ལྷ་བྱ།(ཞར་བཀོད་གཉིས་ཡོད)

བསྟན་འཛིན་ཤེས་རབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

ཞོགས་པར།  མངོན་སུམ་ལྟ་བུའི་རྨི་ལམ་ཞིག་རྨིས་བྱུང༌།
ཁ་བ་ལྟར་དཀར་བའི་ལྷ་བྱ་ཞིག་རྨིས་བྱུང༌།
ལྷ་བྱ་དེ་ཞི་འཇགས་ཀྱི་མཁའ་དབྱིངས་ན་ལྷོད་བག་གིས་འཕུར།
ལྷོད་བག་གིས་འཕུར་གྱིན་པའི་བྱ་ཚོགས་གྱི་སེམས་པ་དྲོད་ཀྱིས་ཁེངས།
ལྷ་བྱས་བྱ་ཚོགས་ཁྲིད་དེ་གནམ་འཕང་གཅོད།
བྱམས་བརྩེ་དང་ཞི་བདེ་བསྣབས་པའི་ལྷ་བྱས།
ཀུན་ཁྱབ་སེམས་ཁུར་གྱིས་མི་ཡུལ་ལ་ཡང་ཡང་གཟིགས།
ཞི་བདེའི་སྙན་འཇེབས་ཀྱི་གླུ་དབྱངས་མི་ཡུལ་ལ་ཡང་ཡང་ལེན།
 
            རྟོགས་ལྗོངས།
ཟླ་འོད་སྔར་བཞིན་མཁའ་དབྱིངས་ན་འཇམ་མོག་གེར་འཁྱིལ།
ངས་རྨི་ལམ་གྱི་མི་ཚོགས་ལ་ཕར་རྒྱུགས་ཞེས་བཤད།
ངོས་མི་ཟིན་པའི་སྤྲིན་ཚོགས་ཡོམ་ཡོམ་འགུལ་ཞིང༌།
རྩྭ་ཐང་ལྟ་བུའི་མཉེན་འཇམ་གྱི་ལག་ཟུང་ཕྱོགས་བཞིར་བརྐྱངས།
 
ཕར་ངོགས་སུ། མིག་ཟུང་གཡོ་བའི་གྲིབ་མ་ཚོགས་ནི་ཧབ་དགོད་ཀྱིས་གཟིར།
ལོ་ཟླའི་གཙང་ཆེན་གྱི་རྒྱབ་རོལ་ན།
རང་ཉིད་མི་འཁྱོག་པའི་འཇག་ལོ་དག་གིས་ཟིལ་ཤུགས་ངོམ།
 
                  འདྲེ་མགོ་རྡོ།
འདྲེ་མགོ་རྡོ།    ངན་རེངས་ཀྱི་རྩེད་མཚར་ཞིག་གིས་སྙད་པའི་ཁ་ཚིག་ཡིན།
ཡ་མེད་ཀྱི་སྤྱོད་པ་མོད་པོའི་བར་གླེགས་ན།
མགོ་བོ་དམར་བོ་དེ་འཕྲེད་ཀྱིས་སྐོར་བཞིན་ཡོད་དམ།
 
འདྲེ་མགོ་རྡོ།   དྲུག་ཅུའི་རྒན་པོ་ཞིག་གི་རང་མདོག་མངོན་མོད།
ཨག་མིག་ལང་ལིང༌།   མཛེས་མ་མང་བོའི་ངོ་གདོང་གི་མེ་ཏོག་བཏུས།
འདྲེ་མགོ་རྡོ།   རང་ཉིད་ཀྱི་མགོ་བོ་མཁྲེགས་རབས་དང་དཔུང་བ་སྦོམ་རབས་བཤད་དེ།
རྒྱང་རིང་གི་འཕྲིན་ལམ་སྟེང་འདུར་རྒྱུགས་བྱེད།
 
འདྲེ་མགོ་རྡོ།   ཁ་པར་སྡོམ་པོའི་གླུ་སྐད་སྙན་མོས།
ཁྱེད་ཀྱི་མགོ་བོ་ལིང་གིས་བསྐོར་མོད།   ཁྱེད་ཀྱིས་གཏན་ནས་ཁས་ལེན་བྱེད་མི་སྲིད།
 
འདྲེ་མགོ་རྡོ།    ད་ལྟ་ཁྱེད་ཀྱིས་རྒྱང་རིང་གི་ཡུལ་གྲུ་དེ་རུ།
དབྱར་ཁའི་ཚ་སྡུག་གིས་བཟིར་བའི་ལྗང་མྱུག་གི་ལོ་མ་བཞིན།
མགོ་བོ་མནར་མནར་གཡུག་བཞིན་མཆིས་སམ།
ཁྲུས་ཁང་གང་ཞིག་གི་སྒོ་ལམ་ན།  ཁང་བརྩེགས་ཀྱི་རིམ་པ་བརྩི་བཞིན་ཨེ་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱ།(ཞར་བཀོད་གཉིས་ཡོད)

2008-12-31 བསྟན་འཛིན་ཤེས་རབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།