ཡལ་མེད་པའི་རྣམ་ཤེས།

               ______མཁས་མཆོག་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་ཡི་འཁོར་མོ་ཉེར་གཉིས་འདས་པར་རྗེས་དྲན་དུ།
ལོ་ངོ་ཉི་ཤུའི་སྔོན་གྱི་དེ་རིང་གི་ཉིན་འདིར།
རླུང་འཚུབ་ཅིག་གི་ལྡང་ཤུགས་ཀྱིས།
ལང་ཚོས་སྙེམས་པའི་ཚེ་སྲོག་ཤིག
མཁའ་རུ་སྤུར་སོང༌།
འོད་དུ་འཚེར་བའི་སྐར་ཆེན་ཞིག
གཏན་དུ་ཡལ་སོང༌།
འདི་ནི་མི་རིགས་ཤིག་གི་མིག་ཆུ་ཡིན་ལ།
དུས་རབས་ཤིག་གི་སྐྱོ་གར་ཡིན།

ཡིད་སྐྱོ་བའི་སྐྱོ་གར་ཞིག་འདི་ལྟར་བྱུང་སོང་ལ།
རླབས་ཆེ་བའི་སྤྲོ་གར་ཞིག་འདི་ལྟར་མགོ་བརྩམས་བྱུང༌།
ཉག་ཕྲ་བའི་ཚེ་སྲོག་ཤིག་འདི་ལྟར་བཞུད་སོང་ཡང༌།
རླབས་ཆེ་བའི་རྣམ་ཤེས་ཤིག་ད་དུང་ཡལ་མེད་པས།
ཐུང་ལ་རིང་བའི་མི་ལོ་ཉི་ཤུའི་རིང༌།
ལང་ཚོའི་རྦབ་ཆུའི་ཆལ་ཆིལ་འབབ་པའི་སྒྲ་དབྱངས་ཀྱིས།
འབྲོང་སྟག་ཐང་གི་གི་སྒྲ་ཟིལ་གྱིས་མནན་བྱུང་ལ།
རྒན་པོ་བློ་གྱོང་མི་རྟག་སྒྱུ་མའི་རྨི་ལམ་ལས་ཧར་གྱིས་དཀྲོགས།
སྤྲིན་དཀར་གྱི་འདབ་མའི་གྲིབ་བསིལ་གྱིས།
ཟད་ཀྱིས་བཅོམ་པའི་མེ་ཏོག་གི་འདབ་མ་སླར་ཡང་རྒྱས་པར་གྱུར།

ཡིན་ཡང༌། 
ཁྱེད་རང་བཞུད་པ་སྔ་དྲགས་བྱུང་ཡ།
ཡལ་མེད་པའི་རྣམ་ཤེས།
ཁྱེད་ཀྱིས་མི་ལོ་ཉི་ཤུའི་ལས་འཕྲོ་འཕྲེད་དུ་བཞག་ཏེ།
གང་ལ་བཞུད་སོང་ཡ།
སྨག་རུམ་གྱི་བང་རིམ་མཐུག་ས་འདིར།
ཁྱེད་ཀྱི་འོད་སྣང་མཁོ་འདུག་ལ།
ལྷགས་རླུང་གི་ངར་ཁ་རྩུབ་ས་འདིར།
དྲོད་ཀྱི་བསྟི་གནས་ཤིག་མཁོ་འདུག་ཡ།
ཀྱེ།   མཐོ་སྒང་གི་དཔའ་རྒོད།
ཡལ་མེད་པའི་རྣམ་ཤེས།
གསན་བྱུང་ངམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡལ་མེད་པའི་རྣམ་ཤེས།

2008-12-26 ཀླུ་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།