གཉིད་མ་ཐུབ་པའི་གཏམ་རྒྱུད།

རོལ་དབྱངས་ཀྱི་སྒྲ་མུ་ནས་མུ་མཐུད་དེ་གྲགས
དེ་ནི་ཁང་མིག་ཆུང་ཆུང་འདིའི་འུར་ཟིང་ཡིན
མགོ་བོ་ཉལ་ཐུལ་གྱིས་བཀབ་སྟེ
གཉིད་དུ་ཡུར་བ་ལ་སྟ་གོན་གྲངས་མེད་བྱས་ཀྱང་
གཏན་ནས་གཉིད་ཐབས་མ་བྱུང་
གློག་སྒྲོན་གཟིམས་རྗེས
དལ་ཅག་གེར་རྒྱུ་བའི་ཟླ་བའི་འོད་མདངས
སྒེའུ་ཁུང་ལས
ཐད་ཀར་ངའི་གདོང་ལ་ཕོག
དེ་དུས
ཡོད་ཚད་སྟོང་བ་ལྟ་བུའི་འདུ་ཤེས་ཤིག་དབང་མེད་དུ་སྐྱེས་ནའང་
སྔས་འགོར་དལ་གྱིས་གྲགས་པའི་རོལ་དབྱངས་གིས
ང་ལ་སེམས་གསོ་ལྟ་བུའི་འདུག་གྲོགས་ཤིག་བྱས་སོང་
ཆུ་ཚོད་གཅིག ཆུ་ཚོད་གཉིས
ད་ནི་ཅི་བྱས་ཀྱང་གཉིད་འོངས་ཐབས་མི་འདུག
ཉལ་ཐུལ་ལ་བལྟས་རྗེས
མི་གཅིག་ལ་རྒྱ་ཁྱོན་ཆེ་སོང་བ་ལྟ་བུའི་སྣང་བ་ཤིག་སྟེར
འོན་ཀྱང་་་་་སྒོ་མོ་རྡུང་མཁན་ཅིག་ད་དུང་མ་ཐོན

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཉིད་མ་ཐུབ་པའི་གཏམ་རྒྱུད།

2009-02-15 རུས་དུང་། ཀློག་གྲངས། མཆན ཡོད།

རོལ་དབྱངས་ཀྱི་སྒྲ་མུ་ནས་མུ་མཐུད་དེ་གྲགས
དེ་ནི་ཁང་མིག་ཆུང་ཆུང་འདིའི་འུར་ཟིང་ཡིན
མགོ་བོ་ཉལ་ཐུལ་གྱིས་བཀབ་སྟེ
གཉིད་དུ་ཡུར་བ་ལ་སྟ་གོན་གྲངས་མེད་བྱས་ཀྱང་
གཏན་ནས་གཉིད་ཐབས་མ་བྱུང་
གློག་སྒྲོན་གཟིམས་རྗེས
དལ་ཅག་གེར་རྒྱུ་བའི་ཟླ་བའི་འོད་མདངས
སྒེའུ་ཁུང་ལས
ཐད་ཀར་ངའི་གདོང་ལ་ཕོག
དེ་དུས
ཡོད་ཚད་སྟོང་བ་ལྟ་བུའི་འདུ་ཤེས་ཤིག་དབང་མེད་དུ་སྐྱེས་ནའང་
སྔས་འགོར་དལ་གྱིས་གྲགས་པའི་རོལ་དབྱངས་གིས
ང་ལ་སེམས་གསོ་ལྟ་བུའི་འདུག་གྲོགས་ཤིག་བྱས་སོང་
ཆུ་ཚོད་གཅིག ཆུ་ཚོད་གཉིས
ད་ནི་ཅི་བྱས་ཀྱང་གཉིད་འོངས་ཐབས་མི་འདུག
ཉལ་ཐུལ་ལ་བལྟས་རྗེས
མི་གཅིག་ལ་རྒྱ་ཁྱོན་ཆེ་སོང་བ་ལྟ་བུའི་སྣང་བ་ཤིག་སྟེར
འོན་ཀྱང་་་་་སྒོ་མོ་རྡུང་མཁན་ཅིག་ད་དུང་མ་ཐོན

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།