། མཆན ཡོད།

རྒྱན་དང་ཤོ་ལ་འཐམ་པའི་སྐུ་རྩེད་གཡེང་བས།།
གནམ་སའི་ལེའུ་སྒུལ་བའི་གོད་ཆག་མ་ཚོར།།
ཉི་ཟླའི་ཟིལ་ཤུགས་རྒུད་པའི་ལོ་ཟླའི་གཞོང་ནས།།
ས་ཆེན་སྨག་གིས་བཟུང་བ་ལས་ལ་བཅོལ་ཡོད།།

ཨོཾ་ཆེན་ཀ་བ་འགྱེལ་བའི་དུས་ཚིགས་སྐྱ་བོས།།
ཁྱིམ་གྱི་ལྷིང་འཇགས་རླུང་ཁའི་ཙག་ལ་བསྒྲེས་ཀྱང་།།
གསོན་པོའི་དབུགས་སྐད་ཆད་པའི་མུ་གེ་ཐང་དུ།།
བདེན་དོན་རུས་པ་འཐོར་བའི་ལོ་རྒྱུས་ལྷག་ཡོད།།

ས་གཞིར་བརྡབ་གསིག་ཐེབས་པའི་བྱུང་བ་སྡུག་པོ།།
ཁ་བའི་སེམས་རྩར་མིག་ཆུའི་རྡོ་རུ་གྲུབ་ཡོད།།
ཨ་ཇོ་ས་མཐར་ལྷགས་པའི་དྲན་གདུང་རིང་མོས།།
རི་དང་ལུང་བའི་མཚམས་ཚིགས་དམ་པོར་སྦྲེལ་ཡོད།།

འོད་ཀྱི་སྣང་བ་ཆད་པའི་མ་ཎི་ལུང་བ།།
རི་བོའི་ལྟོ་བ་ཕྲལ་བའི་འཕྲུལ་གྱིས་བཟུང་ཞིང་།།
གྲོག་མའི་མཁར་རྫོང་རྩིག་པའི་ཇུས་གཞི་བསྟར་བས།།
བདག་པོའི་ཞེ་ལ་འཁོན་པའི་ན་ཟུག་བཏབ་ཡོད།།

རྟོགས་སད་ལོ་ཟླའི་མེ་སོན་གཞི་ནས་འཁྲུངས་པས།།
ས་གཞི་བཙོན་ལ་ཤོར་བའི་གནས་ལུགས་རྟོགས་ཤིང་།།
སྲོག་གི་སྐུད་པ་ཆད་པའི་མྱ་ངན་ནག་པོ།།
མི་རབས་ཤིག་གི་སྙིང་ལ་རྡོག་པོར་གྲུབ་ཡོད།།

མེ་ལྕེའི་འཕྱུར་ཐེངས་ཤིག་གི་ཚ་རླབས་དྲོན་མོས།།
གོ་ལའི་ཟེ་བ་སྒུལ་བའི་གཏམ་རྒྱུད་བྲིས་ཤིང་།།
བདེན་པའི་དབྱངས་ལ་ཞེན་པའི་མིག་དང་རྣ་བར།།
རེ་འདུན་ཁྲག་ལ་བསྒྲེས་པའི་བདེན་དཔང་བྱས་ཡོད།།

རྒྱ་མཚོའི་མཐའ་རུ་གྱར་བའི་མེས་པོའི་བུ་རྒྱུད།།
འབྲོང་གི་གཤིས་ལ་འཁུ་བའི་རང་ཚུགས་བརླག་ཀྱང་།།
སྐྲ་ལོའི་ཁ་དོག་འགྱུར་བའི་དུས་ཀྱི་སུལ་ནས།།
སྦྲ་ནག་དྲོད་ཁོལ་གསོ་བར་རམ་འདེགས་མཛོད་ཅིག།                                    
                  
2008  12   16

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།