མགྲིན་པར་འབྱར་བའི་ཁྲག་ཐིགས།

ཤིས་ཚང་མགོན་པོ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

ཁྲག་ཐིགས གཅིག་རེ གཉིས་རེ
དོ་ནུབ མགྲིན་པའི་བར་སྣང་ནི་ཁྲག་གི་ཐིགས་པ་འཛར་བའི་མཚན་མོ་རེད

ཁ་བ་ལ་འབབ་ལྷོད་མེད་པའི་མཚན་ལྗོངས་འདི་དག་ལ
ཉི་མ་དང་ཟླ་བ་ཡང བདག་གི་སེམས་ཁོང་ལ་ལྷུང་བའི་མེ་ཟླུམ་ཟུང་ཅིག་ཡིན

གཏམ་རྒྱུད་ལ་ཉན་ན སྙིང་ཉེ་བའི་གཅེས་ཕྲུག་ཚོ་རྐང་རྗེན་མིན་པའི་ངེས་པ་མེད་པས
གནས་ཚང་དྲོན་མོ་ཞིག་དང་འོ་ཇ་མངར་མོ་ཞིག
ཡང་ན དབྱངས་རྟ་གསོན་པོ་ཞིག
སུ་ཞིག་གིས་འུ་ཚོའི་མདུན་ཕྱོགས་སུ་གསལ་ལེར་བཤམས་ངེས་ཨང

ལྕེ་དང་མགྲིན་པ་ལ་ཁ་དོག་གཞན་ཞིག་འགོས་དུས
ཁ་བ་ཡང ཁྲག་ཐིགས་རེ་རེའི་ཚབ་ཏུ
ཁྱོད་ཚོའི་རྐང་རྗེས་བསུབ་མཁན་ལྷག་མ་དེ་ཡིན་ནམ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགྲིན་པར་འབྱར་བའི་ཁྲག་ཐིགས།

2008-12-31 ཤིས་ཚང་མགོན་པོ་སྐྱབས། ཀློག་གྲངས། མཆན ཡོད།

ཁྲག་ཐིགས གཅིག་རེ གཉིས་རེ
དོ་ནུབ མགྲིན་པའི་བར་སྣང་ནི་ཁྲག་གི་ཐིགས་པ་འཛར་བའི་མཚན་མོ་རེད

ཁ་བ་ལ་འབབ་ལྷོད་མེད་པའི་མཚན་ལྗོངས་འདི་དག་ལ
ཉི་མ་དང་ཟླ་བ་ཡང བདག་གི་སེམས་ཁོང་ལ་ལྷུང་བའི་མེ་ཟླུམ་ཟུང་ཅིག་ཡིན

གཏམ་རྒྱུད་ལ་ཉན་ན སྙིང་ཉེ་བའི་གཅེས་ཕྲུག་ཚོ་རྐང་རྗེན་མིན་པའི་ངེས་པ་མེད་པས
གནས་ཚང་དྲོན་མོ་ཞིག་དང་འོ་ཇ་མངར་མོ་ཞིག
ཡང་ན དབྱངས་རྟ་གསོན་པོ་ཞིག
སུ་ཞིག་གིས་འུ་ཚོའི་མདུན་ཕྱོགས་སུ་གསལ་ལེར་བཤམས་ངེས་ཨང

ལྕེ་དང་མགྲིན་པ་ལ་ཁ་དོག་གཞན་ཞིག་འགོས་དུས
ཁ་བ་ཡང ཁྲག་ཐིགས་རེ་རེའི་ཚབ་ཏུ
ཁྱོད་ཚོའི་རྐང་རྗེས་བསུབ་མཁན་ལྷག་མ་དེ་ཡིན་ནམ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།