རི་སྤྱང་དམར་བོ།

བསྟན་འཛིན་ཤེས་རབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

ལང་ལོང་འཕྱུར་བའི་སྨིག་སྤྲིན་ཕྱི་རོལ་ཏུ། །
ང་ཡིས་རི་སྤྱང་དམར་བོ་ལན་གསུམ་མཐོང༌། །
རི་སྤྱང་དམར་བོའི་རྒྱབ་གཟུགས་མཚར་བོ་ཡིས། །
ང་ཡི་ཚོར་བའི་རྒྱ་མཚོར་རླབས་ཤིག་བསླངས། །

རི་སྤྱང་དམར་བོ་མིག་མདུན་བརྒྱུད་དེ་ཕྱིན། །
ང་ཡིས་རི་སྤྱང་ཕྱོགས་སུ་ཡང་ཡང་བལྟས། །
རྔམ་ཞིང་བརྗིད་པའི་ལུས་དང་ཁ་དོག་ནི། །
མཚམས་སྤྲིན་དམར་བོ་མཁའ་ལ་ལྡིང་བ་ཞིན། །

རི་སྤྱང་དེ་ནི་འཚུབ་བེར་གཞན་དུ་སོང༌། །
ང་ཡིས་རི་སྤྱང་དམར་བོ་སེམས་ལ་བཞག །
རི་སྤྱང་དམར་བོའི་མདངས་དང་རྒྱབ་གཟུགས་ལ། །
ང་ཡིས་བག་ཆགས་ཐེབས་ལུགས་ནན་པོར་སྒོམ། །

རི་སྤྱང་རྔམ་པོར་རྒྱུ་བའི་སུམ་མདོ་རུ། །
ང་ཡི་སྒམ་པོའི་རང་ཚུགས་ཐེངས་གསུམ་ཤོར། །
རི་སྤྱང་དམར་བོའི་ངུ་ཟུག་གཉོམ་པོ་དེས། །
དུང་ཆུང་ལུ་གུའི་སྙིང་རྩ་འདར་བར་བྱས། །

རི་སྤྱང་དམར་བོ་བདག་གི་ཉེ་སར་ཕྱོགས། །
མཆེ་བ་དཀར་བོ་གངས་རིའི་ཕྲེང་བ་བཞིན། །
ཡང་ཡང་གླལ་བའི་ང་རོ་དྲག་པོ་ཡིས། །
བདག་ལ་འཇིགས་པའི་ཚོར་བ་ཡང་ཡང་བསླངས། །

རི་སྤྱང་དམར་བོའི་མིག་ཟུང་བདག་ལ་བགྲད། །
ལྷབ་ལྷབ་གཡོ་བའི་ལྕེ་ཞགས་དགུང་ནས་འཁྱུག །
ལྷོག་ལྷོག་འཕྱུར་བའི་ཁ་རླངས་དྲོན་མོ་ཡིས། །
ང་ཡི་ལུས་ཕུང་མེ་རུ་བསྲེགས་པ་བཞིན། །

རི་སྤྱང་དམར་བོའི་མིག་འོད་རྣོན་པོ་ཡིས། །
སྲིད་པའི་སྐྱེ་བོའི་ཚོགས་རྣམས་ཡུད་ཀྱིས་ཟོས། །
རི་སྤྱང་དར་མའི་ལུས་གཟུགས་མཚར་བོ་ལ། །
གླིང་འདིའི་སྐྱེ་བོ་སུ་ཡང་འཇིགས་ཤིང་སྐྲག །

རི་སྤྱང་དམར་བོ་མཚམས་རེར་ལྟོགས་པས་གཟིར། །
ཤ་རུས་དབྱེར་མེད་རྔམ་པོར་ཁམ་དུ་བགྱི། །
ཚུགས་མེད་མཇུག་མ་གཡུགས་པའི་རྣམ་པ་དེས། །
ང་ཡི་སེམས་ཀྱི་དར་ལྕོགས་འགྱེལ་བར་བྱས། །

རི་སྤྱང་དམར་བོ་རྒྱང་རིང་ཡུལ་དུ་བཞུད། །
ང་ཡི་གླིང་འདིར་ཞི་བདེའི་སྐལ་བ་ཐོབ། །
རྒྱང་རིང་ཡུལ་ནས་གླིང་ཕྲན་སྨུག་པོ་དེར། །
ཆག་འཇིག་རླུང་རླབས་གཡོས་པ་ཡང་ཡང་ཐོས། །

དེ་རིང་གློ་བུར་གླིང་འདི་ལང་ལོང་འཁྲིགས། །
ང་ཡི་ཤ་བ་སྨུག་ཆུང་དངངས་ཤིང་འགྲོས། །
ང་ཡི་སྐྱེད་ཚལ་སྣུམ་པོའི་ནང་རོལ་ཏུ། །
འཇིགས་རུང་རི་སྤྱང་ཚོགས་ཤིག་འོང་བ་མཐོང༌། །

རི་སྤྱང་དེ་ཡི་མིག་ཟུང་འོད་དུ་འཚེར། །
ཤིན་ཏུ་སྟུག་པའི་སྤུ་ཚོགས་ཡོམ་ཡོམ་གཡོ། །
དར་མའི་ལུས་གཟུགས་རྔམ་སིལ་དྲག་པོས་འགྱིང༌། །
བདག་སྙིང་འཇིགས་པས་ཚལ་བ་དགུ་རུ་གས། །

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་སྤྱང་དམར་བོ།

2008-12-31 བསྟན་འཛིན་ཤེས་རབ། ཀློག་གྲངས། མཆན ཡོད།

ལང་ལོང་འཕྱུར་བའི་སྨིག་སྤྲིན་ཕྱི་རོལ་ཏུ། །
ང་ཡིས་རི་སྤྱང་དམར་བོ་ལན་གསུམ་མཐོང༌། །
རི་སྤྱང་དམར་བོའི་རྒྱབ་གཟུགས་མཚར་བོ་ཡིས། །
ང་ཡི་ཚོར་བའི་རྒྱ་མཚོར་རླབས་ཤིག་བསླངས། །

རི་སྤྱང་དམར་བོ་མིག་མདུན་བརྒྱུད་དེ་ཕྱིན། །
ང་ཡིས་རི་སྤྱང་ཕྱོགས་སུ་ཡང་ཡང་བལྟས། །
རྔམ་ཞིང་བརྗིད་པའི་ལུས་དང་ཁ་དོག་ནི། །
མཚམས་སྤྲིན་དམར་བོ་མཁའ་ལ་ལྡིང་བ་ཞིན། །

རི་སྤྱང་དེ་ནི་འཚུབ་བེར་གཞན་དུ་སོང༌། །
ང་ཡིས་རི་སྤྱང་དམར་བོ་སེམས་ལ་བཞག །
རི་སྤྱང་དམར་བོའི་མདངས་དང་རྒྱབ་གཟུགས་ལ། །
ང་ཡིས་བག་ཆགས་ཐེབས་ལུགས་ནན་པོར་སྒོམ། །

རི་སྤྱང་རྔམ་པོར་རྒྱུ་བའི་སུམ་མདོ་རུ། །
ང་ཡི་སྒམ་པོའི་རང་ཚུགས་ཐེངས་གསུམ་ཤོར། །
རི་སྤྱང་དམར་བོའི་ངུ་ཟུག་གཉོམ་པོ་དེས། །
དུང་ཆུང་ལུ་གུའི་སྙིང་རྩ་འདར་བར་བྱས། །

རི་སྤྱང་དམར་བོ་བདག་གི་ཉེ་སར་ཕྱོགས། །
མཆེ་བ་དཀར་བོ་གངས་རིའི་ཕྲེང་བ་བཞིན། །
ཡང་ཡང་གླལ་བའི་ང་རོ་དྲག་པོ་ཡིས། །
བདག་ལ་འཇིགས་པའི་ཚོར་བ་ཡང་ཡང་བསླངས། །

རི་སྤྱང་དམར་བོའི་མིག་ཟུང་བདག་ལ་བགྲད། །
ལྷབ་ལྷབ་གཡོ་བའི་ལྕེ་ཞགས་དགུང་ནས་འཁྱུག །
ལྷོག་ལྷོག་འཕྱུར་བའི་ཁ་རླངས་དྲོན་མོ་ཡིས། །
ང་ཡི་ལུས་ཕུང་མེ་རུ་བསྲེགས་པ་བཞིན། །

རི་སྤྱང་དམར་བོའི་མིག་འོད་རྣོན་པོ་ཡིས། །
སྲིད་པའི་སྐྱེ་བོའི་ཚོགས་རྣམས་ཡུད་ཀྱིས་ཟོས། །
རི་སྤྱང་དར་མའི་ལུས་གཟུགས་མཚར་བོ་ལ། །
གླིང་འདིའི་སྐྱེ་བོ་སུ་ཡང་འཇིགས་ཤིང་སྐྲག །

རི་སྤྱང་དམར་བོ་མཚམས་རེར་ལྟོགས་པས་གཟིར། །
ཤ་རུས་དབྱེར་མེད་རྔམ་པོར་ཁམ་དུ་བགྱི། །
ཚུགས་མེད་མཇུག་མ་གཡུགས་པའི་རྣམ་པ་དེས། །
ང་ཡི་སེམས་ཀྱི་དར་ལྕོགས་འགྱེལ་བར་བྱས། །

རི་སྤྱང་དམར་བོ་རྒྱང་རིང་ཡུལ་དུ་བཞུད། །
ང་ཡི་གླིང་འདིར་ཞི་བདེའི་སྐལ་བ་ཐོབ། །
རྒྱང་རིང་ཡུལ་ནས་གླིང་ཕྲན་སྨུག་པོ་དེར། །
ཆག་འཇིག་རླུང་རླབས་གཡོས་པ་ཡང་ཡང་ཐོས། །

དེ་རིང་གློ་བུར་གླིང་འདི་ལང་ལོང་འཁྲིགས། །
ང་ཡི་ཤ་བ་སྨུག་ཆུང་དངངས་ཤིང་འགྲོས། །
ང་ཡི་སྐྱེད་ཚལ་སྣུམ་པོའི་ནང་རོལ་ཏུ། །
འཇིགས་རུང་རི་སྤྱང་ཚོགས་ཤིག་འོང་བ་མཐོང༌། །

རི་སྤྱང་དེ་ཡི་མིག་ཟུང་འོད་དུ་འཚེར། །
ཤིན་ཏུ་སྟུག་པའི་སྤུ་ཚོགས་ཡོམ་ཡོམ་གཡོ། །
དར་མའི་ལུས་གཟུགས་རྔམ་སིལ་དྲག་པོས་འགྱིང༌། །
བདག་སྙིང་འཇིགས་པས་ཚལ་བ་དགུ་རུ་གས། །

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།