བདག་གིས་QQདྲ་ལམ་བརྒྱུད་ནས་ཁྱོད་རང་བསྒུགས་ཡོད།

འདི་ནི་ཉི་འོད་དང་ཆར་རླུང་མེད་པའི་འཇིག་རྟེན་ཞིག་ཡིན་པ་འདྲ
འདི་ནི་ཡིད་ཆེས་དང་བསླུ་བྲིད་འདྲེས་མའི་དག་ཞིང་ཞིག་ཡིན་པ་འདྲ
ཁེར་རྐྱང་གི་གདུང་བ་སེལ་ཕྱིར     མི་སྐྱིད་པའི་སྐྱོ་བ་སང་ཆེད
བདག་གིས    ཁ་གཏད་དུ་ཡོད་ཡོད་འདྲ་བའི་ཁྱོད་ལ
ཡང་ན་རི་རབ་དང་གཙང་བོའི་ཆོད་པའི་གྲོང་ཁྱེར་གཞན་ཞིག་ན་ཡོད་པའི་ཁྱོད་ལ
སྨྲེང་སེམས་སྐུར་ན་འདོད་ཡོད      བདེ་འཚམས་དྲིས་ན་བསམ་ཡོད

འཚོ་བ་ཞེས་པའི་ཐ་སྙད་དེ་ཇི་ལྟར་བཀྲལ་ཅིང་མྱང་ན་ཡང
སྐྱོ་ངལ་དང་ཨ་ཐང་འཕྱུར་བའི་རེ་སྙེག་གི་སྙིང་གཏམ་ཁ་ཤས་ལས་མི་འདུག
སེམས་ཁུང་དུ་འཁྱུག་ཡོང་བའི་སྐད་ཆ་འདི་དག་ལ་དོག་འདྲི་ཅི་ཡང་མེད་པར
མཛུབ་རྩེ་བརྒྱུད་ནས་ཁྱོད་ཀྱི་ཕྱོགས་སུ་སྤུར་ཚར་རྗེས
སེམས་ཀྱི་ཕ་བོང་ཞིག་ས་ལ་བཞག་འདྲའི་ཚོར་སྣང་འདི་ཧ་ཅང་གི་བདེ་ཨང

ད་ལྟ   བདག་གིས་ཁ་གཏད་དུ་ཡོད་ཡོད་འདྲ་བའི་ཁྱོད་ལ    
བདག་གིས་སེམས་ཁུང་ན་འགུལ་གྱིན་པའི་ཁྱོད་ལ
ཁྱོད་ཀྱི་མདུན་ཕྱོགས་སུ་ཡོད་པའི་སྒེའུ་ཁུང་གི་ངོས་ལ་མི་ཤོང་བའི་གསང་བ་བཀྲོལ་ན་འདོད་པས
ཁྱོད་ཀྱིས་ཐེ་ཚོམ་དང་བཅས་གྱེས་བརྡ་མི་གཏོང་རོགས
བདག་གིས་ཁྱོད་ཀྱི་རུས་མིང་མི་ཤེས    ཁྱོད་ཀྱི་སྡོད་གནས་དང་ཁ་པར་ཨང་གྲངས་མི་ཤེས
བརྩེ་སེམས་ལྷུག་ལྷུག་གི་རི་མོ་འདི་དག
དྲོད་ཁོལ་མ་ཡལ་བའི་ཡི་གེའམ་འཁྱུག་བྲིས་འདི་དག
ཁྱོད་ཀྱི་མདུན་ཕྱོགས་སུ་ཡོད་པའི་ཤེལ་ལེབ་ཆེན་པོ་དེའི་ངོས་གྱི
སྒེའུ་ཁུང་ཆུང་ཆུང་དེ་ལས་འཛུམ་གྱིན་ཡོད་དམ

ནམ་རྒྱུན་ས་སྲོད་ལ་སླེབས་ཁ་མར    ནམ་རྒྱུན་ཐོ་རེངས་འཀྱོགས་ཁ་མར
བདག་གིས་QQདྲ་ལམ་བརྒྱུད་ནས་ཁྱོད་ལ་བསྒུག་ཡོད་པ་མ་བརྗེད་ཨང 
                                        2007/09/15མཚན་མོར་མི་སྐྱིད་གླིང་ནས། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གིས་QQདྲ་ལམ་བརྒྱུད་ནས་ཁྱོད་རང་བསྒུགས་ཡོད།

2009-01-30 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

འདི་ནི་ཉི་འོད་དང་ཆར་རླུང་མེད་པའི་འཇིག་རྟེན་ཞིག་ཡིན་པ་འདྲ
འདི་ནི་ཡིད་ཆེས་དང་བསླུ་བྲིད་འདྲེས་མའི་དག་ཞིང་ཞིག་ཡིན་པ་འདྲ
ཁེར་རྐྱང་གི་གདུང་བ་སེལ་ཕྱིར     མི་སྐྱིད་པའི་སྐྱོ་བ་སང་ཆེད
བདག་གིས    ཁ་གཏད་དུ་ཡོད་ཡོད་འདྲ་བའི་ཁྱོད་ལ
ཡང་ན་རི་རབ་དང་གཙང་བོའི་ཆོད་པའི་གྲོང་ཁྱེར་གཞན་ཞིག་ན་ཡོད་པའི་ཁྱོད་ལ
སྨྲེང་སེམས་སྐུར་ན་འདོད་ཡོད      བདེ་འཚམས་དྲིས་ན་བསམ་ཡོད

འཚོ་བ་ཞེས་པའི་ཐ་སྙད་དེ་ཇི་ལྟར་བཀྲལ་ཅིང་མྱང་ན་ཡང
སྐྱོ་ངལ་དང་ཨ་ཐང་འཕྱུར་བའི་རེ་སྙེག་གི་སྙིང་གཏམ་ཁ་ཤས་ལས་མི་འདུག
སེམས་ཁུང་དུ་འཁྱུག་ཡོང་བའི་སྐད་ཆ་འདི་དག་ལ་དོག་འདྲི་ཅི་ཡང་མེད་པར
མཛུབ་རྩེ་བརྒྱུད་ནས་ཁྱོད་ཀྱི་ཕྱོགས་སུ་སྤུར་ཚར་རྗེས
སེམས་ཀྱི་ཕ་བོང་ཞིག་ས་ལ་བཞག་འདྲའི་ཚོར་སྣང་འདི་ཧ་ཅང་གི་བདེ་ཨང

ད་ལྟ   བདག་གིས་ཁ་གཏད་དུ་ཡོད་ཡོད་འདྲ་བའི་ཁྱོད་ལ    
བདག་གིས་སེམས་ཁུང་ན་འགུལ་གྱིན་པའི་ཁྱོད་ལ
ཁྱོད་ཀྱི་མདུན་ཕྱོགས་སུ་ཡོད་པའི་སྒེའུ་ཁུང་གི་ངོས་ལ་མི་ཤོང་བའི་གསང་བ་བཀྲོལ་ན་འདོད་པས
ཁྱོད་ཀྱིས་ཐེ་ཚོམ་དང་བཅས་གྱེས་བརྡ་མི་གཏོང་རོགས
བདག་གིས་ཁྱོད་ཀྱི་རུས་མིང་མི་ཤེས    ཁྱོད་ཀྱི་སྡོད་གནས་དང་ཁ་པར་ཨང་གྲངས་མི་ཤེས
བརྩེ་སེམས་ལྷུག་ལྷུག་གི་རི་མོ་འདི་དག
དྲོད་ཁོལ་མ་ཡལ་བའི་ཡི་གེའམ་འཁྱུག་བྲིས་འདི་དག
ཁྱོད་ཀྱི་མདུན་ཕྱོགས་སུ་ཡོད་པའི་ཤེལ་ལེབ་ཆེན་པོ་དེའི་ངོས་གྱི
སྒེའུ་ཁུང་ཆུང་ཆུང་དེ་ལས་འཛུམ་གྱིན་ཡོད་དམ

ནམ་རྒྱུན་ས་སྲོད་ལ་སླེབས་ཁ་མར    ནམ་རྒྱུན་ཐོ་རེངས་འཀྱོགས་ཁ་མར
བདག་གིས་QQདྲ་ལམ་བརྒྱུད་ནས་ཁྱོད་ལ་བསྒུག་ཡོད་པ་མ་བརྗེད་ཨང 
                                        2007/09/15མཚན་མོར་མི་སྐྱིད་གླིང་ནས། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།