དབྱར་གཞུང་གི་དཀྱིལ་ལ།

དབྱར་གཞུང་གི་དཀྱིལ་ལ། རང་དབང་ཅན་ག་ཚོད་ལྷག་ཡོད།
ཚུགས་ཐུབ་ཀྱིས་དཀྱིལ་དྲུང་བཅའ་བའི་སྐྱེས་ཆེན་ག་ཚོད་ཡོད།
འདོད་ཡོན་དང་ལོངས་སྤྱོད་ཆེ་རུ་འཕྱུར་འོངས་དུས།
བདེན་ལུགས་ལ་མགོ་བོ་སྒུར་མཁན་ག་ཚོད་ཡོད།
སུན་སྣང་དང་ཞེན་ལོག་གི་ཉམས་འགྱུར་སྟོན་མཁན་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ།

དབྱར་གཞུང་གི་དཀྱིལ་ལ། བསམ་བློ་བ་ག་ཚོད་ཡོད།
སེམས་པ་འདི་དྭངས་གཙང་གིས་བཀྲུ་འདོད་པ་ག་ཚོད་ཡོད།
སྔར་བཞིན་སྐུ་མདུན་དུ་མགོ་བོ་སྒུར་མཁན་ག་ཚོད་ཡོད།
ལབ་རྒྱག་རྒྱུར་འཛེམ་དོགས་གནང་བ་ག་ཚོད་ཡོད།
ཁྱི་སྡོམ་གྱི་བརྟུལ་ཞུགས་མི་འཛིན་པ་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ།

དབྱར་གཞུང་གི་དཀྱིལ་ལ། མི་རྣལ་མ་ག་ཚོད་ཡོད།
ལྷ་ཡི་རྨུ་ཐག་ལ་ནན་གྱིས་འཐམས་མཁན་ག་ཚོད་ཡོད།
ལེ་ལོ་དང་སྒྱིད་ལུག་ལ་སྡང་མིག་བགྲད་མཁན་ག་ཚོད་ཡོད།
སྔོན་ཆད་བསམ་བློ་བ་བཅོས་མྱོང་བར་འདོད་མཁན་ག་ཚོད་ཡོད།
སྔོན་ཆད་འཛམ་གླིང་ལ་སེམས་ཁུར་བྱས་པ་དྲན་མཁན་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ། 
                                           2008:5:20ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་གཞུང་གི་དཀྱིལ་ལ།

2008-12-31 སེང་ཕྲུག ཀློག་གྲངས། མཆན ཡོད།

དབྱར་གཞུང་གི་དཀྱིལ་ལ། རང་དབང་ཅན་ག་ཚོད་ལྷག་ཡོད།
ཚུགས་ཐུབ་ཀྱིས་དཀྱིལ་དྲུང་བཅའ་བའི་སྐྱེས་ཆེན་ག་ཚོད་ཡོད།
འདོད་ཡོན་དང་ལོངས་སྤྱོད་ཆེ་རུ་འཕྱུར་འོངས་དུས།
བདེན་ལུགས་ལ་མགོ་བོ་སྒུར་མཁན་ག་ཚོད་ཡོད།
སུན་སྣང་དང་ཞེན་ལོག་གི་ཉམས་འགྱུར་སྟོན་མཁན་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ།

དབྱར་གཞུང་གི་དཀྱིལ་ལ། བསམ་བློ་བ་ག་ཚོད་ཡོད།
སེམས་པ་འདི་དྭངས་གཙང་གིས་བཀྲུ་འདོད་པ་ག་ཚོད་ཡོད།
སྔར་བཞིན་སྐུ་མདུན་དུ་མགོ་བོ་སྒུར་མཁན་ག་ཚོད་ཡོད།
ལབ་རྒྱག་རྒྱུར་འཛེམ་དོགས་གནང་བ་ག་ཚོད་ཡོད།
ཁྱི་སྡོམ་གྱི་བརྟུལ་ཞུགས་མི་འཛིན་པ་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ།

དབྱར་གཞུང་གི་དཀྱིལ་ལ། མི་རྣལ་མ་ག་ཚོད་ཡོད།
ལྷ་ཡི་རྨུ་ཐག་ལ་ནན་གྱིས་འཐམས་མཁན་ག་ཚོད་ཡོད།
ལེ་ལོ་དང་སྒྱིད་ལུག་ལ་སྡང་མིག་བགྲད་མཁན་ག་ཚོད་ཡོད།
སྔོན་ཆད་བསམ་བློ་བ་བཅོས་མྱོང་བར་འདོད་མཁན་ག་ཚོད་ཡོད།
སྔོན་ཆད་འཛམ་གླིང་ལ་སེམས་ཁུར་བྱས་པ་དྲན་མཁན་ག་ཚོད་ཡོད།
ཅི་ཡང་མེད་དེ། དབྱར་གཞུང་ཡིན་པས་སོ། 
                                           2008:5:20ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།