ལག་པས་སྙིང་ལ་རེག་ཚུལ།

ཤོག་པས་བཟོས་པའི་སྐྱ་མྱི་དག་གིས
མཁར་གྱང་གི་ཕྱི་རོལ་ནས་བདག་པོར་རྒོལ་བའི་ཀི་ཅོ་
སྣ་ཚོགས་འདེབས་པར་བྱེད
ཕོ་བྲང་ནང་གི་བཙུན་མོའི་རོ་སྒམ་དང་
གཏེར་དུ་སྦས་པའི་ལོ་རྒྱུས་ཀྱི་དཀར་ཆག་ཆེན་མོ་གཉིས
ཁྱི་གུ་ཞིག་གིས་བརྐུས་སོང་བ་སུ་ལ་གསང་ཨང
གཞིས་གཡོག་ཚོས་མི་རེ་རེའི་ལག་ཏུ་ལྕགས་ཀྱི་ཕོར་བ་རེ་བཟུང་སྟེ
དུས་རབས་ཀྱི་བདག་པོ་གཞན་ཞིག་ལ་ཁ་ཟས་སློང་རྒྱུ་ཟེར
རྒྱལ་དར་ངོས་སུ་བྲིས་པའི་རི་སྤྱང་གི་གཟུགས་བརྙན་དེས
སྡུག་བསྔལ་མཚོན་བྱེད་ཀྱི་མིག་ཆུ་མང་བོ་གཏོང་བཞིན་
རྒྱང་རིང་གི་གངས་ཁྲོད་ཅིག་ལ་བལྟས་འདུག
འདུ་ར་གཅིག་ཏུ་འཁོད་པའི་དཔའ་རྟུལ་ཚོའི་ལྟ་བ་གཅིག་མཐུན་མ་བྱུང
ལ་ལས་འཚོ་བ་སྐྱེལ་བྱེད་ཀྱི་རོལ་དབྱངས་ཤིག་བརྩོམ་རྒྱུ་ཟེར
ལ་ལས་ལོ་རྒྱུས་སྐུང་སའི་དུར་ཁྲོད་ཅིག་བསྐྲུན་རྒྱུ་ཟེར
ལ་ལས་ཁྱི་དང་མི་སེར་དཔུང་བསྡེབས་བྱས་ནས་
རྒྱལ་ཁབ་གཞན་ཞིག་ལ་འཐབ་འཁྲུག་བརྒྱག་རྒྱུ་ཟེར
སྐབས་དེར་རྩེ་ར་འགྲིམ་པའི་བྱིས་པ་ཚོས་ཀྱང་
ག་ལེར་ལག་པས་སྙིང་ལ་རེག་རྒྱུ་དྲན                                  
               ༢༠༠༧/༧/༢༡


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་པས་སྙིང་ལ་རེག་ཚུལ།

2008-12-26 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

ཤོག་པས་བཟོས་པའི་སྐྱ་མྱི་དག་གིས
མཁར་གྱང་གི་ཕྱི་རོལ་ནས་བདག་པོར་རྒོལ་བའི་ཀི་ཅོ་
སྣ་ཚོགས་འདེབས་པར་བྱེད
ཕོ་བྲང་ནང་གི་བཙུན་མོའི་རོ་སྒམ་དང་
གཏེར་དུ་སྦས་པའི་ལོ་རྒྱུས་ཀྱི་དཀར་ཆག་ཆེན་མོ་གཉིས
ཁྱི་གུ་ཞིག་གིས་བརྐུས་སོང་བ་སུ་ལ་གསང་ཨང
གཞིས་གཡོག་ཚོས་མི་རེ་རེའི་ལག་ཏུ་ལྕགས་ཀྱི་ཕོར་བ་རེ་བཟུང་སྟེ
དུས་རབས་ཀྱི་བདག་པོ་གཞན་ཞིག་ལ་ཁ་ཟས་སློང་རྒྱུ་ཟེར
རྒྱལ་དར་ངོས་སུ་བྲིས་པའི་རི་སྤྱང་གི་གཟུགས་བརྙན་དེས
སྡུག་བསྔལ་མཚོན་བྱེད་ཀྱི་མིག་ཆུ་མང་བོ་གཏོང་བཞིན་
རྒྱང་རིང་གི་གངས་ཁྲོད་ཅིག་ལ་བལྟས་འདུག
འདུ་ར་གཅིག་ཏུ་འཁོད་པའི་དཔའ་རྟུལ་ཚོའི་ལྟ་བ་གཅིག་མཐུན་མ་བྱུང
ལ་ལས་འཚོ་བ་སྐྱེལ་བྱེད་ཀྱི་རོལ་དབྱངས་ཤིག་བརྩོམ་རྒྱུ་ཟེར
ལ་ལས་ལོ་རྒྱུས་སྐུང་སའི་དུར་ཁྲོད་ཅིག་བསྐྲུན་རྒྱུ་ཟེར
ལ་ལས་ཁྱི་དང་མི་སེར་དཔུང་བསྡེབས་བྱས་ནས་
རྒྱལ་ཁབ་གཞན་ཞིག་ལ་འཐབ་འཁྲུག་བརྒྱག་རྒྱུ་ཟེར
སྐབས་དེར་རྩེ་ར་འགྲིམ་པའི་བྱིས་པ་ཚོས་ཀྱང་
ག་ལེར་ལག་པས་སྙིང་ལ་རེག་རྒྱུ་དྲན                                  
               ༢༠༠༧/༧/༢༡


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།