མྱི་ལ་མྱི་ཡོད་དམ།

ཁ་བཏགས་ལྟ་བུའི་སེམས་པ་ཐོགས་པའི་སྤྱང་ཀི
རླུང་གི་རྒྱུ་ཕྱོགས་ཀྱིས   ཤིང་ལོའི་ཤག་སྒྲ་དེས
མིག་ཤེལ་ཐོགས  ཇི་ལྟར་བལྟས་ཀྱང་མིག་ཟུང་མི་མཐོང་བའི་མིག་ཤེལ་ཐོགས
ལྟག་རྒྱབ་ན་འཚེར་བའི་རབ་རིབ་མོག་མོག
ཁ་བཏགས་ཀྱིས་གཡོགས་པའི་ནམ་མཁའ
མིག་ཤེལ་གྱིས་བཀབ་པའི་རྩྭ་ཐང

ནམ་མཁའ  བྱ་རྒོད་པོའི་གཤོག་ཟུང་བསྒྱུར་ས
རྩྭ་ཐང    རྟ་འདོ་བའི་བང་རྩལ་འགྲན་ས

སློབ་ཁྲིད་ལ་བཙན་ཚུགས་ཀྱིས་བསྡད་པའི་ཞི་མོ
ལས་བྱ་ཨུ་ཚུགས་ཀྱིས་འབྲི་བའི་ཞི་ལི
སྤྱང་ཀིར་ཕྱི་ཐིམ་བརྒྱབ་པའི་ལྷ་ཕྲུག་དར་མ

ཝེ         མྱི་ལ་མྱི་ཡོད་དམ
                          ༢༠༠༧   ༦   ༨  ཉིན་ལན་གྲུ་རུ།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱི་ལ་མྱི་ཡོད་དམ།

2008-12-26 དགེ་ཆོས། ཀློག་གྲངས། མཆན ཡོད།

ཁ་བཏགས་ལྟ་བུའི་སེམས་པ་ཐོགས་པའི་སྤྱང་ཀི
རླུང་གི་རྒྱུ་ཕྱོགས་ཀྱིས   ཤིང་ལོའི་ཤག་སྒྲ་དེས
མིག་ཤེལ་ཐོགས  ཇི་ལྟར་བལྟས་ཀྱང་མིག་ཟུང་མི་མཐོང་བའི་མིག་ཤེལ་ཐོགས
ལྟག་རྒྱབ་ན་འཚེར་བའི་རབ་རིབ་མོག་མོག
ཁ་བཏགས་ཀྱིས་གཡོགས་པའི་ནམ་མཁའ
མིག་ཤེལ་གྱིས་བཀབ་པའི་རྩྭ་ཐང

ནམ་མཁའ  བྱ་རྒོད་པོའི་གཤོག་ཟུང་བསྒྱུར་ས
རྩྭ་ཐང    རྟ་འདོ་བའི་བང་རྩལ་འགྲན་ས

སློབ་ཁྲིད་ལ་བཙན་ཚུགས་ཀྱིས་བསྡད་པའི་ཞི་མོ
ལས་བྱ་ཨུ་ཚུགས་ཀྱིས་འབྲི་བའི་ཞི་ལི
སྤྱང་ཀིར་ཕྱི་ཐིམ་བརྒྱབ་པའི་ལྷ་ཕྲུག་དར་མ

ཝེ         མྱི་ལ་མྱི་ཡོད་དམ
                          ༢༠༠༧   ༦   ༨  ཉིན་ལན་གྲུ་རུ།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།