མེ་ལོང་ནང་གི་འདྲེ།

འགྲམ་སོ་ཡིས་མ་ཆོད་པའི་དངོས་པོ་རྡོག་རྡོག་ཅིག
ངས་སྤྱང་ལྟོགས་བཞིན ཞེ་སྡང་གིས་མུར་མུར་རྗེས
ངས་ད་གཟོད གྱང་ལྡེབས་ན་དཔྱངས་ཡོད་པའི་
མེ་ལོང་ནང་གི་ཁྱོས
མིག་ཟུང་བགྲད་ནས་ང་ལ་ཧད་ཡོད་པ་དངོས་སུ་ཚོར་འོང་ཞིང་
ཁྱོད་ཀྱི་ཕྱིར་དུ ངས
རང་ཉིད་ཀྱི་ཡོད་ཚད
སྒོར་མོ་ཟེར་བའི་ལྗིད་ཏིག་ཏིག་གི་ཤོག་ལེབ་ཅིག་དང་
སྔར་ནས་བརྗེ་ཟིན་པའང་ག་ལེར་རྟོགས

ཆང་རག་གིས་བཟི་མྱོང་བའི་མཚན་མོ་ཞིག་ལ
མེ་ལོང་ནང་གི་ཁྱོས འདྲེ་བཞིན་དུ
ང་ལ་ཅེར་ནས་བགད་བགད་རྗེས
མཇུག་མཐར མིག་ཟུང་མཆི་མས་བརླན་བཞིན
ང་ལ་འདི་ལྟར་བརྗོད་མྱོང་སྟེ
“ངའི་ཁེར་རྐྱང་གི་མི་ཨ འཇིག་རྟེན་འདི་ནས
ཁྱོད་ཀྱིས་ཡོད་ཚད་བརྗེད་ཀྱང་ཆོག་མོད
ང་གཅིག་པུ་ཁྱོད་ཀྱིས་ནམ་ཡང་བརྗེད་མི་རུང་
འཇིག་རྟེན་འདི་ནས ང་མེད་ན་ཁྱོད་ཀྱང་ཡོད་མི་སྲིད་དོ”ཟེར

ཨ་ཨ ཁྱོད་ཀྱི་སླད་དུ_____
                         ༢༠༠༣.༡༠.༢༩

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ནང་གི་འདྲེ།

2008-12-31 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

འགྲམ་སོ་ཡིས་མ་ཆོད་པའི་དངོས་པོ་རྡོག་རྡོག་ཅིག
ངས་སྤྱང་ལྟོགས་བཞིན ཞེ་སྡང་གིས་མུར་མུར་རྗེས
ངས་ད་གཟོད གྱང་ལྡེབས་ན་དཔྱངས་ཡོད་པའི་
མེ་ལོང་ནང་གི་ཁྱོས
མིག་ཟུང་བགྲད་ནས་ང་ལ་ཧད་ཡོད་པ་དངོས་སུ་ཚོར་འོང་ཞིང་
ཁྱོད་ཀྱི་ཕྱིར་དུ ངས
རང་ཉིད་ཀྱི་ཡོད་ཚད
སྒོར་མོ་ཟེར་བའི་ལྗིད་ཏིག་ཏིག་གི་ཤོག་ལེབ་ཅིག་དང་
སྔར་ནས་བརྗེ་ཟིན་པའང་ག་ལེར་རྟོགས

ཆང་རག་གིས་བཟི་མྱོང་བའི་མཚན་མོ་ཞིག་ལ
མེ་ལོང་ནང་གི་ཁྱོས འདྲེ་བཞིན་དུ
ང་ལ་ཅེར་ནས་བགད་བགད་རྗེས
མཇུག་མཐར མིག་ཟུང་མཆི་མས་བརླན་བཞིན
ང་ལ་འདི་ལྟར་བརྗོད་མྱོང་སྟེ
“ངའི་ཁེར་རྐྱང་གི་མི་ཨ འཇིག་རྟེན་འདི་ནས
ཁྱོད་ཀྱིས་ཡོད་ཚད་བརྗེད་ཀྱང་ཆོག་མོད
ང་གཅིག་པུ་ཁྱོད་ཀྱིས་ནམ་ཡང་བརྗེད་མི་རུང་
འཇིག་རྟེན་འདི་ནས ང་མེད་ན་ཁྱོད་ཀྱང་ཡོད་མི་སྲིད་དོ”ཟེར

ཨ་ཨ ཁྱོད་ཀྱི་སླད་དུ_____
                         ༢༠༠༣.༡༠.༢༩

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།