ང་ནི་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན།

ལྷ་སྡེ་སྲིན་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

ཡིད་སྐྱོ་ས་ནས་ཐ་མག་རེ་རྔུབ་ཅིང
ཁྱོད་རང་དྲན་ས་ནས་ཁེར་ལབ་རེ་བྱས་ཚེ
ངའི་འཁོར་བ་ལྷིང་འཇགས་མིན་ལ
ངའི་མི་ཚེ་ལའང་གཡོ་འགུལ་ཐེངས་ཤིག་ཐེབས
མ་གཞི་འདི་ནི་སྤྱི་འགྲོས་ཤིག་ཡིན་ཡང་ཆོག་ལ
རྟགས་མཚུངས་ཤིག་རེད་ཀྱང་ཟེར
གང་ལྟར འགྲོས་སྟངས་ཤིག་གི་རྒྱབ་ལྗོངས་ནས
ཁྱོད་ང་ཡི་ཁ་གཏད་དུ་ལངས་ཤིང
ང་ཁྱོད་ཀྱི་ཉེ་འགྲམ་དུ་འཚོ་སྲིད

ངའི་སྙན་ངག་གི་བརྗོད་བྱ་རེ་འགའ
ཁྱོད་ཀྱི་འཚོ་ངོས་ལས་རྙེད་ཅིང
ངའི་སྙན་ངག་གི་འབོད་པ་འགའ་ཤས
ཁྱོད་ཀྱི་རྒྱབ་ཕྱོགས་ནས་རྙིང་སོང
ཡིན་ཡང ཁྱོད་ཀྱི་འདེགས་འཇོག་གི་གོམ་ཁ་རེ་རེ
གདོད་མའི་ཞིང་སར་སྤོས་ཏེ
ཡིད་སེམས་ཀྱིའབོད་པ་རེ་རེའང
ཐོག་མའི་བེམ་ཤེས་ལ་འཁྲེང་དུས
ཁྱོད་ནི་ཅི་འདྲའི་ཉམ་ཐག་ཞིག་དང
ང་ནི་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང

ཐོབ་འདོད་པ་ཞིག་གིས་ཨ་ལེན་མེད་ཅིང
འཚོ་འདོད་པ་ཞིག་གིས་ཡང་ཡང་སྒུལ་ཚེ
ང་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན
འགྲོ་སྟངས་འདི་ག་འདྲས་སྒྱུར་རུང
འཚོ་གནས་འདི་ཅི་འདྲའི་རྒུད་ཀྱང
ང་ནམ་ཡང་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན 
                       ༢༠༠༣ ༣ ༢༤ལ་ཆབ་ཆ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ནི་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན།

2008-12-31 ལྷ་སྡེ་སྲིན་སྲས། ཀློག་གྲངས། མཆན ཡོད།

ཡིད་སྐྱོ་ས་ནས་ཐ་མག་རེ་རྔུབ་ཅིང
ཁྱོད་རང་དྲན་ས་ནས་ཁེར་ལབ་རེ་བྱས་ཚེ
ངའི་འཁོར་བ་ལྷིང་འཇགས་མིན་ལ
ངའི་མི་ཚེ་ལའང་གཡོ་འགུལ་ཐེངས་ཤིག་ཐེབས
མ་གཞི་འདི་ནི་སྤྱི་འགྲོས་ཤིག་ཡིན་ཡང་ཆོག་ལ
རྟགས་མཚུངས་ཤིག་རེད་ཀྱང་ཟེར
གང་ལྟར འགྲོས་སྟངས་ཤིག་གི་རྒྱབ་ལྗོངས་ནས
ཁྱོད་ང་ཡི་ཁ་གཏད་དུ་ལངས་ཤིང
ང་ཁྱོད་ཀྱི་ཉེ་འགྲམ་དུ་འཚོ་སྲིད

ངའི་སྙན་ངག་གི་བརྗོད་བྱ་རེ་འགའ
ཁྱོད་ཀྱི་འཚོ་ངོས་ལས་རྙེད་ཅིང
ངའི་སྙན་ངག་གི་འབོད་པ་འགའ་ཤས
ཁྱོད་ཀྱི་རྒྱབ་ཕྱོགས་ནས་རྙིང་སོང
ཡིན་ཡང ཁྱོད་ཀྱི་འདེགས་འཇོག་གི་གོམ་ཁ་རེ་རེ
གདོད་མའི་ཞིང་སར་སྤོས་ཏེ
ཡིད་སེམས་ཀྱིའབོད་པ་རེ་རེའང
ཐོག་མའི་བེམ་ཤེས་ལ་འཁྲེང་དུས
ཁྱོད་ནི་ཅི་འདྲའི་ཉམ་ཐག་ཞིག་དང
ང་ནི་ཅི་འདྲའི་ཁེར་རྐྱང་ཞིག་རེད་ཨང

ཐོབ་འདོད་པ་ཞིག་གིས་ཨ་ལེན་མེད་ཅིང
འཚོ་འདོད་པ་ཞིག་གིས་ཡང་ཡང་སྒུལ་ཚེ
ང་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན
འགྲོ་སྟངས་འདི་ག་འདྲས་སྒྱུར་རུང
འཚོ་གནས་འདི་ཅི་འདྲའི་རྒུད་ཀྱང
ང་ནམ་ཡང་ཁྱོད་ཀྱི་ལུས་སྟེང་དུ་འཚོ་བའི་སྲིན་བུ་ཡིན 
                       ༢༠༠༣ ༣ ༢༤ལ་ཆབ་ཆ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།