མི་རྟག་པ།

དེ་རིང༌། བདག་གཅིག་བུ་ཁེར་རྐྱང་ཡིན་དྲགས་པས།
ཕྱིར་དྲན་གྱིས་དྲངས་ནས་སྤྱི་གླིང་དེའི་ནང་དུ་འཆམ་འཆམ་ལ་སོང༌།
ཏག་ཏག་ན་ནིང་ལོའི་དེ་རིང་གི་ཉིན་མོ་འདིར་ཡང༌།
ང་དང་མི་ལྔ་དྲུག་ཅིག་ལྷན་དུ་འདིར་འཆམ་འཆམ་ལ་འོངས་མྱོང༌།
ཁོ་ཚོ་ཚང་མ་ངའི་གཉེན་ཉེ་དང་གྲོགས་པོ་གང་དགའ་གང་བཟང་དག་ཡིན།
དེ་དུས། ང་ཚོའི་མཐའ་འཁོར་དུ་ད་དུང་ངོ་མི་ཤེས་པའི་མི་མང་བོ་ཞིག་ཀྱང༌།
གཉིས་གསུམ་དང་བཞི་ལྔ་རེ་འགྲོགས་ནས་འཆམ་འཆམ་ལ་འགྲོ་བཞིན་འདུག
ཡིན་ནའང༌། དེ་རིང་གི་ཉིན་མོ་འདིར།
བདག ཡང་བསྐྱར་གནས་འདིར་སླེབས་དུས།
སྤྱི་གླིང་གི་སྒོ་མོ་སྔར་བཞིན་རང་དབང་གིས་ཕྱེས་འདུག་མོད།
འཆམ་འཆམ་ལ་འགྲོ་མཁན་ང་རང་ཉིད་ལས་གཞན།
ངའི་ན་ནིང་གི་གཉེན་གྲོགས་བཟང་བོ་དག་ཁྱོན་ནས་མཐོང་རྒྱུ་མི་འདུག་ལ།
ཐ་ན་ངོ་མི་ཤེས་པའི་མི་དེ་ཚོའང་གཅིག་ཀྱང་མི་སྣང༌།
གལ་སྲིད། སང་ལོའི་དེ་རིང་གི་ཉིན་མོ་འདིར།
སྤྱི་གླིང་འདི་སྔར་བཞིན་གནས་ཚེ།
ང་རང་ཡང་བསྐྱར་གནས་འདིར་འཆམ་འཆམ་དུ་འོང་སྲིད་དམ།
                                   2008.7.1ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྟག་པ།

2009-02-15 གཟི་མིག་གསུམ་པ། ཀློག་གྲངས། མཆན ཡོད།

དེ་རིང༌། བདག་གཅིག་བུ་ཁེར་རྐྱང་ཡིན་དྲགས་པས།
ཕྱིར་དྲན་གྱིས་དྲངས་ནས་སྤྱི་གླིང་དེའི་ནང་དུ་འཆམ་འཆམ་ལ་སོང༌།
ཏག་ཏག་ན་ནིང་ལོའི་དེ་རིང་གི་ཉིན་མོ་འདིར་ཡང༌།
ང་དང་མི་ལྔ་དྲུག་ཅིག་ལྷན་དུ་འདིར་འཆམ་འཆམ་ལ་འོངས་མྱོང༌།
ཁོ་ཚོ་ཚང་མ་ངའི་གཉེན་ཉེ་དང་གྲོགས་པོ་གང་དགའ་གང་བཟང་དག་ཡིན།
དེ་དུས། ང་ཚོའི་མཐའ་འཁོར་དུ་ད་དུང་ངོ་མི་ཤེས་པའི་མི་མང་བོ་ཞིག་ཀྱང༌།
གཉིས་གསུམ་དང་བཞི་ལྔ་རེ་འགྲོགས་ནས་འཆམ་འཆམ་ལ་འགྲོ་བཞིན་འདུག
ཡིན་ནའང༌། དེ་རིང་གི་ཉིན་མོ་འདིར།
བདག ཡང་བསྐྱར་གནས་འདིར་སླེབས་དུས།
སྤྱི་གླིང་གི་སྒོ་མོ་སྔར་བཞིན་རང་དབང་གིས་ཕྱེས་འདུག་མོད།
འཆམ་འཆམ་ལ་འགྲོ་མཁན་ང་རང་ཉིད་ལས་གཞན།
ངའི་ན་ནིང་གི་གཉེན་གྲོགས་བཟང་བོ་དག་ཁྱོན་ནས་མཐོང་རྒྱུ་མི་འདུག་ལ།
ཐ་ན་ངོ་མི་ཤེས་པའི་མི་དེ་ཚོའང་གཅིག་ཀྱང་མི་སྣང༌།
གལ་སྲིད། སང་ལོའི་དེ་རིང་གི་ཉིན་མོ་འདིར།
སྤྱི་གླིང་འདི་སྔར་བཞིན་གནས་ཚེ།
ང་རང་ཡང་བསྐྱར་གནས་འདིར་འཆམ་འཆམ་དུ་འོང་སྲིད་དམ།
                                   2008.7.1ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།