སེམས་ཀྱིས་དཔགས་ཚོད།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-26

འདི་ནི་ཁྱེད་ཀྱིས་བདག་ལ་བྱིན་པའི་བདེ་བ་མ་ལགས་སྡུག་བསྔལ་ཡིན།།
ལྕགས་ཀྱིས་སྦྲེལ་བའི་ཨར་འདམ་གཟེབ་ནས་ཡུལ་ཕྱོགས་གང་དུ་བལྟས་ཀྱང་རུང༌།།

ཕ་ཡུལ་རེབ་གོང་ས་ཡི་སྟོད་སྨད་ཕྲན་གྱི་སྙིང་གི་མཐིལ་ནས་སྐྱེས།། 

ཡུན་རིང་དགུ་འདུས་གཙང་བོ་འཐུང་ནས་ལུས་ཀྱི་གཟི་མདངས་རྒྱས་ནའང༌།། 
སྔོན་གྱི་གཏམ་རྒྱུད་རྣ་བར་འཁྱིལ་ནས་མིག་གི་ལམ་དུ་ཤར་བ་ནི།།
ལྕགས་སླང་ནང་དུ་འགད་ལ་ཉེ་བའི་ནས་རྡོག་ཅིག་གི་འཚོ་བ་ཡིན།།

གནམ་ས་སྒོར་མོ་རང་ལ་དབང་བའི་ཧམ་སེམས་སྦུ་གུའི་སྣེ་མོ་ནས།།
ཤོག་ཁ་བཅུ་གཉིས་དབུགས་ཀྱིས་འདེད་པའི་སྟོན་གྱི་རླུང་ལོ་དམར་བོ་འདྲ།།
                               ༢༠༠༧ལོའི་ཟླ་༡༠བའི་ཚེས་༡༤ཉིན།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱིས་དཔགས་ཚོད།

2008-12-26 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

འདི་ནི་ཁྱེད་ཀྱིས་བདག་ལ་བྱིན་པའི་བདེ་བ་མ་ལགས་སྡུག་བསྔལ་ཡིན།།
ལྕགས་ཀྱིས་སྦྲེལ་བའི་ཨར་འདམ་གཟེབ་ནས་ཡུལ་ཕྱོགས་གང་དུ་བལྟས་ཀྱང་རུང༌།།

ཕ་ཡུལ་རེབ་གོང་ས་ཡི་སྟོད་སྨད་ཕྲན་གྱི་སྙིང་གི་མཐིལ་ནས་སྐྱེས།། 

ཡུན་རིང་དགུ་འདུས་གཙང་བོ་འཐུང་ནས་ལུས་ཀྱི་གཟི་མདངས་རྒྱས་ནའང༌།། 
སྔོན་གྱི་གཏམ་རྒྱུད་རྣ་བར་འཁྱིལ་ནས་མིག་གི་ལམ་དུ་ཤར་བ་ནི།།
ལྕགས་སླང་ནང་དུ་འགད་ལ་ཉེ་བའི་ནས་རྡོག་ཅིག་གི་འཚོ་བ་ཡིན།།

གནམ་ས་སྒོར་མོ་རང་ལ་དབང་བའི་ཧམ་སེམས་སྦུ་གུའི་སྣེ་མོ་ནས།།
ཤོག་ཁ་བཅུ་གཉིས་དབུགས་ཀྱིས་འདེད་པའི་སྟོན་གྱི་རླུང་ལོ་དམར་བོ་འདྲ།།
                               ༢༠༠༧ལོའི་ཟླ་༡༠བའི་ཚེས་༡༤ཉིན།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།